མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིན་ཆོན་ཀོར་རྨས་ཕོག་སྟེ་རྒྱ་ནང་དུ་ལོག་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ཟླ་བརྒྱད་པའི་ཟླ་མཇུག་ལ་བོད་དབུས་གཙང་ཁུལ་དུ་རྒྱ་གཞུང་དཔོན་རིགས་ཚོའི་སྣུམ་འཁོར་བརྡབ་སྐྱོན་རིམ་པར་བྱུང་སྟེ། ཁྲིན་ཆོན་ཀའོ་གཙོས་མགོ་ཁྲིད་ཁག་ཅིག་ལ་རྨས་སྐྱོན་དང་ཁག་ཅིག་རྐྱེན་འདས་སུ་གྱུར་འདུག  

ཕྱི་ཟླ་ ༨ ཚེས་ ༢༠ ནས་ ༢༩ བར་གྱི་ཉིན་གྲངས་ ༡༠ ཙམ་ནང་། རྒྱ་གཞུང་གིས་བོད་རང་སྐྱོང་ལྗོངས་སུ་འབོད་པའི་ཁོངས་གཏོགས། ལྷོ་ཁ་དང་ཀོང་པོ་དཔལ་ཡུལ། ལྷ་ས་བཅས་བོད་དབུས་གཙང་གི་ས་ཁུལ་ཁག་ནང་། རྒྱ་གཞུང་གི་མགོ་ཁྲིད་ཚོའི་རླངས་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་ཁག་ ༤ རིམ་པར་བྱུང་ཡོད་པ་མ་ཟད། དོན་རྐྱེན་དེ་ཁག་ཁྲོད་བོད་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ཁྲིན་ཆོན་ཀོའི་གཙོས་མཐོ་རིམ་དཔོན་རིགས་ཁག་ཅིག་ལ་རྨས་སྐྱོན་དང་ཁག་ཅིག་རྐྱེན་འདས་སུ་ཕྱིན་ཡོད་འདུག 

ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིས་གནས་སྤེལ་བ་ལྟར་ན། ཕྱི་ཟླ་ ༨ ཚེས་ ༢༨ ནས་ ༢༩ གང་རུང་ཞིག་ལ། བོད་རང་སྐྱོང་ལྗོངས་དམཪ་ཤོག་དྲུང་ཆེ་ཁྲིན་ཆོན་ཀོ་ཡི་སྣུམ་འཁོར་ལྷོ་ཁ་བརྒྱུད་ཀྱི་ལམ་གཞུང་ཞིག་ཏུ་བརྡབ་སྐྱོན་བྱུང་སྟེ། ཁྲིན་ཆོན་ཀོ་ལ་རྨས་སྐྱོན་ཕོག་ཡོད་འདུག  ཁོ་ལ་རྨས་སྐྱོན་ཚབས་ཆེ་ཆུང་གང་འདྲ་ཞིག་ཕོག་ཡོད་མེད་ཀྱི་ཞིབ་ཕྲའི་གནས་ཚུལ་ཤེས་རྟོག་བྱུང་མེད་ཀྱང་། ད་ལྟ་བོད་ཡུལ་ནས་ཕྱིར་ཐོན་ཏེ་རྒྱ་ནག་ནང་ལོགས་ཤིག་ཏུ་སྨན་བཅོས་ཆེད་ཁྲིད་ཡོད་འདུག 

ཕྱི་ཟླ་ ༨ པའི་ཟླ་མཇུག་ཅིག་ལ་ལྷ་སར་སྣུམ་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་ཞིག་གི་འོག བོད་རང་སྐྱོང་ལྗོངས་མི་དམངས་ཁྲིམས་ཁང་གི་ཁྲིམས་དཔོན་ཞིག་རྐྱེན་འདས་སུ་ཕྱིན་ཡོད་པ་དང་། ཕྱི་ཟླ་ ༨ ཚེས་ ༣༠ ཉིན་ཁོའི་ཕུང་པོ་མེར་བསྲེགས་ཀྱིས་དུར་མཆོད་བྱེད་སྒོ་སྒྲུབ་ཡོད་འདུག ད་ལྟའི་ཆར་ཁོའི་མིང་དང་ལོ་རྒྱུས་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོག་བྱུང་མེད་ཀྱང་། ཁོ་ནི་རྒྱ་རིགས་ཤིག་ཡིན་འདུག 

ཕྱི་ཟླ་ ༨ ཚེས་ ༢༤ དང་ ༢༥ གང་རུང་ཞིག་ལ། བོད་ཀྱི་ཀོང་པོ་དཔལ་ཡུལ་དུ་བསླེབས་ལ་ཉེ་བའི་རི་ལམ་ཀྱག་ཀྱོག་ཅིག་ཏུ། སྣུམ་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་ཞིག་གི་འོག  བོད་རང་སྐྱོང་ལྗོངས་ཀྱི་བདེ་འཇགས་ཚན་པའི་མགོ་ཁྲིད་སངས་རྒྱས་ཟེར་བ་ཞིག་རྐྱེན་འདས་སུ་ཕྱིན་འདུག སངས་རྒྱས་ནི་རང་ལོ་ ༤༨ ནས་ ༤༩ ཙམ་ཡིན་པ་དང་། ཕ་ཡུལ་ཀོང་པོ་ནས་ཡིན་པ་མ་ཟད། གཟའ་ཟླ་བུ་ཕྲུག་རྣམས་ཀྱང་ཀོང་པོར་ཡོད་འདུག ཁོ་ནི་ནམ་རྒྱུན་ལྷ་སའི་འབྲས་སྤུངས་དགོན་པའི་ནང་བདེ་འཇགས་དོ་དམ་འགན་འཛིན་གྱི་ལས་ཀ་བྱེད་བཞིན་ཡོད་འདུག 

གཞན་ཡང་། ཉེ་ཆར་ལྷ་སར་བྱུང་བའི་སྣུམ་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་གཞན་ཞིག་གི་ཁྲོད། བོད་རང་སྐྱོང་ལྗོངས་ཀྱི་མགོ་ཁྲིད་ཞིག་རྐྱེན་འདས་ཕྱིན་ཡོད་ཀྱང་། ད་ལྟའི་ཆར་མགོ་ཁྲིད་དེའི་མིང་དང་ཞིབ་ཕྲའི་གནས་ཚུལ་ཤེས་རྟོག་བྱུང་མེད་པ་རེད།

ཕྱི་ཟླ་ ༨ ཟླ་མཇུག་ལ་བྱུང་བའི་སྣུམ་འཁོར་བརྡབ་སྐྱོན་གྱི་དོན་རྐྱེན་དེ་དག་ཁྲོད། འབྲེལ་ཡོད་མགོ་ཁྲིད་ཚོའི་སྐུ་སྲུང་མི་སྣ་ཁག་ཅིག་རྐྱེན་འདས་དང་། ཁག་ཅིག་ལ་རྨས་སྐྱོན་ཕོག་ཡོད་འདུག ཡིན་ནའང་། རྒྱ་གཞུང་གི་དཔོན་རིགས་དེ་ཚོར་བསྟུད་མར་རླངས་འཁོར་བརྡབ་སྐྱོན་བྱུང་བའི་གནས་ཚུལ་རྣམས་རྒྱ་གཞུང་གི་གསར་ལམ་ཁག་ཏུ་གཅིག་ཀྱང་སྤེལ་མི་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

ཆུ་ཚོད་ ༡༧ སྔོན་ལ།
(From L to R) Dr Nicola Censini, European Parliament, Stefano Bettera, President EBU, Representative Rigzin Genkhang & Carlo Luyckx, Vice-President EBU & President Belgium Buddhist Union
Mobile App

ཡུ་རོབ་ནང་པའི་མཐུན་ཚོགས་ཀྱི་ལོ་འཁོར་ཚོགས་འདུ་འཚོགས།

ཆུ་ཚོད་ ༡༨ སྔོན་ལ།
Gangbu Glacier in Tibet (Xinhua/Purbu Tashi)
Mobile App

འདི་ལོར་སྔར་ལས་ཚ་བ་ཆེ་རྒྱུ་ཡིན་པས་རོང་འབྲོག་མང་ཚོགས་ལ་གྱོང་གུན་ཆེན་པོ་ཡོང་ཉེན་ཡོད་པའི་ཉེན་བརྡ་བཏང་།

ཆུ་ཚོད་ ༡༩ སྔོན་ལ།
ttt
Mobile App

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ལགས་འབྲས་སྤུངས་དགོན་མང་གྲྭ་ཚང་གི་སྐྱིད་སྡུག་ནས་ཕྱིར་འབུད་བཏང་།

༢༠༢༦/༠༥/༡༡
བོད་མིའི་ཁྲིམས་ལུགས་རིག་པ་བའི་ཚོགས་པའི་ཚོགས་གཙོ་བསྟན་འཛིན་སྒྲོལ་དཀར་ལགས།
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏོང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༡༡
Mobile App

སྤྱི་ཟུར་ཐུབ་བསྟན་དབང་ཆེན་ལགས་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དུ་བསྐོ་གཞག་གནང་།

༢༠༢༦/༠༥/༡༡

མཆན། 4

  1. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    གནས་ཚུལ་འདི་བདེན་པ་ཡིན་ཚེ་བོད་ཡུལ་གྱི་ཡུལ་ལྷ་གཞི་བདག་ཚོས་དགྲ་ངོ་གཉེན་ངོ་ཕྲན་བུ་ཆོད་ཡོད་པ་འདྲ།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཏག་ཏག་རེད། འདི་འདྲ་བ་མུ་མཐུད་ནས་ཡོང་བར་ཤོག རྒྱ་དཔོན་འདྲེ་རྒན་ཚོ་ལ་རྐྱེན་ངན་འདི་འདྲ་ཡང་ཡང་བྱུང་ནས་ཁོ་ཚོ་བོད་ནས་སྡོད་བཟོད་མི་ཐུབ་པའི་རྣམ་རྟོག་ཆེན་པོ་སྐྱེ་གྱུར་ཅིག ཟེར་བ་བདེན་པ་འདུག
    ཤི་ས་ནོར་མི་འདུག ཤི་མཁན་ཡང་མ་ནོར་བ་ཅིག་ཡིན་པ་ཤོག རྣམ་རྟོག་ཆེན་པོ་རྒྱ་ནག་ཡུལ་ལུང་ཙམ་མ་ཟད། འཛམ་གླིང་ཡོངས་སུ་མི་ཤོང་བ་ཞིག་སྐྱེ་གྱུར་ཅིག རྣམ་རྟོག་ཚད་ལས་འགལ་བ་སྐྱེ་བར་ཤོག རྣམ་རྟོག་གིས་རྒྱ་རྒན་བོད་ནང་འགྲོ་རྒྱུར་འཇིགས་སྣང་ཚད་མེད་པར་སྐྱེ་བར་ཤོག །

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    རེད་ད། ལས་འབྲས་མཛུབ་མོར་འཁོར་བ་རེད་ད། འོན་ཀྱང་བཙན་བྱོལ་བོད་མི་རྣམ་འགྱུར་ཡ་མ་བརླ་ཅན་གྱི་མགོ་གཉིས་མ་དེ་ཚོ་སེམས་སྐྱོ་ཡོད་ཀྱི་རེད་ད། ཁོ་ཚོའི་སྤུན་ཟླ་ཚེ་བརྟན་སྒྲོལ་མས་གཞས་བཏང་བ་ཇི་བཞིན་རྒྱ་རིགས་བོད་རིགས་ཕ་མ་གཅིག་གི་སྤུན་དེ་ཚོ་ཇུས་ཉེས་བྱུང་དུས་སེམས་སྐྱོ་ད་སྐྱོ། ཧ་ཧ་ཧ།

    Reply
  4. སྐར་མདའ། says:
    ལོ་ 14 སྔོན།

    ཏག་ཏག་རེད། འདི་འདྲ་བ་མུ་མཐུད་ནས་ཡོང་བར་ཤོག རྒྱ་དཔོན་འདྲེ་རྒན་ཚོ་ལ་རྐྱེན་ངན་འདི་འདྲ་ཡང་ཡང་བྱུང་ནས་ཁོ་ཚོ་བོད་ནས་སྡོད་བཟོད་མི་ཐུབ་པའི་རྣམ་རྟོག་ཆེན་པོ་སྐྱེ་གྱུར་ཅིག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese