མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབང་པོ་སྐྱོན་ཅན་གྱི་ཨོ་རྩེད།༼པར།༽

བོད་ཀྱི་དུས་བབ།
༢༠༡༢/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp


ཟླ་འདིའི་ཕྱི་ཚེས་ ༢༩ ཉིན་དབྱིན་ཡུལ་ལོན་ཌོན་གྱི་རྒྱལ་སྤྱིའི་ཨོ་རྩེད་ར་བ་རུ་རྒྱལ་སྤྱིའི་དབང་བོ་སྐྱོན་ཅན་ཨོ་ལིམ་ཕིག་གི་རྩེད་འགྲན་ཐེངས་ ༡༤ པ་དེ་མགོ་འཛུགས་གནང་ཡོད་པ་དང་། ཉིན་དང་པོའི་དབུ་འབྱེད་མཛད་སྒོར་དབྱིན་ཇིའི་རྒྱལ་མོ་སྐུ་ཕྲེང་གཉིས་པ་ཨི་ལེ་རྫཱ་བྷེ་ཐི་མཆོག་གིས་དབུ་འབྱེད་གསུང་བཤད་གནང་ཡོད་འདུག

རྩེད་མོའི་རྣམ་གྲངས་ཁག་ལས་རྩེ་གྲས་དག་ལ་གསེར་དང་དངུལ་ཟངས་བཅས་ཀྱི་བྱ་དགའི་རྟགས་མ་སྤྲོད་ཀྱི་ཡོད་པ་ལྟར། འདས་པའི་ཉིན་གཉིས་རིང་གི་རྩེད་འགྲན་ནང་རྒྱ་ནག་ཨང་དང་པོ་དང་ཨོ་སི་ཊི་ལེ་ཡ་ཨང་གཉིས་པ། དབྱིན་ཡུལ་ཨང་གསུམ་པ། ཡུ་ཁི་རན་ཨང་བཞི་པ། འཇར་མིན་ཨང་ལྔ་པ། ར་ཤི་ཡ་ཨང་དྲུག་པ། ཨ་རི་ཨང་བདུན་པ། བྷར་རྫིལ་ཨང་བརྒྱད་པ། ཁེ་ན་ཌ་ཨང་དགུ་པ་བཅས་རེད།

དབུ་འབྱེད་མཛད་སྒོ་ཧ་ཅང་དྲ་རྒྱས་པོ་ཞིག་ཚོགས་ཡོད་པ་དང་། སྐུ་མགྲོན་དུ་དབྱིན་ཇིའི་རྒྱལ་མོ་(Queen Elizabeth II)མཆོག་གིས་གཙོས་རྒྱལ་སྲས་ (Prince William)མཆོག་དང་བཙུན་མོ་(Catherine)། དེ་བཞིན་འཛམ་གླིང་གི་གནམ་དཔྱད་རིག་པའི་མཚན་རིག་པ་གྲགས་ཆེན་དབང་བོ་སྐྱོན་ཅན་སི་ཊ་ཧྥིན་ཧོ་ཁེན་( Stephen Hawking)སོགས་ཕེབས་ཡོད་འདུག

ཐེངས་འདིའི་རྩེད་འགྲན་ནང་རྒྱལ་ཁབ་ ༡༦༤ ནས་དབང་པོ་སྐྱོན་ཅན་གྱི་རྩེད་མོ་བ་ ༤༢༩༤ ཙམ་འཛུལ་ཞུགས་གནང་ཡོད་པ་དང་། རྩེད་རིགས་རྣམ་གྲངས་ ༥༠༣ ཙམ་ཡོད་པ་ཁག་སྡེ་ཚན་ཆེ་བ་ ༢༠ རུ་བགོས་ཏེ། ཟླ་འདིའི་ཚེས་ ༢༩ ཉིན་མགོ་འཛུགས་དང་ཟླ་ ༩ ཚེས་ ༩ ཉིན་མཇུག་བསྡུ་རྒྱུ་ཡིན་འདུག

 

རྒྱ་ནག གསེར་གྱི་རྟགས་མ་ ༦ དང་། དངུལ་གྱི་རྟགས་མ་ ༦ ། ཟངས་ཀྱི་རྟགས་མ་ ༣ ། ཁྱོན་བསྡོམས་རྟགས་མ་ ༡༥ ཐོབ།

ཨོ་སི་ཊི་ལེ་ཡ། གསེར་གྱི་རྟགས་མ་ ༣ དང་། དངུལ་གྱི་རྟགས་མ་ ༣ ། ཟངས་ཀྱི་རྟགས་མ་ ༣ ། ཁྱོན་བསྡོམས་རྟགས་མ་ ༩ ཐོབ།

དབྱིན་ཡུལ། གསེར་གྱི་རྟགས་མ་ ༢ དང་། དངུལ་གྱི་རྟགས་མ་ ༣ ། ཟངས་ཀྱི་རྟགས་ ༢ ། ཁྱོན་བསྡོམས་རྟགས་མ་ ༧ ཐོབ།

ཡུ་ཁི་རེན། གསེར་གྱི་རྟགས་མ་ ༢ དང་། དངུལ་གྱི་རྟགས་མ་ ༢ ། ཟངས་ཀྱི་རྟགས་མ་ ༤ ། ཁྱོན་བསྡོམས་རྟགས་མ་ ༨ ཐོབ།

འཇར་མན། གསེར་གྱི་རྟགས་མ་ ༢ དང་། དངུལ་གྱི་རྟགས་མ་ ༢ ། ཟངས་ཀྱི་རྟགས་མ་ ༢ ། ཁྱོན་བསྡོམས་རྟགས་མ་ ༦ ཐོབ།

ར་ཤི་ཡ། གསེར་གྱི་རྟགས་མ་ ༢ དང་། དངུལ་གྱི་རྟགས་མ་ ༡ ། ཟངས་ཀྱི་རྟགས་མ་ ༡ ། ཁྱོན་བསྡོམས་རྟགས་མ་ ༤ ཐོབ།

ཨ་རི། གསེར་གྱི་རྟགས་མ་ ༡ དང་། དངུལ་གྱི་རྟགས་མ་ ༡ ། ཟངས་ཀྱི་རྟགས་མ་ ༤ ། ཁྱོན་བསྡོམས་རྟགས་མ་ ༦ བཅས་ཐོབ།

དབང་པོ་སྐྱོན་ཅན་གྱི་ཨོ་ལིམ་ཕིག་གི་རྩེད་འགྲན་ཐོག་མར་དབུ་བརྙས་ས་ཡང་དབྱིན་ཡུལ་ཡིན་པ་དང་། དེ་ནི་ཐོག་མར་དབྱིན་ཡུལ་དུ་( Stoke Mandeville Games)ཞེས་པའི་རྩེད་མོ་ཞིག་ཡོད་པ་དེ། ༡༩༤༨ ལོར་དབྱིན་ཡུལ་ནང་རྒྱལ་སྤྱིའི་ཨོ་རྩེད་འགྲན་ཚོགས་དང་དུས་མཉམ་ཁེལ་སྟབས། སི་ཌོཀ་མན་ཌེ་ཝེ་ལེ་རྩེད་མོ་ཞེས་པ་འཛམ་གླིང་དམག་ཆེན་གཉིས་པའི་ནང་རྨས་སྐྱོན་ཕོག་སྟེ་དབང་པོ་སྐྱོན་ཅན་ཆགས་པ་དག་གི་རྩེད་མོའི་ངོ་བོར་བསྒྱུར་ཏེ་ད་ལྟའི་བར་རྒྱུན་མཐུད་ཡོད་འདུག  

འབྲེལ་ཡོད་གསར་འགྱུར།

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན། བོད་ཀྱི་དུས་བབ་ཀྱི་པར།
Mobile App

གངས་སྐྱེས་སྒྲུབ་པ་སྐྱབས་དང་ཚེ་རིང་སྒྲོལ་མ་གཉིས་ཀྱི་འཕྲོད་བསྟེན་གནས་སྟངས་ཇེ་སྡུག་ཏུ་ཕྱིན།

ཆུ་ཚོད་ ༢༣ སྔོན་ལ།
Front Slider

སྐབས་ ༡༧ པའི་ལས་ཐོག་སྤྱི་འཐུས་ཁག་ཅིག་དང་གླེང་མོལ།

༢༠༢༦/༠༤/༡༨
Mobile App

ཨ་རི་དང་ཨི་རན་དམག་འཁྲུག་གི་ཆོས་པ་དང་སྲིད་དོན་པའི་རྩོད་རྙོག་མགོ་བཙུགས།

༢༠༢༦/༠༤/༡༧
བོད་རྨ་ཆུ་རྫོང་ཆུ་ཁ་མ་དགོན་པའི་དགེ་འདུན་པ་བསམ་གཏན་རྒྱ་མཚོ་ལགས་དང་འཇམ་དབྱངས་བསམ་གཏན་ལགས་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན།   པར་འབྲེལ་ཡོད་ནས་འདི་ག་དུས་བབ་ལ་མཁོ་སྤྲོད་བྱས།
Mobile App

དགེ་འདུན་པ་གཉིས་འཛིན་བཟུང་བྱས་ཏེ་ལོ་གཅིག་ལྷག་ཕྱིན་འདུག

༢༠༢༦/༠༤/༡༧
བསམ་ཚུལ།

ཀློག་དེབ་ལོ་ཙཱ་བ་དང་གྲོས་འདེབས་ཀྱི་གཏམ་ཟུར་གསུམ་མ།

༢༠༢༦/༠༤/༡༧
མོན་གྷོ་འདོད་རྒུ་གླིང་གི་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་རྟགས་མ་ཐོབ་སོང་། ཐད་གཏོང་ནས་པར་བླངས། ༢༠༢༦།༤།༡༦
Mobile App

མོན་གྷོ་འདོད་རྒུ་གླིང་རུ་ཁག་ལ་ལོ་གསུམ་བསྟུད་མར་རྒྱལ་ཡུམ་ཆེན་མོའི་དྲན་རྟེན་གསེར་གྱི་གཟེངས་རྟགས་ཐོབ།

༢༠༢༦/༠༤/༡༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese