མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཞུཊ་སྒར་གྱི་དམངས་གཙོའི་དུས་དྲན།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བཞུགས་སྒར་དུ་དམངས་གཙོའི་དུས་དྲན་སྲུང་གཙི་གནང་སྟེ། གཞུང་དང་དམངས་གཉིས་ངོས་ནས་སོ་སོར་དམངས་གཙོ་དང་འབྲེལ་བའི་ལས་འགུལ་སྣ་ཚོགས་སྤེལ་སོང་།

དེ་རིང་བཞུགས་སྒར་ངྷ་རམ་ས་ལར་བཙན་བྱོལ་བོད་མིའི་དམངས་གཙོའི་དུས་དྲན་ཐེངས་ ༥༢ པ་དེ་སྲུང་གཙི་གནང་ཡོད་ཅིང་། ཞོགས་པའི་ཆུ་ཚོད་ ༩།༠༠ སྟེང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་དབུ་བཞུགས་ཐོག གཞུང་འབྲེལ་མཛད་སྒོ་ཚོགས་ཡོད་པ་དང་། གཞུང་འབྲེལ་མཛད་སྒོ་གྲོལ་རྗེས་དབུས་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་གོ་སྒྲིག་འོག བོད་ཀྱི་འབྲེལ་སྟོན་ཁང་དུ་ཨོ་སི་ཊོ་ལི་ཡར་རྟེན་གཞི་བྱས་པའི་རྒྱ་རིགས་ཐེབས་རྩ་ཁང་ “རུས་ཆི་རིག་གཞུང་ཐེབས་རྩ་ཁང་”གིས་ ༢༠༠༨ ལོར་བོད་ནང་གི་དངོས་ཡོད་གནས་ཚུལ་སྐོར་གྱི་གློག་བརྙན་བཟོ་སྐྲུན་པ་དོན་འགྲུབ་དབང་ཆེན་ལགས་ཀྱི་དངོས་བྱུང་གློག་བརྙན་༼འཇིགས་བྲལ༽ཞེས་པར་ཐེབས་རྩ་ཁང་དེའི་ཐེངས་ལྔ་བའི་༼རྒྱ་ནག་ཡར་ཐོན་སྐུལ་འདེད་དམིགས་བསལ་གཟེངས་རྟགས༽ ཞེས་པ་འབུལ་བཞེས་ཀྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་ཏེ། ཐེབས་རྩ་ཁང་གི་ཚོགས་རྒྱ་རིགས་བུད་མེད་ཆི་ཅཱ་ཀྲིན་གྱིས་ཐེབས་རྩ་ཁང་གི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ་དོན་འགྲུབ་དབང་ཆེན་ལ་གཟེངས་རྟགས་དེ་འབུལ་ལམ་ཞུ་དགོས་པའི་རྒྱུ་མཚན་ངོ་སྤྲོད་གནང་རྗེས། འགྲུབ་དབང་ཆེན་ལགས་ཀྱི་བུ་མོ་ཆུང་ཤོས་རང་ལོ་ ༡༡ ཡིན་པ་ལྷ་མོ་སྒྲོལ་མ་ལགས་ཀྱིས་རྒྱའི་བཙོན་འོག་ཏུ་ཡོད་པའི་ཕ་དོན་འགྲུབ་དབང་ཆེན་གྱི་ཚབ་བྱས་ཏེ་གཟེངས་རྟགས་དེ་བཞེས་ཡོད།

རུས་ཆི་ཐེབས་རྩ་ཚོགས་པའི་ཚོགས་གཙོ་ཆི་ཅཱ་ཀྲིན་ལགས་ཀྱིས་བརྗོད་པ་ལྟར་ན། ཁོང་གི་ཕ་རྒན་ཆི་ཙིན་ཀྲི་ཡིས་རྒྱ་ནག་དམར་པོའི་སྲིད་གཞུང་ལ་ངོ་རྒོལ་བྱས་སྟབས་ལོ་ ༣༠ རིང་རྒྱའི་བཙོན་འོག་ཏུ་ཚུད་ཡོད་པ་མ་ཟད། མོ་རང་ཡང་ལོ་ ༡༠ རིང་རྒྱའི་བཙོན་འོག་ཏུ་བསྡད་ཡོད་འདུག་ལ། གཟེངས་རྟགས་འདི་རྒྱ་ནག་ནང་གི་གཞི་རིམ་མི་མང་ཚོའི་དཀའ་སྡུག་གི་འབོད་སྒྲ་སྒྲོག་མཁན་གྱི་རྩོམ་པ་པོ་དང་དངོས་བྱུང་གློག་བརྙན་བཟོ་སྐྲུན་བྱེད་མཁན་ཕུལ་བྱུང་པ་ཚོར་སྤྲོད་ཀྱི་ཡོད་འདུག

གཞན་གླིང་ཚ་ཚེ་བརྟན་རྡོ་རྗེའི་ཨ་མ་སྡོམ་པོ་སྐྱིད་ལགས་ཀྱིས་དེ་རིང་གི་དམངས་གཙོའི་དུས་དྲན་གྱི་ཉིན་མོ་དང་བསྟུན་ཏེ། གཙུག་ལག་ཁང་གི་སྒོ་ཆེན་མདུན་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་མགོ་འཛུགས་གནང་ཡོད་པ་དང་། ཨ་མ་སྡོམ་པོ་སྐྱིད་ལགས་ཀྱིས་ཟས་བཅད་ངོ་རྒོལ་གནང་དགོས་པའི་རྒྱུ་མཚོན་སྐོར་ངོ་སྤྲོད་གནང་སྐབས་ཁོང་གིས། “ང་ཚེ་བརྟན་རྡོ་རྗེ་གཅིག་པུའི་ཆེད་དུ་མིན། གཙོ་བོ་ཚེ་བརྟན་རྡོ་རྗེའི་ཞི་བའི་དོན་ཚན་ ༥ ལ་རྒྱལ་ཚོགས་དང་མི་མང་གི་རྒྱབ་སྐྱོར་ཡོང་ཆེད་དང་། ལྷག་པར་དུ་བོད་ནང་གཞོན་སྐྱེས་མང་པོ་ཞིག་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་གི་ཡོད་པ་རེད། ང་རང་བུ་ཕྲུག་གི་ཨ་མ་ཞིག་ཡིན་སྟབས། མེར་བསྲེགས་གཏོང་མཁན་ཚོའི་ཕ་མ་ནང་མིར་སྡུག་བསྔལ་ཅི་ཙམ་ཡོད་པའི་སྐོར་ལ་བསལ་བློ་འཁོར་ན་འགྲོ་ས་ནས་གོམ་པ་འཁྱོར་ཡོང་གི་འདུག” ཅེས་བརྗོད་བྱུང་ལ། བོད་ནང་གི་མེར་བསྲེགས་ཞི་འཇགས་ཡོང་ཆེད་རང་དབང་ལུང་པར་ཡོད་པའི་བོད་མི་ཚང་མས་སོ་སོའི་ཐད་ནས་ལས་འགུལ་འདྲ་མིན་སྤེལ་གནང་རྒྱུའི་རེ་སྐུལ་གནང་སོང་།

ཉིན་རྒྱབ་ཆུ་ཚོད་ ༣།༠༠ སྟེང་། བོད་རྒྱལ་ཡོངས་མང་གཙོ་ཚོགས་པ་དང་ངྷ་ས་ས་གནས་གཞོན་ནུ་གཉིས་ཀྱི་གོ་སྒྲིག་འོག ངྷ་ས་བོད་ཁྱིམ་ཉིན་སློབ་ཚོགས་ཁང་དུ། འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སན་སུའུ་ཀེ་མཆོག་གི་མི་ཚེ་དང་དམངས་གཙོའི་འཐབ་རྩོད་སྐོར་གྱི་གློག་བརྙན་ཞིག་མང་ཚོགས་ལ་གཟིགས་འབུལ་གྱིས་དུས་དྲན་སྲུང་གཙི་བྱས་སོང་ལ། གློག་བརྙན་མགོ་འཛུགས་སྐབས་ས་གནས་གཞོན་ནུའི་ཚོགས་གཙོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ལྕམ་ཨང་སན་སུའུ་ཀེ་མཆོག་ནི་བོད་མི་ཙམ་མིན་པར་འཛམ་གླིང་མི་མང་གིས་མིའི་རིགས་ཀྱི་དམངས་གཙོའི་འཐབ་རྩོད་ཀྱི་ལོ་རྒྱུས་ཁྲོད་དྲན་གསོ་དང་མིག་དཔེར་འཛིན་འོས་པའི་མི་སྣ་རླབས་ཆེན་ཞིག་ཡིན་སྐོར་ངོ་སྤྲོད་གནང་སོང་།

གཞན། ཉིན་རྒྱབ་ཆུ་ཚོད་ ༢།༣༠ སྟེང་ངྷ་ས་མདོ་སྨད་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག ངྷ་ས་ཡོངས་གླིང་སློབ་གྲྭའི་ཚོགས་ཁང་ནང་།  ཉེ་ཆར་མདོ་སྨན་དབུས་རྒྱུན་རྣམས་བལ་ཡུལ་དང་རྒྱ་གར་ནང་གི་ས་གནས་ཁག་ཏུ་ཆེད་བཅར་ཐོག་ཆབ་སྲིད་གོ་རྟོགས་གོང་མཐོར་བཏང་བ་དང་། མདོ་སྨད་དབུས་སའི་བར་གྱི་འབྲེལ་ལམ་འཕེལ་རྒྱས། མདོ་སྨད་དབུས་སྤྱི་ཁྱབ་ལས་ཁུངས་ཀྱི་ལས་བསྡོམས་ངོ་སྤྲོད་སོགས་གནང་སོང་། སྐབས་དེར་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ཚོགས་གཙོ་བསྟན་པའི་དངོས་གྲུབ་ལགས་ཀྱིས་ཚོགས་ཞུགས་མདོ་སྨད་མི་མང་ཚོར། བོད་ནང་དུ་མདོ་སྨད་མི་མང་གིས་རང་ལུས་མེར་བསྲེགས་གཙོས་བོད་བསྟན་པ་ཆབ་སྲིད་ཆེད་ལས་དོན་རྒྱ་ཆེར་སྤེལ་དང་སྤེལ་མུས་ཡིན་པ་ལྟར། བཙན་བྱོལ་ནང་མདོ་སྨད་པ་མང་པོ་ཞིག་གིས་དངོས་ཤུགས་བརྒྱུད་གསུམ་ནས་ལས་འགུལ་འདྲ་མིན་ཐད་རང་འགན་རང་ཁུར་བྱེད་ཀྱི་ཡོད་ཀྱང་། རེ་ཟུང་ཞིག་གྱག་མེད་ཚོར་མེད་ངང་སྡོད་པ་ནི་ངོ་ཚ་དགོས་པའི་གནས་ཡིན་སྐོར་བརྗོད་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

CFOTO/Future Publishing via Getty Images
Mobile App

ཨ་རིས་རྒྱ་ནག་གི་བཅོས་མའི་རིག་ནུས་ཌིབ་སིག་བཀག་སྡོམ་བྱས།

ཆུ་ཚོད་ ༡༦ སྔོན་ལ།
ལྕགས་ལམ་ས་ཁྲ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ཟི་ལིང་ནས་ཁྲིན་ཏུའུ་བར་གྱི་ལྕགས་ལམ་ཕྱེད་ཙམ་འགྲུབ་ཡོད་ཟེར།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

དཔལ་༧རྒྱལ་བ་ཀརྨ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་འབྲས་ལྗོངས་སུ་ཕེབས་འཆར་འདུག

༢༠༢༦/༡༠/༡༩
རྩྭ་ཐང་བུ་མོའི་སློབ་གྲྭ། པར་དྲ་རྒྱ་ནས་བླངས།
Mobile App

རྒྱ་ནག་གི་མི་རིགས་རྒྱ་སྒྱུར་གྱི་སྲིད་ཇུས་འོག་ཏུ་བོད་སྐད་ཡིག་སློབ་གསོའི་སློབ་གྲྭ་གསུམ་སྒོ་བརྒྱབ་འདུག

༢༠༢༦/༡༠/༡༩
Mobile App

ང་ཚོས་ད་ལྟ་སུ་ཡི་ལོ་རྒྱུས་ཉར་ཚགས་བྱེད་བཞིན་ཡོད།

༢༠༢༦/༡༠/༡༨
རྭ་རྒྱ་དགོན་པའི་མཁན་ཟུར་བསྟན་པ་རྒྱ་མཚོ།
Mobile App

མདོ་སྨད་རྭ་རྒྱ་དགོན་པའི་མཁན་ཟུར་བློ་བཟང་བསྟན་པ་འཛིན་བཟུང་གིས་ལོ་ལྔའི་ཁྲིམས་ཆད་བཅད་འདུག

༢༠༢༦/༡༠/༡༧

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཆིག་སྟོང་དགུ་བརྒྱའི་རེ་གཅིག །
    དགུ་པའི་གཉིས་པའི་དུས་སུ། །
    བོད་ཀྱི་མང་གཙོ་དབུ་བརྙེས། །
    ལོ་འཁོར་ང་གཅིག་འཁོར་སོང་། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese