མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པའོ་ཨ་རིར་བྲོས་བྱོལ་གྱི་དོགས་སློང་།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༡
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ལྷག་པའི་ཉིན་པེ་ཅིན་ནས་ནེའུ་ཡོག་ཏུ་འཕུར་བསྐྱོད་བྱེད་པའི་གནམ་གྲུ་ཞིག་མཁའ་ལམ་ནས་ཕྱིར་ལོག་དགོས་བྱུང་ཡོད་ལ།   དབྱེ་ཞིབ་པ་ཝུ་ཧྥིན་གྱིས་དེའི་ནང་པའོ་ཞིས་ལའེ་ཡོད་སྲིད་པའི་དོགས་སློང་བྱས་འདུག

ཕྱི་ཟླ་ ༨ ཚེས་ ༢༩ ཉིན་རྒྱ་ནག་གི་ CA981 རྟགས་ཅན་གྱི་མཁའ་འགྲུལ་གནམ་གྲུ་དེ། པེ་ཅིན་ནས་ཨ་རིའི་ནེའུ་ཡོག་ཏུ་འཕུར་བསྐྱོད་བྱས་ཏེ་ཆུ་ཚོད་ ༧ རིང་བསྐྱོད་རྗེས། གློ་བུར་དུ་འཕུར་བསྐྱོད་ཀྱི་ཁ་ཕྱོགས་བསྒྱུར་ཏེ་ཕྱིར་པེ་ཅིན་གནམ་ཐང་དུ་ལོག་ཡོད་འདུག གནམ་གྲུའི་ནང་གི་འགྲུལ་བ་རྣམས་ཀྱིས་གནམ་གྲུའི་ཁ་ཕྱོགས་བསྒྱུར་བ་ཤེས་འཕྲལ། མཁའ་འགྲུལ་ཞབས་ཞུ་བར་སྐད་ཆ་དྲིས་ཡོད་ཀྱང་། ཞབས་ཞུ་བས་མཁའ་འགྲུལ་ཕྱོགས་སྟོན་བརྡ་རྟགས་ལ་སྐྱོན་ཤོར་བ་ཡིན་ཚུལ་བརྗོད་དེ། གནམ་གྲུའི་ནང་གི་འགྲུལ་བ་ཚོར་མགོ་སྐོར་བཏང་ཡོད་འདུག

རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་གིས། གནམ་གྲུ་དེར་ཛ་དྲག་ཉེན་ཁ་ཡོད་པའི་གསང་འཕྲིན་འབྱོར་བར་བརྟེན། ཨ་རར་བསྐྱོད་བཞིན་པའི་མཁའ་ལམ་ནས་ཁ་ཕྱོགས་བསྒྱུར་ཏེ་ཕྱིར་པེ་ཅིན་གནམ་ཐང་དུ་ལོག་པ་ཡིན་སྐོར་བརྗོད་འདུག ཡིན་ནའང་། རྒྱ་ནག་གི་ཝེ་པའོ་གཙོས་བརྡ་འཕྲིན་བརྒྱུད་ཁག་ཏུ། གནམ་གྲུ་དེའི་ནང་ཨ་རིར་བྲོས་བྱོལ་བྱེད་བཞིན་པའི་རྒྱ་གཞུང་ཆབ་སྲིད་ལྷན་ཁང་གི་འཐུས་མི་རིམ་པའི་མཐོ་རིམ་དཔོན་རིགས་ཤིག་ཡོད་པར་བརྟེན། རྒྱ་གཞུང་བདེ་འཇགས་ལྷན་ཁང་གིས་བཀའ་རྒྱ་བཏང་བ་ལྟར་གནམ་གྲུ་ཕྱིར་ལོག་པ་དང་། པེ་ཅིན་གནམ་ཐང་དུ་ཕྱིར་འབབ་སྐབས་གནམ་ཐང་ཡོངས་རྫོགས་དམག་མིས་སྐོར་ཡོད་པ་མ་ཟད། གནམ་གྲུའི་ནང་གི་འགྲུལ་བ་གསུམ་འཇུ་བཟུང་བཙན་འཁྲིད་བྱས་ཡོད་སྐོར་བརྗོད་འདུག 

སྐབས་དོན་དབྱེ་ཞིབ་པ་ཝུ་ཧྥིན་གྱིས་པེ་ཅིན་ནས་ནེའུ་ཡོག་ཏུ་བསྐྱོད་པའི་གནམ་གྲུ་དེའི་ནང་། ཨ་རིར་བྲོས་བྱོལ་བྱེད་མཁན་རྒྱ་གཞུང་ཆབ་སྲིད་ལྷན་ཁང་གི་འཐུས་མི་དེ་ནི། ད་ལྟ་རྒྱ་གཞུང་གི་བཀག་སྡོམ་འོག་ཡོད་པའི་པའོ་ཞིས་ལའེ་ཡིན་སྲིད་པའི་དོགས་སློང་བྱས་ཡོད་པ་རེད།   ཝུ་ཧྥིན་གྱིས་བརྗོད་རྒྱུར། “ གལ་སྲིད་གནམ་གྲུ་དེའི་ནང་ཆབ་སྲིད་ལྷན་ཁང་གི་དཔོན་རིགས་རིམ་པའི་བྲོས་བྱོལ་བ་ཞིག་ཡོད་པ་བདེན་ཚེ། ངས་ཚོད་དཔག་བྱས་ན་པའོ་ཞིས་ལའེ་རེད་བསམ། ཆབ་སྲིད་ལྷན་ཁང་གི་དཔོན་རིགས་རིམ་པར་སྲོག་ཉེན་གྱི་གནོན་ཤུགས་ཆེན་པོ་ཞིག་མ་འཕྲད་པར་བྲོས་བྱོལ་བྱ་དགོས་དོན་གང་ཡང་ཡོད་པ་མ་རེད། དེ་ལྟའི་གནོན་ཤུགས་འཕྲད་ཀྱིན་པའི་དཔོན་རིགས་དེ་པའོ་ཞིས་ལའེ་ཆགས་ཡོད། ” ཅེས་བརྗོད་ཡོད་པ་རེད།

སྐབས་དོན་དཔྱད་བརྗོད་པ་ཝུ་ཧྥིན་གྱིས། གལ་སྲིད་བྲོས་བྱོལ་བྱེད་མཁན་དེ་པའོ་ཞིས་ལའེ་ཡིན་ཚེ། རྒྱ་གཞུང་གིས་གནམ་གྲུ་ཕྱིར་ལོག་བཅུག་སྟེ་འཇུ་བཟུང་བྱས་པ་ཙམ་གྱིས་གནད་དོན་ཡོངས་སུ་ཐག་ཆོད་པ་མ་ཡིན་པར། ཉེ་ཆར་པའོ་ཞིས་ལའེ་པེ་ཅིན་གྱི་སོ་སོའི་ཁྱིམ་ནང་གུ་ཡངས་བཀག་སྡོམ་བྱས་ཡོད་པ་ལྟར། ཁོ་གསང་བའི་ཐོག་ནས་ཕྱིར་གཏོང་མཁན་གྱི་དཔོན་རིགས་དེ་སུ་ཡིན་མིན་རྙོག་ཟིང་གི་གཞི་རྩ་ཆགས་ཡོད་ལ། ཉེ་ཆར་གཞུང་དཔོན་རིགས་ནང་ཁུལ་གྲོས་བསྡུར་ཐག་གཅོད་བྱས་པའི་སྐབས་ ༡༨ པའི་ཚོགས་འདུ་ལའང་ཉེན་ཁ་ཆེན་པོ་འཕྲད་ཀྱིན་པ་མ་ཟད། རྒྱ་གཞུང་ནང་ཁུལ་འཐོར་བཤིག་ཏུ་གྱུར་ཟིན་པའི་དོགས་སློང་ངོས་འཛིན་བྱས་ཡོད་པ་རེད།

ཉེ་སྔོན་པའོ་ཞིས་ལའེ་དམར་ཤོག་ཚོགས་མིའི་གྲས་ནས་ཕུད་ཡོད་པ་མ་ཟད། ཕྱི་ཟླ་ ༨ ཚེས་ ༢༩ ཉིན་རྒྱ་གཞུང་དབུས་མི་དམངས་འཐུས་མིའི་རྒྱུན་ལས་ནང་ཁུལ་ཚོགས་འདུ་ཚོགས་ཏེ། པའོ་ཞིས་ལའེ་ཡི་མི་དམངས་འཐུས་མིའི་ཐོབ་ཐང་ཀྱང་ཕྱིར་བསྡུ་བྱས་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

ཆུ་ཚོད་ ༡༥ སྔོན་ལ།
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

ཆུ་ཚོད་ ༡༧ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་། ཞབས་ཞུ་བས་མཁའ་འགྲུལ་ཕྱོགས་སྟོན་བརྡ་རྟགས་ལ་སྐྱོན་ཤོར་བ་ཡིན་ཚུལ་བརྗོད་དེ། གནམ་གྲུའི་ནང་གི་འགྲུལ་བ་ཚོར་མགོ་སྐོར་བཏང་ཡོད་འདུག ་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese