མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རུ་ཎ་ཅཱལ་བོད་ཀྱི་ཡིན་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༨/༣༡
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་ཕྱི་ཚེས་
༣༠ ཉིན་ཨ་རུ་ཎ་ཅཱལ་མངའ་སྡེའི་ཕྱི་འབྲེལ་བློན་ཆེན་ཨེ་ཨ་མེ་ཌི་(E Ahamed) ཡིས་རྒྱ་གར་གྲོས་ཚོགས་གོང་མར་སྙན་ཞུ་ཞིག་ཕུལ་ཏེ། རྒྱ་ནག་གིས་རྒྱ་དཀར་ནག་གི་རྒྱལ་མཚམས་ལ་རྡོག་རོལ་བཏང་སྟེ། ཨ་རུ་ཎ་ཅཱལ་མངའ་སྡེ་ནི་བོད་ཀྱི་ལྷོ་ངོས་ས་ཁུལ་ཡིན་སྐོད་བཤད་དེ། རྒྱ་གར་བྱང་ཤར་ཁུལ་གྱི་སའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་དགུ་ ༩༠༠༠༠ ཙམ་རྒྱ་ཁོངས་ཡིན་པར་རྩོད་གླེང་གིས་ཧམ་བཟུང་བྱ་འཆར་ཡོད་སྐོར་བརྗོད་ཡོད་འདུག

འབྱུང་འགྱུར་ཕྱི་ཟླ་ ༩ ཚེས་ ༢ ཉིན་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་ལཱེང་ཀུང་ལའེ་(Liang Guanglie) རྒྱ་གར་དུ་ཡོང་རྒྱུ་ཡིན་པ་དང་། ཆབ་སྲིད་དཔྱད་བརྗོད་པ་ཚོས་སྐབས་དེར་རྒྱ་དཀར་ནག་གི་ས་མཚམས་སྐོར་ལ་གྲོས་མོལ་ཡོང་རྒྱུར་རེ་བ་བྱེད་ཀྱི་ཡོད་འདུག རྒྱ་གར་རྒྱལ་སྲུང་ལས་ཁུངས་ཀྱིས་ལོ་བདུན་གྱི་རྗེས་སུ་ཐེངས་དང་པོར་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་རྒྱ་གར་དུ་ཡོང་གི་ཡོད་པ་དང་། སྐབས་དེར་ཕྱོགས་གཉིས་ཀྱི་ཕྱི་འབྲེལ་དང་བདེ་སྲུང་སྲ་བརྟན་གཏོང་ཕྱོགས་ཐད་གྲོས་བསྡུར་བྱ་འཆར་ཡོད་སྐོར་བརྗོད་འདུག

རྒྱ་དཀར་ནག་གི་ས་མཚམས་ཐད་ཕྱོགས་གཉིས་བར་ཐེངས་མང་གྲོས་བསྡུར་དང་ཆིངས་ཡིག་སོགས་བཞག་ཡོད་ཀྱང་། ༢༠༡༠ ལོར་ཀཱ་ཤི་མར་གྱི་དམག་དཔོན་ཇཱ་སི་ཝལ་(B S Jaswal) རྒྱ་ནག་ཏུ་བསྐྱོད་རྒྱུར་རྒྱ་ནག་གིས་ཐོངས་མཆན་མ་སྤྲད་སྟབས། ཕྱོགས་གཉིས་པར་གྱི་མཐའ་མཚམས་རྩོད་གླེང་གི་གནས་བབས་ཇེ་སྡུག་ཏུ་ཕྱིན་ཡོད་ལ། དེ་ནི་རྒྱ་ནག་གིས་ཨ་རུ་ཎ་ཅཱལ་ཙམ་དུ་མ་ཟད་ཀ་ཤི་མར་ཡང་རྒྱ་ཁོངས་ཡིན་ཚུལ་གྱིས་དམག་དཔོན་ཁོང་ལ་ཐོངས་མཆན་མ་སྤྲད་པ་ཞིག་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་དུ་རྩོམ་པ་པོ་ཆུང་ཚེ་རིང་ལགས་དང་། བསོད་ནམས་རྡོ་རྗེ་ལགས་རྣམ་གཉིས་ཀྱིས་བརྩམས་པའི་བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་དབུ་འབྱེད་གནང་བཞིན་པ། ༢༠༢༦།༠༥།༢༢ བོད་ཀྱི་དཔེ་མཛོད་ཁང་གི་པར།
Mobile App

བོད་མི་དམངས་འཆིང་བྱེད་ཀྱི་ལྕགས་སྒྲོག་ཅེས་པའི་དཔེ་དེབ་ཅིག་དབུ་འབྱེད་གནང་།

ཆུ་ཚོད་ ༡༥ སྔོན་ལ།
བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས། ༢༠༢༦།༥།༢༡བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བཙན་བྱོལ་བོད་མིའི་ལས་ཤུགས་གོང་འཕེལ་ཐབས་བྱུས་ལྷན་ཚོགས་ཐེངས་དང་པོ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་ནང་རྒྱ་ནག་གཞུང་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཡིག་ལ་བོད་མི་སྒེར་གཅིག་གི་ངོས་ནས་གདོང་ལེན་ཇི་ལྟར་བྱེད་དགོས་སམ།

ཆུ་ཚོད་ ༢༡ སྔོན་ལ།
བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

༢༠༢༦/༠༥/༢༡
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

༢༠༢༦/༠༥/༢༡
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠

མཆན། 10

  1. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    སྐུ་ཞབས་བནྡེ་སྐྱབས་ལགས།
    ཕལ་ཆེར་ཁྱེད་ཀྱིས་དབུ་མ་ཚོད་པ་ཡིན་ཤས་ཆེ། གང་ལགས་ཤེ་ན། སྤྱིར་སྟངས་མངའ་སྡེ་སོ་སོར་སྤྱི་ཁྱབ་བློན་ཆེན་རེ་དང་དེ་འོག་བློན་པོ་ཁག་ཡོད་པ་རྣམ་གསལ་རེད། ཡིན་ནའང་མངའ་སྡེ་ཞིག་གི་ནང་ཕྱི་འབྲེལ་བློན་ཆེན་ཞེས་པའི་གོ་གནས་ཤིག་གཏན་ནས་ཡོད་མི་ཆོག་པ་དང་། གལ་ཏེ་ཕྱི་འབྲེལ་བློན་ཆེན་ཡོད་པའི་དབང་དུ་བཏང་ན་དེ་ནི་རྒྱལ་ཁབ་གཞན་ཞིག་ཏུ་ངོས་འཛིན་ཤུགས་ཀྱི་ཡོང་བ་ཡིན། དཔེར་ན་མངའ་སྡེ་སོ་སོའི་རྒྱལ་ཁབ་གཞན་ཞིག་ལ་ཚོང་གི་འབྲེལ་ལམ་ཞུ་དགོས་ཚེ། ཐོག་མར་མངའ་སྡེ་སོ་སོའི་སྤྱི་ཁྱབ་བློན་ཆེན་ནམ་ནང་སྲིད་བློན་ཆེན་བརྒྱུད་འབྲེལ་ཡོད་རྒྱལ་ཁབ་ཀྱི་ལས་ཁུངས་སུ་སྙན་ཞུ་འབུལ་རྒྱུ་དང་དེའི་ཕྱི་འབྲེལ་ལས་ཁུངས་ལ་ཞུས་ནས་རྒྱལ་ཁབ་གཞན་གང་ཡང་རུང་བ་དང་ལྷན་དུ་འབྲེལ་ལམ་བྱེད་དགོས་པ་ལས་ཁ་ཐུག་འབྲེལ་བ་བྱེད་ས་ལམ་ཞིག་ད་ལྟའི་རྒྱ་གར་དམངས་གཙོའི་གཞུང་གི་སྲིད་ཇུས་ལ་མེད་པ་རེད།

    Reply
  2. བནྡེ་སྐྱབས། says:
    ལོ་ 14 སྔོན།

    འབྲོང་བུ་སོག་ཚ་ལགས་ཀྱིས་བསམ་ཚུལ་བརྗོད་པར་དགའ་བསུ་ཡོད།

    འོན་ཏེ། མངའ་སྡེ་ལ་བློན་ཆེན་ཡོད་མི་ཆོག་པའི་གཞུང་འཛིན་ལམ་ལུགས་ཤིག་གང་དུ་གསལ་ཡོད། ལྷག་པར་དུ་རྒྱ་གར་ལ་མཚོན་ན་མངའ་སྡེ་་གཞུང་དང་། མངའ་སྡེ་གྲོས་ཚོགས། དེ་བཞིན་ལྷན་ཁང་སོགས་ཡོད་ལ། ལྷན་ཁང་སོ་སོར་བློན་ཆེན་རེ་རེ་ཡོད། དབུས་གཞུང་ལ་སྲིད་བློན་ཡོད་ལ། མངའ་སྡེ་གཞུང་ལ་སྤྱི་ཁྱབ་བློན་ཆེན་ (Chief Minister) ཡོད། སྤྱི་ཁྱབ་བློན་བློན་ཆེན་འོག་གི་ལྷན་ཁང་སོ་སོའི་ནང་བློན་ཆེན་རེ་ཡོད། གོང་གི་དེར་ཁ་གསལ་བོའི་སྒོ་ནས་མངའ་སྡེའི་ཕྱི་འབྲེལ་བློན་ཆེན་ཞེས་བྲིས་ཡོད་པ་དེ་དབྱིན་ཡིག་ནང་ state Minister of external affairs ཞེས་བརྗོད་ཀྱི་ཡོད་པ་རེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་ རྒས་པོ་ནེའེ་རུས་ཁྱིམ་མཚེས་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་བོད་རྒྱ་ནག་གི་ཆ་ཤས་རེད་ཞེས་དང་བླངས་ཀྱིས་དཔང་པོ་རྫུན་མ་ཞིག་ཐོན་པ་རེད། ད་ཆ་རའི་འུར་རྡོ་ར་ལ་ཕོགས་པ་རེད་ལ། བོད་རྒྱ་ནག་གི་ཆ་ཤས་ཡིན་ན་དབྱིན་ཇིས་རྒྱ་གར་དབང་བསྒྱུར་སྐབས་བོད་སྡེ་པ་གཞུང་གིས་མེ་མདའ་དབྱིན་ཇི་ཁ་དུམ་ཉོས་རིན་ལ་མོན་རྟ་དབང་སྤྲད་པའི་བོད་ཡུལ་གྱི་ས་ཆ་དེ་ཚོ་རྒྱ་ནག་གི་ཆ་ཤས་ཡིན་པ་ཁོ་རང་གིས་གཙོས་པའི་རྒྱ་གར་གཙོ་འཛིན་ཚང་མས་བསྒྲུབས་ཚར་བ་རེད། ད་བྱེད་རྒྱུ་ཞེ་དྲག་མེད་པ་རེད། ཡང་གཅིག་མིན་ན་བོད་འདི་རྒྱ་དཀར་ནག་གཉིས་ཀྱི་བར་གནས་པའི་རང་བཙན་གཙང་མའི་ཁྱིམ་མཚེས་རྒྱལ་ཁབ་ཞིག་ཡིན་པ་ངོས་ལེན་བྱེད་དགོས་པ་དེ་རེད། དེ་མིན་ལམ་ཁ་གཞན་ཅི་ཡང་ལྷག་མེད་པ་རེད་དོ། ་་་་་་་་་
    ཞེས་པའི་གསེར་འབྲུག་སྡེ་ལྔའི་མཆན་འདི་ལ་གཟིགས་དང་། ལོ་རྒྱུས་ལ་རྒྱུས་མངའ་དང་བཅས་དྲངས་འདུག་པའི་མཆན་བུ། འདི་འདྲ་ལ་བློ་གསར་གཞོན་སྐྱེས་ཚོས་མིག་དཔེ་ཡར་ལྟ་བྱེད་དགོས་འདུག ཆབ་སྲིད་ལ་བསྒྱུར་བ་འགྲོ་བར་ཆོས་ཉིད་ཡིནད་ཀྱང་ལོ་རྒྱུས་ལ་འོལ་ཚོད་དང་། འཁྱོག་བཤད་ནམ་ཡང་བྱེད་མི་ཉན།
    མོན་ཡུལ་སོགས་ལ་གནས་པའི་ནང་པ་བོད་རིགས་ཚོ་བོད་མི་རེད་ལ། མོན་སོགས་ཡུལ་འཐོར་རྣམས་ཀྱང་བོད་ཀྱི་རེད། བོད་རང་གིས་ཁོངས་སུ་འཛིན་མི་ཐུབ་ན་རྒྱ་དཀར་ནག་སུས་འཁྱེར་ན་ཡང་འཁྱེར། འོནད་དེར་གནས་མི་རིགས་དེ་ཚོར་བྱམས་སྐྱོང་དགོས་པ་ལས། གདུག་རྩུབ་ནམ་ཡང་ཕོག་མི་རིགས་སོ། །
    ང་ཚོས་རང་བཙན་ལེན་འདོད་ཡོད་ན། བོད་བསྟན་དར་སའི་ས་འབྲེལ་ཡོངས་རྫོགས་གཅིག་ཏུ་སྒྲིལ་ཐུབ་ན། བོད་བསྟན་སྐུ་ཚེ་ཡུན་དུ་བརྟན་པ་ལ་ཕན་ཡང་སྲིད། འོནད་ཀྱང་། ང་ནི་དུས་ད་ལྟའི་འཆར་ལམ་དབུ་པ་པ་མོས་མཁན་ཞིག་ཡིན་ལགས། །

    Reply
  4. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    རྒས་པོ་ནེའེ་རུས་ཁྱིམ་མཚེས་རྒྱལ་ཁབ་ཞིག་ཡིན་པའི་ཆ་ནས་བོད་རྒྱ་ནག་གི་ཆ་ཤས་རེད་ཞེས་དང་བླངས་ཀྱིས་དཔང་པོ་རྫུན་མ་ཞིག་ཐོན་པ་རེད། ད་ཆ་རའི་འུར་རྡོ་ར་ལ་ཕོགས་པ་རེད་ལ། བོད་རྒྱ་ནག་གི་ཆ་ཤས་ཡིན་ན་དབྱིན་ཇིས་རྒྱ་གར་དབང་བསྒྱུར་སྐབས་བོད་སྡེ་པ་གཞུང་གིས་མེ་མདའ་དབྱིན་ཇི་ཁ་དུམ་ཉོས་རིན་ལ་མོན་རྟ་དབང་སྤྲད་པའི་བོད་ཡུལ་གྱི་ས་ཆ་དེ་ཚོ་རྒྱ་ནག་གི་ཆ་ཤས་ཡིན་པ་ཁོ་རང་གིས་གཙོས་པའི་རྒྱ་གར་གཙོ་འཛིན་ཚང་མས་བསྒྲུབས་ཚར་བ་རེད། ད་བྱེད་རྒྱུ་ཞེ་དྲག་མེད་པ་རེད། ཡང་གཅིག་མིན་ན་བོད་འདི་རྒྱ་དཀར་ནག་གཉིས་ཀྱི་བར་གནས་པའི་རང་བཙན་གཙང་མའི་ཁྱིམ་མཚེས་རྒྱལ་ཁབ་ཞིག་ཡིན་པ་ངོས་ལེན་བྱེད་དགོས་པ་དེ་རེད། དེ་མིན་ལམ་ཁ་གཞན་ཅི་ཡང་ལྷག་མེད་པ་རེད་དོ།

    Reply
  5. གནམ་ལྕགས། says:
    ལོ་ 14 སྔོན།

    ཨ་རོགས་གསར་འགོད་པ་བནྡེ་སྐྱབས་ལགས། གསར་འགྱུར་གྱི་ཁ་བྱང་འདི་འདྲ་བྲིས་ན་ཡག་པོ་མེད། ཅིའི་ཕྱིར་ན། ཁྱེད་ཀྱིས་འདི་བྲིས་པའི་ཉེར་ལེན་ལ་བརྟེན་ནས་རྒྱ་གར་གྱི་གསང་བའི་ལས་བྱེད་རྗེས་ལ་ཉིན་འདེད་མཚན་བྱས་ཡོད་ངེས།

    བོད་གཞུང་གིས་ཀྱང་ཚིག་འདྲ་འདྲ་ལ་ཤིན་ཏུ་གཟབ་ཀྱི་ཡོད། སེམས་མ་བདེ་བ་རང་ཡིན།

    Reply
  6. ཤག་སྒང་པ། says:
    ལོ་ 14 སྔོན།

    གདོན་མའི་ལོ་རབས་ནས་བོད་ཀྱི་ས་ཁོངས་རེད་དོ།།

    Reply
  7. གདོང་མཁན་ཀཿབྲག says:
    ལོ་ 14 སྔོན།

    རྒྱ་གར་ནས་མོན་དང་གློ་པ་་་་་་་་་་འབྲས་ལྗོངས་དང་ལ་དྭགས།་་་་་་་་བལ་ཡལ་ནས་ཡོལ་མོ་དང་ཤར་པ་་་་་་་་་གཉེན་ཤངས་དང་རྟ་དམག(རྟ་མང་)སོགས་བོད་ཡུལ་དང་དེར་གནས་པའི་མི་རིགས་རྣམས་བོད་རིགས་ཡིན་པ་མཁྱེན་དགོས་་་་་་་་

    Reply
  8. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    འདི་དངོས་གནས་བདེན་པ་རེད། མོན་རིགས་ས་ཆ་ཚང་མ་བོད་ཀྱི་ཡིན་པ་ལས། རྒྱ་གར་དང་རྒྱ་ནག་གཉིས་ཀའི་མ་རེད། ཨ་རུ་ཎ་ཅཱལ་བོད་ཀྱི་རེད། མོན་ཡུལ་འདི་བོད་གཅིག་པུའི་རེད་ལགས། ཧ་ཧ། ཧི་ཧི། ཧོ་ཧོ།

    Reply
  9. འབྲོང་བུ་སོག་ཚ། says:
    ལོ་ 14 སྔོན།

    གསར་འགོད་པ་བནྡེ་སྐྱབས་ལགས།
    ད་ལྟ་རྒྱ་གར་རྒྱལ་ཁབ་ཀྱི་ཡ་གྱལ་ཨ་རུ་ཎ་ཅལ་ཞེས་པ་དེ་རྒྱ་གར་གྱི་མངའ་སྡེ་ཞིག་ཡིན་པ་ལས་རང་བཙན་ཅན་གྱི་རྒྱལ་ཁབ་ཞིག་མིན་སྟབས། ཨ་རུ་ཎ་ཅལ་མངའ་སྡེའི་ཕྱི་འབྲེལ་བློན་ཆེན་ E. Ahamad ཞེས་བརྗོད་ན་ཨ་རུ་ཎ་ཅལ་དེ་རྒྱལ་ཁབ་ཞིག་དང་དེའི་ཕྱི་འབྲེལ་བློན་ཆེན་ཞེས་རྒྱ་གར་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་མ་ཡིན་པ་ཞིག་ཤུགས་ཀྱིས་བསྟན་པས། དེ་ལྟ་བུའི་གོ་ལོག་རིགས་མི་འབྱུང་བའི་ཕྱིར་སྒྱུར་བཅོས་དང་སླད་ཕྱིན་ཟབ་ནན་དགོས་གལ་དུ་མཐོང་བས་ཡིད་འཇགས་གྱིས།

    Reply
  10. སྐར་མདའ། says:
    ལོ་ 14 སྔོན།

    བློན་ཆེན་དེས་ལོ་རྒྱུས་ཀྱི་དོན་དངོས་ཤིག་བཤད་འདུག བཙན་བྱོལ་བོད་ཀྱི་ལས་སྣེ་མགོ་འདོགས་རིང་ལུགས་པ་དེ་ཚོས་ལོ་རྒྱུས་ཀྱི་བདེན་དོན་ཡོད་པའི་གནས་ཚུལ་འདི་འདྲ་བཤད་ཐུབ་རྒྱུ་ཕར་ཟད། དེ་ལས་ལྡོག་སྟེ་མགོ་འདོགས་རང་བཞིན་གྱི་བརྟུལ་ཞུགས་བཟུང་ནས་བོད་འདི་ནག་ཁུང་ཞིག་ལ་འདེད་ཀྱིན་ཡོད་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese