མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚོགས་སྐྱིད་ ༡༡ གི་གསལ་བསྒྲགས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༦
Share on FacebookShare on TwitterShare on EmailShare on Whatsapp

 དེ་རིང་ཕྱི་ཚེས་ ༦ ཉིན་རྒྱབ་བྷག་སུ་གསོལ་མགྲོན་ཁང་ (Hotel Bhagsu) དུ་ངྷ་སའི་ཚོགས་སྐྱིད་ཁག་ ༡༡ མཉམ་འབྲེལ་ཐོག  ཉེ་ལམ་ལ་དྭགས་སུ་༸གོང་ས་མཆོག་གིས་བསྩལ་བའི་བཀའ་སློབ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་ཏེ། ༸གོང་ས་མཆོག་གི་བཀའ་དགོངས་ལོག་འགྲེལ་དང་གཞི་མེད་སྐྱོན་འཛུགས་ཞུ་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་སྐོར་བརྗོད་སོང་།

ཚོགས་སྐྱིད་ ༡༡ གི་འཐུས་མི་ལྷན་འཛོམས་ཐོག་སྤེལ་བའི་གསར་འགོད་གསལ་བསྒྲགས་ནང་། བཙན་བྱོལ་དུ་དབུས་བོད་མིའི་སྒྲིག་འཛུགས་སྲ་བརྟན་ཁྲིམས་ཀྱིས་བསྒྱུར་བ་དང་། མང་གཙོའི་གསོལ་རས་བཙན་ཐབས་ཀྱིས་བསྩལ་བ། གནའ་དེང་གི་ཤེས་ཡོན་སློབ་སའི་བསྟི་གནས་ཁག་མང་པོ་བསྐྲུན་པ། གཞིས་ཆགས་འཚོ་རྟེན་སོགས་ཡུལ་མི་ལས་ཀྱང་མི་དམན་ཙམ་བྱུང་བ་སོགས་ནི། ༧གོང་ས་མཆོག་གི་བྱམས་ལྡན་ཕ་མས་གཅེས་པའི་བུ་ཕྲུག་བཞིན་གཡས་སྐྱོར་གཡོན་སྐྱོར་གནང་བའི་བཀའ་དྲིན་ཉག་ཅིག་ལས་བྱུང་བ་ཉི་ཤར་སྤར་མོས་མི་ཁེབས་པར་གྱུར་ཡོད་ཀྱང་། རང་རེའི་བོད་ཀྱི་གཏམ་དཔེར “བཀའ་དྲིན་ལ་བསམ་ཤེས་མེད་པར། དྲིན་ལན་ལོག་འཇལ” ཟེར་བ་བཞིན། ༸གོང་ས་མཆོག་གིས་ཐུགས་ཕམ་ཆེན་པོས་ ༢༠༡༢ ཟླ་ ༨ ཚེས་ ༣ ཉིན་ལ་དྭགས་སུ། གཞོན་ནུ་ཚོགས་པ་དང་མི་སྒེར་ཁ་ཤས་ཀྱིས། ད་ཆ་བོད་གཞུང་ཕྱིར་བསྡུ་བྱས་ཏེ་བོད་གཞུང་མེད་པ་ཆཊ་པ་རེད་ཅེས་ཧ་ཅང་སྐད་ལོག་བརྒྱབ་ཡོད། ” ཅེས་གསུངས་ཡོད་པ་ལུང་འདྲེན་ཐོག  དེ་ནི་བཀའ་དྲིན་ལ་བསམ་ཤེས་མེད་པར་དྲིན་ལན་ལོག་མཇལ་གྱི་བྱ་སྤྱོད་ཅིག་ཡིན་ཚུལ་བཀོད་འདུག

གསར་འགོད་གསལ་བསྒྲགས་དེའི་ནང་མུ་མཐུད། ལོ་སྔོན་མར་བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་གྱི་ཆབ་སྲིད་འགན་དབང་ཡོངས་རྫོགས་དང་། ཁྲིམས་མཐུན་གྱི་རྒྱུན་རྩིས་སྤྲོད་གནང་སྟེ་ཐ་སྙད་ཙམ་དང་དགོང་དབང་གིས་དབུས་བོད་མིའི་སྒྲིག་འཛུགས་ཞེས་མིང་བསྒྱུར་བྱས་ཡོད་ནའང་། དེ་ཤེས་བཞིན་དུ་ཁྱད་གསོད་ཀྱིས་༸གོང་ས་མཆོག་གིས་བོད་གཞུང་མེད་པ་བཟོས་ཚུལ་སོགས་ཀྱི་དཀྲོག་གཏམ་ཕྱི་ནང་གང་སར་བཀྲམས་པ་ནི། ཆོལ་གསུམ་ཆིག་སྒྲིལ་གྱི་གཞི་རྩར་གས་ཆག་གཏོང་བྱེད་ཙམ་དུ་མ་ཟད། ༸གོང་ས་མཆོག་གི་སྐུ་ཕྱྭ་དང་འབྲེལ་བ་གཏིང་ཟབ་ཡོད་པས་ཧ་ཅང་བློ་ཕམ་ཆེན་པོས་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་གསལ་འདུག

དེ་བཞིན་བཙན་བྱོལ་བོད་མིའི་བརྒྱུད་ལམ་དང་ཚགས་ཤོག་ཁག་ཏུ་༸གོང་ས་མཆོག་ལ་གཞི་མེད་སྐྱོན་འཛུགས་དང་། སྒྲོ་འདོགས་སྐུར་འདེབས་སོགས་གསང་མིང་ཐོག་བྱེད་མཁན་བྱུང་ན། དུས་ལྟར་གསར་ཁང་སོགས་ལ་འདྲི་ཞིབ་ཚ་འདེད་ཀྱིས་ཡན་གར་མ་སོང་བ་ཁྲིམས་སར་འགྲོ་དགོས་ཀྱང་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་བསྒྲགས་སོང་།

གསར་བསྒྲགས་དེའི་ནང་། བོད་རིགས་ཡོངས་ནས་ཆེས་གཉན་འཕྲང་གི་སྐབས་འདིར་དགྲ་གཉེན་མགོན་གསུམ་མ་ནོར་བར། རྣམ་དཔྱོད་དང་བློ་རིག་གིས་བརྡར་ཤ་ལེགས་པར་བཅད་དེ། རང་ཚུགས་བརྟན་བཟུང་གནང་རྒྱུའི་འབོད་སྐུལ་ཀྱང་ཞུས་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

སྐྱབས་རྗེ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་དང་དཔྱད་བརྗོད་བགྲོ་གླེང་འཚོགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༩
Mobile App

བཀའ་ཟུར་༧སྐྱབས་རྗེ་ཀིརྟི་རིན་པོ་ཆེ་མཆོག་གི་མཛད་རྣམ་ཤར་སྟག་མོའི་བུ་ཞེས་པའི་འཕྲུལ་དེབ་འགྲེམས་སྤེལ་གྱི་མཛད་སྒོ་འཚོགས།

སྐར་མ ༡༠ སྔོན་ལ།
Mobile App

བོད་རིགས་ཨ་རི་བ་ཨ་ཧྥ་ཊབ་ཀརྨ་སིང་པུ་རི་ཝལ་ལགས་སུ་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ།

ཆུ་ཚོད་ ༢ སྔོན་ལ།
The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཡེ་ཤུའི་ཆོས་དཔོན་རོ་བྷི་ཌི་པེ་ཝེ་སི་མཆོག སྐུ་པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༤།༥།༩
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཡེ་ཤུའི་ཆོས་དཔོན་གསར་པར་འཚམས་འདྲི་མཛད།

ཆུ་ཚོད་ ༤ སྔོན་ལ།
བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་ ༡༤ པ་དབུ་འཛུགས་གནང་། ༢༠༡༩།༡༡།༢༧ དུས་བབ་གསར་ཁང་གི་པར།
Mobile App

 བཙན་བྱོལ་བོད་མིའི་ཆོས་ཚོགས་ཐེངས་བཅོ་ལྔ་པ་འཚོག་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བྷི་རུའུ་ཁིན་སི་བསམ་མཛོད་བསྟི་གནས་ཁང་དུ་བོད་དོན་བཞུགས་མོལ་ཚོགས་འདུ་འཚོགས། ༢༠༢༥།༠༥།༠༧ སྲིད་སྐྱོང་གི་ངོ་དེབ་ཀྱི་པར།
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་གྲོས་ཚོགས་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་།

ཆུ་ཚོད་ ༥ སྔོན་ལ།

མཆན། 37

  1. ཀརྨ་འོད་ཟེར། says:
    ལོ་ 13 སྔོན།

    བཀྲ་ཤིས་ལྷ་མོ་ལགས། ཚོགས་པ་༡༡ ལ་རྒྱབ་སྐྱོར་དང་དབུས་གཞོན་ནུ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

    Reply
  2. བཀྲ་ཤིས་ལྷ་མོ། says:
    ལོ་ 13 སྔོན།

    འདིར་དཔེར་མཚོན་གསལ་བྱེད་ཙམ་ཞིག་ཏུ་གནས་ཚུལ་གསར་པ་ཞིག་གི་ཐོག་ནས་དཔེ་དོན་གོ་སླ་རུ་དགྲོལ་ན་འདི་ལྟར། ནམ་རྒྱུན་བོད་ཕྱི་ནང་གཉིས་སུ་དཀའ་ངལ་ཅི་ཞིག་འཕྲད་ཀྱང་། སྤུན་ཟླའི་ཚེ་སྲོག་མེ་ལ་སྦར་ཡང་། དོན་མེད་བོད་མི་དམར་གསོད་བཏང་ཡང་། ཉམས་ཆུང་བོད་མི་བཙོན་འཇུག་བྱས་ཀྱང་། སྒོར་བུད་ནས་གཏམ་འུག་ཅིག་ལབ་མྱོང་མེད་པའི་ཚོགས་པ་བཅུ་གཅིག་ཟེར་བ་ཞིག དེ་རིང་གྲོག་མ་འབུ་ལ་གཤོག་སྒྲོ་ཐོགས་པ་ལྟར་ཙག་སྒྲ་དང་ཙིར་སྒྲ་བཅས་གློ་བུར་དུ་ས་འོག་ནས་ཐོན་པ་ལྟ་བུའི་གསལ་བསྒྲགས་གནམ་ས་བཀད་པ་ཙམ་བྱས་སོང་།
    དེ་ཡང་གསལ་བསྒྲགས་ཀྱི་ཁ་ཕྱོགས་ནི་བོད་ཕྱི་ནང་གཉིས་སུ་བག་ཆགས་དང་ནུས་པ་ཅུང་ཙམ་ཐོན་པའི་གཞོན་ནུ་ཚོགས་པར་འཁོར་ཏེ། ཁ་དུད་ཁུང་དང་འདྲ་བ་དེ་ནས་གཏམ་རྫས་ལུད་དང་འདྲ་བ་ཁག་ཅིག་ཐོལ་གྱིས་ཐོལ་གྱིས་གད་སྙིགས་ཁྲོད་དང་ལམ་གསུམ་མདོ་དག་ཏུ་ཟགས་ཏེ་སོང་ངོ་། འདི་ནི་སྤྱི་ཚོགས་གཏོར་བཤིག་དང་རྒྱལ་འབངས་དབྱེན་དཀྲུགས་ཀྱི་གཞི་ལས་ལྟ་ཉན་ཡོད་པ་ཞིག་ཡེ་ནས་མ་ཡིན་མོད། དེ་ལྟར་སྒྲོག་མཁན་དག་གིས་ངོ་ཚ་ཞེ་ཁྲེལ་ལྟ་ཅི་ས་ལྡིང་གནམ་ལྡིང་གིས་ཚུལ་དུ་བསྒྲགས་འོང་བ་འདི་ཇི་འདྲའི་སྐྱུག་བྲོ་བ་ཞིག་རེད་ཨང་།

    Reply
  3. ལྷ་ཐོག་སྤྲིན་ཕུང་། says:
    ལོ་ 13 སྔོན།

    ང་ཚོའི་མང་གཙོ་ནི། མང་གཙོ་མ་ཡིན་པའི་མང་གཙོ་རེད་འདུག། ཚོགས་པ་དང་བསྒྲིགས་འཛུགས་ཕྱོགས་རེ་ཙམ་གྱི་ལྟ་བ་དང་ལངས་ཕྱོགས་ལས་བརྒལ་བའི་སྐད་ཆ་བཤད་ཆོག་གི་མི་འདུག། དྲྭ་རྒྱ་དང་བརྒྱུད་ལམ་ཚང་མ་རྒྱ་དམར་ཚང་གི་ཁ་གཏད་གཅོག་ཐོབ་ས་འདུག། ཚང་མ་ལ་རང་དབང་གང་ཡང་མི་འདུག།

    Reply
  4. རིག་བཟང་། says:
    ལོ་ 13 སྔོན།

    བཙན་འབྱོར་གཞུང་དུ་དམངས་གཙོ་ཞེས་པའི་ཐ་སྙད་འདི་སྤྱི་དགེར་སུ་ཡིས་ཁ་ནས་ལབ་ཆོག་ཆོག་འདྲ་ཡོད་ཀྱང་དོན་ངོ་མ་རྒྱལ་བ་རིན་པོ་ཆེ་དང་སྒྲིགས་འཛུག་འདི་ལ་ལྟ་བ་དང་བསམ་ཚུལ་ཐ་དད་པ་བཤད་ན་རྒྱ་མི་སོ་མྱུར་དང་ཡང་ཤུགས་ལྡན་ཚོགས་མི་རེད་ཟེར་ནས་གཞན་གྱི་བསམ་ཚུལ་ལ་ཐུང་ཆུང་དང་སྨ་འབེབ་བྱེད་ཀྱང་རེད་་་་་འདི་འདྲའི་དམངས་གཙོ་ཞིག་གང་ན་ཡོད་དམ་

    Reply
  5. རྐྱང་ཕྲུག ཞི་བདེ་འཚོལ་བསྙེགས་ལ་དགའ says:
    ལོ་ 13 སྔོན།

    དྲ་གྲོགས་ཚོ་རང་ཉིད་ཀྱིས་ཤེས་རྟོགས་བྱུང་བའི་གནས་ཚུལ་ཅིག་བའི་ཞུ་འདོད་བྱུང་། ཚང་མས་ཤེས་གསལ་ལྟར་༧གོང་ས་མཆོག་ཐུགས་ཕམ་འབྱུང་གཞིའི་སྐད་ཆ་དེ་དང་པོ་གླེང་མཁན་འཇམ་ནོར་རེད། དེ་ང་རང་གིས་དངོས་སུ་རླུང་འཕྲིན་ཁག་ལས་གོོ་ཐོས་བྱུང་། འོན་ཀྱང་ཕན་ཚུན་ཚང་མས་ནང་ཚག་བྱས་ནས་སྙོག་གླེང་མེད་པ་བཟོ་ཐབས་ལ་འབད་ན་ལེགས་པར་སེམས།

    Reply
  6. བཙན་ནག་པས། says:
    ལོ་ 13 སྔོན།

    ཚོགས་པ་ ༡༡ གི་གསལ་བསྒྲགས་དེར་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། གང་ལགས་ཞེ་ན་ཁྱོད་རྣམས་པས་རྒྱལ་བའི་མཚན་བེད་སྤྱོད་ལོག་པར་བཏང་ནས་ནང་ཁུལ་ལ་འཇིགས་བསྐུལ་བྱེད་ཀྱི་འདུག བོད་ཀྱི་གཞོན་ནུ་ཚོགས་པས་གཞུང་འབྲེལ་གྱིས་ཐོག་ནས་༸རྒྱལ་བ་རིན་པོ་ཆེའི་བོད་གཞུང་འདུ་སོག་རྒྱབ་སོང་། རེ་བ་བྱེད་ས་མིན་འདུག་ཞེས་གང་དུ་བཤད་ཡོད་ཁུངས་ལུང་སྟོན་ཡས་ཡོད་དམ། ཡོད་ན་སྟོན་དང་། མེད་ན་ཁྱོད་རང་ཚོ་ཡང་ཁྲིམས་ལ་བརྩིས་འཇོག་བྱ་དགོས་མིན་ནམ་ཞེས་དྲན་བཀུལ་ཞུ་འདོད་བྱུང་། འདས་པའི་ལོ་རྒྱུས་ནང་ཚོགས་པ་་༡༡ གི་བོད་དོན་ཐོག་ལས་འགུལ་ཇི་ཙམ་སྤེལ་ཡོད་མེད་དང་། བོད་ཀྱི་གཞོན་ནུ་ཚོགས་པས་བོད་དོན་ལས་འགུལ་ཇི་ཙམ་སྤེལ་ཡོད་མེད་ས་རི་ཐང་གསལ་ཡིན། གཞོན་ནུའི་ལས་འགུལ་མིག་ལ་མ་སོང་ན་ཁྱོད་ཚོགས་པ་་༡༡ རྒྱ་དགའ་ཞིག་ལས་བོད་དགའ་ཞིག་མ་རེད་དོ། ཁྱོད་རྣམ་པ་ཁྲིམས་ལ་འབྱོར་འདོད་ཡོད་ན་རྒྱ་དམར་གྱི་འགོ་གཙོ་རྣམས་རྒྱལ་སྤྱིའི་ཁྲིམས་ལ་སྦྱོར་དང་། གཞི་བྱེས་བོད་མི་ཡོངས་ནས་རྒྱབ་བསྐྱོར་ཞུ་ངེས། དེ་འདྲ་བྱ་རྒྱུ་ཞིག་ཁྱོད་རྣམས་ཀྱིས་རྨིས་ལམ་ནང་ཡང་འཁོར་མྱོང་ངམ། ནང་ཁུལ་ལ་སྟག་ལས་ངར་བ་དེ་སུ་ལ་ཕན་པ་ཡོད་དམ། དགོངས་པ་ཡག་པོ་བཞེས་རོགས། སེམས་གཏིང་གིས་སྐད་ཆ་ཡིན།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    འབྲེལ་བ་མེད་པར། དགོངས་དག དུས་བབ་དྲྭ་བདག་ལགས་སུ། ངའི་འདི་ངེས་པར་དུ་འགོད་རོགས་གནོངས།

    ཁ་བརྡའི་དྲྭ་བདག་ལགས་སུ། ངའི་སྨྱུག་མིང་མེ་རྡོ་རྗེ་དང་། ངའི་མིང་དངོས་ཀརྨ་རྡོ་རྗེ་གཉིས་ལས་གཅིག་མ་བཀག་རོགས་ཞེས་འབོད་བསྐུལ་ཞུའོ། །

    ཁ་བརྡའི་ནང་ལ་ངའི་མཆན་བུ་འགའ་ཤས་མ་ཐོན་པས་འདི་ལྟར། འདིར་མ་བྲིས་ཐབས་མེད་བྱུང་སོང་ལགས། དང་ཐོག་ནས། ཐུགས་རྗེ་ཆེ་ཞེས་ཞུའོ། །

    Reply
  8. གངས་འོད། says:
    ལོ་ 13 སྔོན།

    འདིར་མཆན་འདེབས་པའི་དྲ་བ་མང་པོ་སླེབས་འདུག འོན་ཀྱང་དོན་དངོས་གླེང་མཁན་གཅིག་ཀྱང་མཐོང་མ་སོང་། ཕྱོགས་གཅིག་གིས་གཞོན་ལྷན་གཙོས་གང་ཟག་སྒེར་བ་འགའ་བཅས་ལ་དམའ་འབེབས་པར་བྱེད། ཕྱོགས་གཅིག་གིས་ཚོགས་པ་སྐྱིད་སྡུག་ཁག་༡༡ལ་ཚོགས་གཏམ་སྐྱོན་འཛུགས་བྱེད། མདོར་བསྡུས་ན་ཤ་ཁྲག་གཅིག་པའི་བོད་ཚོགས་པ་དང་། བོད་སྒེར་བ་འགའ་ལ་སྡུག་ར་བསྐུལ་རྒྱུ་ལས་མ་འདས་སོ།། རང་ཉིད་ཀྱིས་མཆན་བུ་བཏབ་པའི་དོན་དང་བྱེད་ལས་ཅི་ཞིག་ཡིན་པ་མཐོང་གི་མེད་པར། ནང་མ་དཀྲུགས་ཟེར་མཁན་ཀྱང་མང་མང་འདུག གང་ལྟར་ང་ཚོས་སེམས་གཏམ་ཀྱི་ཚུལ་དུ་ཕ་རོལ་བོ་ལ་ནང་གཏམ་བཤད་ན་ཅིས་མ་ཆོག་པ་རེད། ཡིན་གཅིག་མིན་གཅིག་མདའ་མདུང་གི་རྩེ་ལྟ་བུའི་ཚིག་རྩུབ་དག་ནང་ཁུལ་གཡུགས་དོན་ཅིའི་ཕྱིར་དུ་རེད། ཁྱེད་ཀྱི་སེམས་སུ་རྒྱལ་བ་རིན་པོ་ཆེ་དང་བོད་གཞུང་གི་ལས་དོན་དུ་བཤད་བཞིན་པར་སེམས་ཡང་། བྱེད་སྟངས་འདིར་རྒྱལ་བ་རིན་པོ་ཆེས་གཟིགས་ན་ཡང་མཉེས་པོ་མི་ཡོང་པ་ཐག་གིས་ཆོད། རྒྱལ་བ་རིན་པོ་ཆེའི་སྐུ་ཞབས་ལ་ཐ་གུ་འདོགས་པ་དང་གཅིག་མཚུངས་རེད། སྐུ་སྐྱིད། ཚོགས་པ་དང་སྒེར་བ་མཆན་པ་སུ་ཡིན་ཡང་། ང་ཚོས་དོན་དངོས་ལ་ཐུགས་བསམ་ཕོག་ན་མ་གཏོགས་གང་བྱུང་མི་སྨྲ་བར་འབོད་སྐུལ་ཞུ་བཞིན་ཡོད།

    Reply
  9. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    དུས་སྐབས་དེར་སྐྱོན་བརྗོད་གནང་ན་དགོས་པ་དང་ཕན་ཐོག་ཡོད་སྲིད་ལ། འོས་པ་ཡང་རེད་མོད། ད་ཆ་བྱེད་པ་ནི་གོ་བཟུང་ནས་དཀྲུགས་ཤིང་རྒྱག་པ་ལས་མ་འདས་པས་ཕྱིར་འཐེན་གནང་གལ་ལོ།།
    མཆན་པ་ཚོས་ཀྱང་སྐབས་འདིར་མི་སྒེར་ལ་དམོད་པ་ནི་མང་གཙོ་ལོག་པར་སྤྱོད་པར་སྣང་བས་མི་ལེགས་སྙམ་མོ།།མ་གཞི་ནས་ཁ་དམག་བརྒྱབ་ནས་དོན་ལ་གནོད་ལས་ཕན་མེད་པ་ཀུས་ཤེས་ཡིན་པས་བག་ཡོད་གནང་རོགས་ཞུའོ།།

    Reply
  10. བདེན་གཏམ། says:
    ལོ་ 13 སྔོན།

    དྲྭ་གྲོགས་ཤིག་ལགས། ཁྱེད་ཞུ་རྒྱུ་ཤིག་ནི། གུས་ནས་མིང་འཀོད་བྱས་པས་མི་དེ་དག་གི་བོད་དོན་ནམ་རང་དོན་གང་ཡང་རུང་བ་བྱེད་དང་མི་བྱེད་ཐོག་གང་ཡང་གླེང་མེད་མོད། འོན་ཀྱང་གུས་ངོས་ནས་ལས་དོན་བྱེད་ཕྱོགས་ཐད་སྐུ་ཉིད་ལ་ཞུ་དགོས་རྒྱུ་ཚན་གང་ཡང་མ་མཆི། འདི་གར་དྲྭ་གྲོགས་འགའི་མི་ཞིག་གི་གཅིག་བྱས་འདུག་གཉིས་བྱས་འདུག་བཤོད་པ་ལས་མི་དེ་དག་གི་མིང་ནས་སྨྲོས་ན་ལེགས་ཚུལ་གསུངས་འདུག་ན་དྲྭ་གྲོགས་ཀརྨ་རྡོ་རྗེའི་བྲིས་པ་དེ་ལས་ཀྱང་གསལ་དུ་དགོས་ན་འདི་ལྟར་རོ་ཞེས་བྲིས་པ་ལས་གཞན་གང་ཡང་མེད། ལར་ནས་གུས་ཀྱི་ཞུ་རྒྱུ་ཞིག་ནི་འཇམ་ནོར་གཙོས་པའི་མི་དེ་དག་གི་ལས་དོན་བྱེད་ཀྱི་མིན་འདུག་དང་བྱེད་མིན་འདུག་ཞུས་ཀྱི་མེད། བྱེད་ཀྱིས་འདུག་བྱེད་དྲག་འདུག་བཅས་བཤོད་ཀྱི་ཡོད། ཧཧཧཧཧ

    Reply
  11. ལྷོ་ཕྱོགས་ཉི་ཟླ། says:
    ལོ་ 13 སྔོན།

    གཞོན་ནུའི་མགོ་བྱེད་ཁ་ཤས་ཞིག་གིས་གཞོན་ནུའི་མཐོང་ཆུང་རུ་གཏོང་གིན་འདུག་དེ་ཙམ་གྱི་འཐབ་རྩོད་ཀྱི་ནུས་པ་ཡང་ཏན་ཏན་དུ་ཆུང་རུ་འགྲོ་གི་རེད། གཞོན་ནུ་རང་གི་ཚོགས་མའི་འགན་ཁུར་དགོས་པ་རེད། 
    གཞོན་ནུའི་འཐབ་རྩོད་གཙོ་བོ་མི་བྱེད་ལྟ་བ་གཙོ་བོར་བྱེད་པ་དེ་སྐྱོན་ཆ་ཆེ་ཤོས་རེད། གཞོན་ནུའི་མི་ཞིག་ཡིན་ཆད་གཞུང་ལ་ཤ་ཞེན་དང་ཡིད་ཆེས་དགོས་རེད།
    རང་བཙན་ཡིན་ལབ་ནས་མ་ཎི་འདོན་འདོན་བྱས་ནས་བསྡད་ན་ཅི་ཡང་ཕན་ཅི་མ་རེད། གྲ་སྒྲིག་ཨང་གསར་ཅི་ཡོད། རང་གི་ནང་ནས་གོང་ས་མཆོག་ལ་ཐུགས་ཕམ་བཟོ་མཁན་ཡོད་ན་མཐའ་གཅིག་ཏུ་མི་མང་ཡོང་ནས་ངོ་རྒོལ་བྱས་ན་དེ་ནི་འོས་ཤིང་མཚམས་པ་ཞིག་རེད།

    Reply
  12. ཤིག། says:
    ལོ་ 13 སྔོན།

    དྲྭ་གྲོགས་ཀརྨ་རྡོར་རྗེ་དང་བདེན་གཏམ་ལག།

    ཁྱེད་ཀྱི་མིང་དོན་བྱས་པའི་མི་དེ་དག་གི་བོད་དོན་ཐོག་ལས་ཀ་བྱེད་མེད་ན་ཁྱེད་རང་ནས་ཁོང་རྣམ་ལས་ལྷག་པ་གང་བྱས་ཡོད།

    ངས་བསམ་པ་མི་དེ་རྣམ་ནས་བོད་དོན་ཐོག་ལས་ཀ་བྱེད་ཡོད་ལ་བྱེད་བཞིན་ཡོད་པ་ཞིག་ཐོང་གི་འདུག།

    Reply
  13. མི་ཉག་བཙན་པོ says:
    ལོ་ 13 སྔོན།

    འཇམ་ནོར་ལ་འཁུ་སེམས་དང་འཁོན་འཛིན་བཅངས་དགོས་དོན་གང་ཡང་མེད། ཡིན་ན་ཡང་༸་གོང་ས་མཆོག་གིས་ཐུགས་ཕམ་པའི་བཀའ་སློབ་གནང་དགོས་དོན་ནི་མི་དེ་དག་གིས་འཆལ་གཏམ་དང་དཀྲུག་ཤིང་ཟུར་ཟ་སྣ་ཚོགས་བྱས་ནས་གོང་ས་མཆོག་གིས་ལམ་སྟོན་འོག་ཤར་བསྐྱོད་གནང་བཞིན་པའི་བོད་མིའི་སྒྲིག་འཛུགས་ལ་དམའ་འབེབ་དང་ཁུངས་ལུང་མེད་པའི་གཞི་མེད་ཉེས་འཛུགས་ཀྱི་ལས་འགུལ་སྤེལ་ནས་མི་མང་པོ་མགོ་རྨོངས་ཐབས་དང་།རང་ཉིད་ཆབ་སྲིད་པ་གྲགས་ཅན་ཞིག་ཡིན་ཁུལ་རྣམ་འགྱུར་གྱི་སྒོ་ནས་བོད་མི་མང་པོ་ཞིག་བསླུ་ཐབས་བྱས་པ་དང་། བྱེད་བཞིན་པ་རེད།
    བོད་མིའི་ནང་ཁུལ་གཅིག་སྒྲིལ་ལ་གནོད་པའི་ལས་འགུལ་རིམ་པ་སྤེལ་བ་ལ་བརྟེན་ནས་བྱུང་བ་རེད།མི་སྣ་གཙོ་བོ་འཇམ་ནོར་དང་ལྷག་བསམ་ཚེ་རིང་བསྟན་འཛིན་བརྩོན་འགྲུས་བཅས་རེད། རྣམ་པ་ཚོས་མ་ཤེས་པ་དང་མ་གོ་བ་ཡོང་མི་སྲིད་པ་ཞིག་པ་རེད།
    མི་ད་དག་གིས་བོད་དོན་ལ་ཕན་པའི་ལས་ཀ་སྣེ་གཅིག་བྱས་མྱོང་མེད། མི་དེ་དག་ལ་འཆར་གཞི་གང་ཡང་མེད། གྲ་སྒྲིག་གང་ཡང་མེད། དོན་དངོས་དང་མཐུན་པའི་བསམ་ཤེས་མེད།
    ཚིག་སྟོང་སྒྲོགས་པ་ཁོ་ན་ལས། གྲ་སྒྲིག་གང་ཡང་མེད་པའི་ལག་སྟོང་རེད། འཆར་གཞི་གང་ཡང་མེད་པའི་བསམ་སྟོང་རེད། མི་དེ་དག་ལ་བོད་རང་བཙན་ལེན་ཐབས་ཀྱི་དམིགས་བསལ་གྱི་འཆར་གཞི་གང་ཡོད། གྲ་སྒྲིག་གང་ཡོད། ལས་འགུལ་གང་སྤེལ་མྱོང་ཡོད། ལས་འགུལ་གང་འདྲའི་འཆར་གཞི་ཡོད།ཕྱིར་མིག་བལྟས་ན་མི་ཤེས་མཁན་སུ་ཡོད།མི་དེ་དག་གིས་སྐད་ཆ་གང་བཤད་ཐམས་ཅན་༸གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་སྲིད་བྱུས་དེ་དག་ལ་ཁ་གཏོང་བ་ཤ་སྟག་རེད།
    གཞོན་ནུ་ཚོགས་པའི་ལས་འགུལ་ལ་ཡི་རང་དང་བསྔགས་བརྗོད་ཡོད་ཀྱང་མི་དེ་དག་གི་རྗེས་སུ་མི་འབྲང་བའི་རེ་བ་ཡོད།

    Reply
  14. བཀྲ་ཤིས། says:
    ལོ་ 13 སྔོན།

    དངོས་གནས་ནོར་བ་ཆེན་པོ་ཐེབས་འདུག ༸གོང་ས་མཆོག་ལ་(མཚན་སྨད་)ཟེར་བའི་ཚི་དེ་ཧ་ཅང་ཐལ་དྲགས་པ་རེད། (མཚན་སྨད་)བྱེད་ཟེར་བ་དེ་འདྲ་ཞིག་རྩ་བ་ཉིད་ནས་མ་རེད། (མཚན་སྨད་)དེ་འདྲ་བྱེད་མྱོང་གཏན་མེད་པའི་གཞོན་ནུ་དང་མི་སྒེར་སུ་ཡིན་རུང་རང་བཙན་ཡིན་ཟེར་མཁན་དང་བོད་གཞུང་གི་ཐ་སྙད་རང་འཇག་དགོས་པ་རེད་ཅེས་བཤད་པ་རེད། དེ་བསམ་ཚུལ་ཙམ་རེད་མང་གཙོ་ཞིག་ཡིན་ན་་བསམ་ཚུལ་བཤད་ལོས་ཆོག དེ་(མཚན་སྨད་)་མ་རེད་། ཕྱིད་ཆད་དེ་འདྲ་རྩ་བ་ཉིད་ན་སམ་གསུངས་རོགས།

    Reply
  15. བདེན་གཏམ། says:
    ལོ་ 13 སྔོན།

    འདིར་དྲྭ་གྲོགས་འགའི་མིང་ཁ་གསལ་བཀོད་རོགས་ཞེས་གསུངས་འདུག
    ཡང་དྲྭ་གྲོགས་འགའི་མིང་ཧ་ཅང་གི་གསལ་པོ་བྱེད་ནས་གསུངས་འདུག་སྙམ།
    ད་དུང་ཡང་ཁ་གསལ་ཏུ་གཏོང་ན། དྲྭ་གྲོགས་ཀརྨ་རྡོ་རྗེའི་མཆན་ཏུ་འཁོད་པ་ལྟར་
    ༡ ལྷ་བཟང་ཚེ་རིང་། ༢ འཇམ་དབྱངས་ནོར་བུ། ༣ ཀླུ་མཁར་བྱམས། ༤ གཞོན་ལྷན་ཚེ་དབང་། ༥ བསྟན་འཛིན་བཙོན་གྲུས། བཅས་ཀྱི་མིང་ཁ་གསལ་བཀོད་འདུག
    ད་དུང་མུ་མཐུས་ནས་བཀོད་རོགས་ཞུ་རྒྱུ་ཡིན། མ་གཞི་ནས་ཐོད་དམར་བསྟན་འཛིན་བཙོན་གྲུས་ཀྱི་ཐོད་པར་ཡོད་པའི་རས་དམར་འདི་ཧ་ལམ་་་་་་་་་་་་་་་་་་་་་་་་་་་་་་་་་་་་དར་དམར་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་།

    Reply
  16. ཤིག། says:
    ལོ་ 13 སྔོན།

    ཚོགས་སྐྱིད་༡༡་གི་ཚོགས་གཙོའི་སྙན་ལམ་དུ།

    ཁྱེད་རྣམ་ཀྱི་ཐུགས་ཁུར་ཆེ་མདོག་གི་གསལ་སྒྲགས་སྐྱོངས་བ་དེར་གུས་པའི་དགའ་སུ་མེད་ལ་༧གོང་ས་མཆོག་ལ་མཚན་མེད་ཞུ་ན་ག་ལ་དགའ། ཁྱེད་རྣམ་པའི་ཚོགས་པ་དེ་མིང་དོན་ཡོད་པའི་ལས་སྣེ་ཅིག་ཀྱང་མ་བྱེད་པར་སྤྱི་ཚོགས་ནང་ཟང་ཟིང་ཁོ་ནར་མིག་དེ་ཡིད་བཞིན་ནོར་བུ་མཚན་བདེ་སྤྱོད་མ་བྱེད་རོགས།
    ཡང་༧གོང་ས་མཆོག་གི་བོད་གཞུང་མེད་པ་བཟོས་སོང་ཟེར་བ་དེ་ལ་འགག་པམཐའ་ཅིག་དུ་ཡོད་ལ་་དེ་འདྲ་བཤད་མཁན་ཚོས་རྒྱ་མི་སོ་ཉུལ་རྩི་རྒྱུ་ཡིན། ཁྱེད་རྣམ་པའི་གསལ་སྒྲགས་ནང་གཞོན་ལྷན་བཀོད་འདུག་པའི་གཞོན་ལྷན་ནི་མི་ཁ་དེ་རེ་གཉིས་དང་གསལ་སྒྲགས་སྦེལ་མཁན་གི་ཚོགས་སྐྱིད་༡༡་དང་སྡུར་ན་བཙན་བྱོན་ནང་རང་བཙན་དང་རྩ་དོན་ཐོག་ལས་ཀ་བྱེད་མཁན་ཡག་ཤོས་དང་རྒྱ་མི་འཇིགས་ས་ཅིག་པོ་དེ་ཡིན་པའི་༧གོང་ས་མཆོག་གི་བཀའ་སྒྲབ་པ་ལས་འགལ་མི་སྲིད་པའི་ཁྱེད་རྣམ་ནས་གཞོན་ལྷན་༧གོང་ས་མཆོག་ལ་རྒྱབ་འགལ་བྱས་པའི་ཁུང་ལུང་མེད་ན་དེ་འདྲ་མ་གསུངས་རོག།

    Reply
  17. རྒྱ་རྙི། says:
    ལོ་ 13 སྔོན།

    སྤྱིར་ན་ང་རང་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་སྒྲིག་འཛུགས་ལ་དགའ་མཁན་དང་། རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་ལ་གཞོན་ནུས་ལས་འགུལ་སྤེལ་སྐབས་ཚང་མར་འེ་ཐོན་ཐོན་ལྟ་མཁན་ཞིག་ཡིན།
    ཡིན་ནའང་༸གོང་ས་མཆོག་གིས་བཀའ་འབྲེལ་གྱིས་བོད་གཞུང་གི་མིང་ལ་འགྱུར་བ་བཏང་བར་གཞོན་ནུ་ལྷན་ཚོགས་ཀྱིས་མ་འདོད་པའི་རྣམ་འགྱུར་སྣ་ཚོགས་བསྟན་པ་དང་། ༸གོང་ས་མཆོག་གི་གསུང་ཆོས་གསུང་སར་བཅར་ཏེ་སྟོད་གོས་ཐོག་བྲིས་ཏེ་ངོ་རྒོལ་གྱི་རྣམ་འགྱུར་བསྟན་པ། དེ་བཞིན་བོད་གཞུང་བསྡུ་གསོག་རྒྱབ་སོང་བའི་སྡུག་སྐད་ལུང་པ་གང་བརྒྱབ་པ།
    གླིང་ཚ་མ་བུ་གསུམ་གྱི་མི་སྒེར་གྱི་ལས་འགུལ་ཐོག་ལ་ཐལ་ཆ་ཆེ་བའི་སྡིགས་ར་བསྐུལ་བ་སོགས་ཀྱིས་ངའི་སེམས་པ་གཞོན་ནུའི་ཐག་རིང་ཞིག་ཏུ་གཡུགས་སོང་། གང་ལྟར་རྩོད་པ་མ་རྒྱག ཁ་ནང་གི་རྨ་ཁ་ནང་དུ་སོས་པའི་རེ་བ་ཡོད།

    Reply
  18. རྒྱང་མིག says:
    ལོ་ 13 སྔོན།

    བོད་དོན་གྱི་ལས་འགུལ་ཞིག་སྤེལ་དུས་བོད་གྱི་གཞོན་ནུ་ལྷན་ཚོགས། རང་བཙན་སློབ་ཕྲུག་ཚོགས་པ། རྒྱལ་ཡོངས་དམངས་གཙོ་ཚོགས་པ། དགུ་བཅུ་གསུམ་ཚོགས་པ། སོགས་ལས་གོང་གི་ཚོགས་སྐྱིད་༡༡་ཚང་གཉིད་ལ་ཤོར་བ་ལྟར་གོ་རྒྱུ་ཚོར་རྒྱུ་ཡོད་མ་རེད།།
    འཁྲབ་སྟོན་བྱེད་ཡ་གོ་སྐབས་རག་དུས་སྔོན་ལ་ཐོན་ཡོང་གི་འདུག།

    Reply
  19. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ངོ་རྒོལ་བྱེད་བསམ་མཁན་ཚོས་གཤམ་གྱི་ལོག་བཤད་ཁག་ལ་ལན་བསྐྱོན་རོགས།

    ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏམ་བརྗོད་ཀྱི་མཐིལ་བརྟོལ་ནས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་བྱེད་པའི་དཔྱད་གཏམ།

    བོད་ལྗོངས་ཉིན་རེའི་ཚགས་པར། — བོད་ལྗོངས་རླུང་འཕྲིན་དྲ་བ།
    2012-1-25 17:17:07

    ༄༅། ། ཏཱ་ལས་སླར་ཡང་རྫུན་གཏམ་ཤོད་པ།
    ༄༅། ། ཆོས་ལུགས་གཙོ་འཛིན་ཟེར་བའི་གཡོ་སྒྱུ་གསར་ཤོས་ལ་གཟིགས་དང༌།
    ༄༅། ། གངས་ལྗོངས་ས་མཐོར་བརྗིད་ཆེའི་འཆར་འགོད་ལག་བསྟར་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་ཡོད།
    ༄༅། ། ཁ་གདངས་ཚད་ལ་རྫུན་གཏམ་ཤོད་མཁན་ཏཱ་ལའི་མིག་ནང་གི་ཞི་བདེ་དང་འཚེ་མེད་ཞི་བ་ཟེར་བར་ལྟོས་དང༌།
    ༄༅། ། ཆོས་ལུགས་ཀྱིས་བདག་དབང་གཏན་འཁེལ་བྱེད་པ་ཟེར་བ་དེ་ནི་དངོས་འབྲེལ་ཁུངས་ལུང་གཏན་ནས་མེད་པ་ཞིག་རེད།
    ༄༅། ། བོད་ཡུལ་གྱར་སྲིད་གཞུང་ལ་ཁྲིམས་མཐུན་རང་བཞིན་གང་ཡང་མེད།
    ༄༅། ། རྫུན་གཏམ་ཤོད་རྒྱུར་གོམས་པ་ཞིག་གི་གདོང་རིས་ངོ་མ།
    ༄༅། ། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་མིག་སྒྲིབ་བྱེད་ཀྱི་ཐབས་དང་བོད་ཆེན་པོའི་སྐོར་གྱི་ལྐོག་གཡོ།
    ༄༅། ། ཏཱ་ལས་སླར་ཡང་རང་གིས་རང་ལ་འགྲམ་ལྕག་གཞུས་པ།
    ༄༅། ། མངོན་སུམ་འཛེམ་མེད་ངང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་ལ་རྡོག་རོལ་གཏོང་མཁན་ཏེ་བོད་ཀྱི་རིག་གནས་རྩ་མེད་གཏོང་མཁན།
    ༄༅། ། ནམ་མཁར་མི་ཤོང་བའི་རྫུན་གཏམ་གྱིས་དོན་དངོས་ལ་གཡོ་འགུལ་གཏོང་ག་ལ་ཐུབ།
    ༄༅། ། རྒྱ་གར་གྱི་བུ་ཕྲུག་ཡིན་ཟེར་མཁན་དེ་ཅི་འདྲ་ཞིག་ཡིན་ནམ།
    ༄༅། ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་བོད་མི་དམངས་ཀྱི་ཁྲིམས་མཐུན་ཚབ་བྱེད་པ་རེད་དམ། ཟེར་བའི་རྫུན་ཧམ་ལ།

    ངོ་རྒོལ་བྱེད་བསམ་མཁན་ཚོས་གཤམ་གྱི་ལོག་བཤད་ཁག་ལ་ལན་བསྐྱོན་རོགས། ཟེར་བ་ལ།

    ལན་དུ་ཀརྡོས།

    ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏམ་བརྗོད་ཀྱི་མཐིལ་བརྟོལ་ནས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་བྱེད་པའི་དཔྱད་གཏམ།
    བོད་ལྗོངས་ཉིན་རེའི་ཚགས་པར། — བོད་ལྗོངས་རླུང་འཕྲིན་དྲ་བ།
    2012-1-25 17:17:07
    ༄༅། ། ཏཱ་ལས་སླར་ཡང་བདེན་གཏམ་ཤོད་པ།
    ༄༅། ། ཆོས་ལུགས་གཙོ་འཛིན་ཟེར་བའི་སྲིད་བྱུས་གསར་ཤོས་ལ་གཟིགས་དང༌།
    ༄༅། ། གངས་ལྗོངས་ས་མཐོར་བརྗིད་ཆེའི་འཆར་འགོད་ལག་བསྟར་བྱས་ནས་རི་ཀླུང་རྔོག་བཏོན་གཡང་མཆོང་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་ཡོད།
    ༄༅། ། ཞལ་ནས་གསུངས་ཚད་ལ་ཕན་གཏམ་གསུངས་མཁན་ཏཱ་ལའི་ཐུགས་ནང་གི་ཞི་བདེ་དང་འཚེ་མེད་ཞི་བདེ་གསུངས་པ་ལ་རེ་ལྟོས་གྱིས་དང་།
    ༄༅། ། ཆོས་ལུགས་ཀྱིས་བདག་དབང་གཏན་འཁེལ་པ་གསུངས་པ་དེ་ནི་དངོས་འབྲེལ་ཁུངས་ལུང་དང་ལྡན་པ་ཞིག་རེད།
    ༄༅། ། བོད་ཡུལ་གྱར་སྲིད་གཞུང་ལ་བོད་མིའི་འགྲིགས་འཛུགས་ཞེས་བཏགས་པ་དེ་ནི་ཁྲིམས་མཐུན་རང་བཞིན་རང་རེད།
    ༄༅། ། རྒྱ་གཞུང་ང་ཚོས་རྫུན་གཏམ་ཤོད་རྒྱུར་གོམས་པ་ང་ཚོའི་གདོང་རིས་ངོ་མ་འདི་ངོ་ཚ་བ་མི་འདུག་གམ།
    ༄༅། ། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་བོད་རྒྱ་ཞི་འགྲིག་གི་ཐབས་དང་བོད་ཆེན་པོའི་སྐོར་ལ་ཁུངས་ལྡན་གསུངས་འདུག
    ༄༅། ། ཏཱ་ལས་སླར་ཡང་རང་གིས་འཛམ་གླིང་ཐོག་ལ་ཞི་བདེ་བསྐྲུན་པའི་གཟེངས་རྟགས་བླངས་འདུག
    ༄༅། ། ང་ཚོ་རྒྱ་གཞུང་གིས་ན། མངོན་སུམ་འཛེམ་མེད་ངང་པཎ་ཆེན་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་ལ་རྡོག་རོལ་གཏོང་མཁན་ཏེ་བོད་ཀྱི་རིག་གནས་རྩ་མེད་གཏོང་མཁན་དངོས་དེ། ང་ཚོ་རང་རེད་འདུག ཀྲུང་གཡང་བློ་མཐུན་ཚོ། ད་ང་ཚོས་བོད་མིར་དགོངས་དག་ཞུ་རན་འདུག་གོ
    ༄༅། ། ང་ཚོ་གུང་བྲན་ཏང་གིས་ནམ་མཁར་མི་ཤོང་བའི་རྫུན་གཏམ་གྱིས་དོན་དངོས་ལ་གཡོ་འགུལ་གཏོང་ག་ལ་ཐུབ།
    ༄༅། ། ཏྰ་ལའི་ཁོང་རང་རྒྱ་གར་གྱི་བུ་ཕྲུག་ཡིན་ཟེར་བ་དེ་ཅི་འདྲ་བའི་མི་བདེ་བ་ཆེན་པོ་བྱུང་བ་དེ་ཡང་། ང་ཚོས་བཟོས་པ་དེ་ཡང་མ་བརྗེད་པར་བྱེད་དགོས་འདུག
    ༄༅། ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་བོད་མི་དམངས་ཀྱི་ཁྲིམས་མཐུན་ཚབ་བྱེད་པ་རེད་དམ། ཟེར་ན། ཡིན་དང་ཡིན་བོད་མི་མང་གི་ཚབ་བོད་མིས་མ་བྱས་ན་སུས་བྱེད་ཐུབ། ད་ང་ཚོ་ཏང་མི་ཚོ་ཁྱི་ཁ་བཙུམས་ནས་བསྡད་ཡག་ག་འདུག་གོ ། ཧ་ཧ། ཧོ་ཧོ།

    Reply
  20. བཀྲ་ཤིས་ལྷ་མོ། says:
    ལོ་ 13 སྔོན།

    ཚོགས་སྐྱིད་ཁག་བཅུ་གཅིག་ཟེར་བའི་བྱེད་གཏེ་ཚོར་འཇོན་ཐང་ཡོད་ན་དང་པོ་གཤམ་གསལ་དེ་དག་ཁྲིམས་སར་བསྐྱལ་ཏེ་མཐའ་བསྐྱེལ་ཤོག་དང་། དེ་མིན་ཁྱེད་ཚོ་འདྲ་བ་༡༡་མི་དགོས་༡༠༠་འཕར་ཡོང་ན་བྱེད་རྒྱུ་གང་ཡང་མེད་མཁན་སྟོང་གཏམ་ཤོད་མཁན་ཤིག་ལ་ངོས་འཛིན་མ་མཐུ་མེད་རེད།

    ཏཱ་ལས་སླར་ཡང་རྫུན་གཏམ་ཤོད་པ།
    ༄༅། ། ཆོས་ལུགས་གཙོ་འཛིན་ཟེར་བའི་གཡོ་སྒྱུ་གསར་ཤོས་ལ་གཟིགས་དང༌།
    ༄༅། ། གངས་ལྗོངས་ས་མཐོར་བརྗིད་ཆེའི་འཆར་འགོད་ལག་བསྟར་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་ཡོད།
    ༄༅། ། ཁ་གདངས་ཚད་ལ་རྫུན་གཏམ་ཤོད་མཁན་ཏཱ་ལའི་མིག་ནང་གི་ཞི་བདེ་དང་འཚེ་མེད་ཞི་བ་ཟེར་བར་ལྟོས་དང༌།
    ༄༅། ། ཆོས་ལུགས་ཀྱིས་བདག་དབང་གཏན་འཁེལ་བྱེད་པ་ཟེར་བ་དེ་ནི་དངོས་འབྲེལ་ཁུངས་ལུང་གཏན་ནས་མེད་པ་ཞིག་རེད།
    ༄༅། ། བོད་ཡུལ་གྱར་སྲིད་གཞུང་ལ་ཁྲིམས་མཐུན་རང་བཞིན་གང་ཡང་མེད།
    ༄༅། ། རྫུན་གཏམ་ཤོད་རྒྱུར་གོམས་པ་ཞིག་གི་གདོང་རིས་ངོ་མ།
    ༄༅། ། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་མིག་སྒྲིབ་བྱེད་ཀྱི་ཐབས་དང་བོད་ཆེན་པོའི་སྐོར་གྱི་ལྐོག་གཡོ།
    ༄༅། ། ཏཱ་ལས་སླར་ཡང་རང་གིས་རང་ལ་འགྲམ་ལྕག་གཞུས་པ།
    ༄༅། ། མངོན་སུམ་འཛེམ་མེད་ངང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་ལ་རྡོག་རོལ་གཏོང་མཁན་ཏེ་བོད་ཀྱི་རིག་གནས་རྩ་མེད་གཏོང་མཁན།
    ༄༅། ། ནམ་མཁར་མི་ཤོང་བའི་རྫུན་གཏམ་གྱིས་དོན་དངོས་ལ་གཡོ་འགུལ་གཏོང་ག་ལ་ཐུབ།
    ༄༅། ། རྒྱ་གར་གྱི་བུ་ཕྲུག་ཡིན་ཟེར་མཁན་དེ་ཅི་འདྲ་ཞིག་ཡིན་ནམ།
    ༄༅། ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་བོད་མི་དམངས་ཀྱི་ཁྲིམས་མཐུན་ཚབ་བྱེད་པ་རེད་དམ།
    དེའི་སྐད་ཆ་དེ་ཚོ་གཙང་མ་ཞིག་བཟོས་ཤོག་དང་། ཧཧཧཧཧཧཧཧཧཧཧཧཧ། སེང་སྤགས་གྱོན་པའི་བོད་བུ་བཞྀན་ནོ། བོད་པ་ནང་ཁུལ་དུ་སྟག་ངར་ངར། དགྲ་བོ་རྒྱ་མི་མཐོང་དུས་ག་སོང་མེད།

    Reply
  21. བཀྲ་ཤིས། says:
    ལོ་ 13 སྔོན།

    ཚོགས་སྐྱིད་ཁག་ཡིན་ཡང་རེད། མི་སུ་ཡིན་རུང་གནད་དོན་འདི་ལ་ནོར་འཁྲུལ་ཆེན་པོ་གཅིག་འདུག ༸གོང་ས་མཆོག་ལ་(མཚན་སྨད་)ཟེར་བ་དེ་ཧ་ཅང་ཐལ་བ་རེད། བོད་གཞུང་ཕྱི་བསྡུ་བྱས་པ་དང་ལམ་དབུ་མ་ལ་ངོ་ལེན་མ་བྱས་དང་་མཚན་སྨད་གཉིས་གནད་དོན་ཁ་ཁ་སོ་སོ་རེད་།

    Reply
  22. ཨ་ཁུ་སྟོན་པ། says:
    ལོ་ 13 སྔོན།

    བོད་མི་ཚོ་ཐུགས་བསམ་ཡག་པོ་བཞེས་རོགས། གང་བྱུང་གང་དྲེན་གྱི་ལས་འགུལ་མ་སྤེལ་རོགས།།

    Reply
  23. ཨ་ཁུ་སྟོན་པ། says:
    ལོ་ 13 སྔོན།

    ༄༅། །ཚོགས་སྐྱིད་ ༡༡ ཚོགས་གཙོ་རྒྱུན་ལས་རྣམས་དགའ་བསུ་ཞུ་རྒྱུ་ཡིན། ཡིན་དུས་ཚོད་སྙན་ཕྲང་དེ་འདྲ་སྐབས་སུ་ལས་དོན་འདྲ་མིན་མ་སྤེལ་ན་བཟང༌། གོང་ས་མཆོག་གི་བཀའ་དགོངས་དེ་ཚོགས་པ་ཁྱེད་རྣམ་པས་དངོས་དོན་གོ་ཐུབ་མིན་པ་འདྲ། ང་རང་ཚོའི་འཐབ་རྩོད་དེ་དབུ་མ་དང་རང་བཙན་མ་ཡིན། ང་རང་ཚོའི་འཐབ་རྩོད་ནི་རྒྱ་དང་བོད་འཐབ་རྩོད་ཡིན་པས་ཚོགས་སྐྱིད་ཁག་ ༡༡ ལ་ལས་དོན་སྤེལ་རྒྱུ་ཡོད་རྒྱ་བོད་གཉིས་ཀྱི་ཐད་ལས་དོན་གང་ཐུབ་སྤེལ་རོགས་གནང༌། བོད་མི་ནང་ཁུངས་མི་ཆམ་པ་དང་བོད་མི་ནང་ཁུངས་ཁ་འབྲལ་གྱི་ལས་འགུལ་མ་སྤེལ་རོགས། རྒྱ་ལ་དགོས་པའི་ལས་དོན་ཞིག་ཡིན། སྔ་མོ་བོད་གཞུང་དང་སྲུང་མ་གཏོན་ཕྱོགས་ཐད་ཆོ་མེད་ཀྱི་ལས་འགུལ་སྤེལ་བ་ལ་བརྟེན་བོད་མི་ནང་ཁུངས་མ་ཆབ་བཟོས་ཏེ། ད་ཆ་དེ་ལྷིང་དུ་འཇགས་སྐབས། ད་ཡ་བསྐྱར་དབུ་མ་དང་རང་བཙན་གཉིས་ཀྱི་བར་མ་ཆམ་པ་བཟོ་རྒྱུའི་ལས་འགུལ་དེ་དག་རྩ་བ་ནས་མ་སྤེལ་རོགས་བཅས་ཁྱེད་རྣམ་པར་རེ་བསྐུལ་བཞུ་བཞིན་ཡོད། ཐུགས་རྗེ་གཟིགས། གཞིས་བཞུགས་བོད་མི་རྣམས་ལ་ངོ་ཚ་དགོས་ལས་དོན་མ་སྤེལ་རོགས།

    Reply
  24. བཀྲ་ཤིས་ལྷ་མོ། says:
    ལོ་ 13 སྔོན།

    ད་བར་རྒྱ་མིས་རྒྱལ་བ་རིན་པོ་ཆེར་བསམ་ཡུལ་ལས་འདས་པའི་སྒྲོ་བསྐུར་བཏབ་པ་དེ་དག་ཁྱེད་ཚོ་ཚོགས་པ་བཅུ་གཅིག་དེས་རྩ་བ་ནས་མ་མཐོང་ངམ། ཁ་མཆུ་རྒྱབ་ཐུབ་པའི་ནུས་པ་དང་སྤོབས་པ་ཡོད་ན་ལག་ལེན་བསྟར་དགོས་རེད། བོད་མི་ནང་ཁུལ་དུ་མང་གཙོའི་ལམ་སྲོལ་སྐྱབས་མགོན་རིན་པོ་ཆེས་གསོལ་རས་གནང་བ་ལག་བསྟར་བྱེད་མཁན་ཉུང་ཤས་ཤིག་ཡོད་པར་ཁྱེད་རང་ཚོ་ཁོ་རྣམ་པའི་ཁ གཏད་དུ་རྒྱ་དམར་ཚབ་ཏུ་ལངས་དགོས་མ་རེད། ཁྱོད་ཚོར་འཇོན་པོ་ཡོད་ན་ཁ གཏད་ངོ་མ་དེ་རྒྱ་མི་ཡིན་པ་ཤེས་པའི་ཐོག་ནས་ལས་འགུལ་ཞིག་སྤེལ་དང། ཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧཧ། སེང་པགས་གྱོན་པའི་བོང་བུ་ལྟ་བ་མ་བྱེད། རྒྱལ་བའི་མཚན་བེད་སྤྱད་དེ་སྤྱི་ཚོགས་དཀྲུགས་ཤིང་རྒྱག་ཐབས་མ་བྱས་ན་བཟང་།

    Reply
  25. འཇང་གཡུ་ལྷ་ཐོགས་འགྱུར says:
    ལོ་ 13 སྔོན།

    ཚོགས་སྐྱིད་༡༡་གིས་དེ་དཀྲོག་གཏམ་སྤེལ་སའི་གོ་སྐབ་ཞིག་ཨ་སྙད་ལྟ་ནས་ནང་ཁུལ་ཆིག་སྒྲིལ་རྩ་གཏོར་མི་གཏོང་བའི་རེ་བ་ཡིན།

    Reply
  26. འབྲུག་གྲགས་རྒྱལ་པོ། says:
    ལོ་ 13 སྔོན།

    ཚོགས་སྐྱིད་༡༡གིས་གནད་ལ་འཁེལ་བའི་གསལ་བསྒྲགས་གནང་བར་རྒྱབ་སྐྱོར་དང་རྗེས་སུ་ཡི་རང་ཞུ། གཏམ་བརྗོད་རང་དབང་ཡིན་ཁུལ་དང་བོད་ཀྱི་རྩ་དོན་གྱི་གང་བྱུང་དཀྱོག་གཏམ་སྤེལ་མཁན་རྣམས་རེ་རེ་བྱས་ནས་ཐར་བར་གཏོང་རྒྱུ་མི་འདུག །ང་ཚོ་མིའི་ལུང་པར་བསྡད་ནས་རྩ་དོན་སྒྲུབ་ཀྱི་ཡོད་རེད། རང་གི་ལུང་པར་བསྡད་ཡོད་མ་རེད། མ་གཞི་ང་ཚོ་དམང་གཙོའི་ལམ་ལ་འགྲོ་གི་ཡོད་རེད་དེ་ས་ཆ་སྦར་མཐིལ་ཙམ་མེད་པར་རང་བཙན་རྒྱལ་ཁབ་ཚོ་ལྟ་བུའི་མང་གཙོ་ལ་དཔེ་ལེན་པ་ནི་གཉིད་ལམ་རང་རེད། མ་ཟད་མང་གཙོ་ཁ་ལ་ཁྱེར་ནས་དཀྲུག་ཤིང་བྱེད་པ་དགྲ་བོའི་ལས་ཀ་རང་རེད།

    Reply
  27. གནས་ཚང་། says:
    ལོ་ 13 སྔོན།

    ངོ་རྒོལ་བྱེད་བསམ་མཁན་ཚོས་གཤམ་གྱི་ལོག་བཤད་ཁག་ལ་ལན་བསྐྱོན་རོགས།

    ཏཱ་ལའི་རུ་ཚོགས་ཀྱི་ཁ་ཕྲལ་གཏམ་བརྗོད་ཀྱི་མཐིལ་བརྟོལ་ནས་ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ངོ་བོར་ཐེར་འདོན་དགག་རྒྱག་བྱེད་པའི་དཔྱད་གཏམ།

    བོད་ལྗོངས་ཉིན་རེའི་ཚགས་པར། — བོད་ལྗོངས་རླུང་འཕྲིན་དྲ་བ།
    2012-1-25 17:17:07

    ༄༅། ། ཏཱ་ལས་སླར་ཡང་རྫུན་གཏམ་ཤོད་པ།
    ༄༅། ། ཆོས་ལུགས་གཙོ་འཛིན་ཟེར་བའི་གཡོ་སྒྱུ་གསར་ཤོས་ལ་གཟིགས་དང༌།
    ༄༅། ། གངས་ལྗོངས་ས་མཐོར་བརྗིད་ཆེའི་འཆར་འགོད་ལག་བསྟར་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་བཞིན་ཡོད།
    ༄༅། ། ཁ་གདངས་ཚད་ལ་རྫུན་གཏམ་ཤོད་མཁན་ཏཱ་ལའི་མིག་ནང་གི་ཞི་བདེ་དང་འཚེ་མེད་ཞི་བ་ཟེར་བར་ལྟོས་དང༌།
    ༄༅། ། ཆོས་ལུགས་ཀྱིས་བདག་དབང་གཏན་འཁེལ་བྱེད་པ་ཟེར་བ་དེ་ནི་དངོས་འབྲེལ་ཁུངས་ལུང་གཏན་ནས་མེད་པ་ཞིག་རེད།
    ༄༅། ། བོད་ཡུལ་གྱར་སྲིད་གཞུང་ལ་ཁྲིམས་མཐུན་རང་བཞིན་གང་ཡང་མེད།
    ༄༅། ། རྫུན་གཏམ་ཤོད་རྒྱུར་གོམས་པ་ཞིག་གི་གདོང་རིས་ངོ་མ།
    ༄༅། ། ཏཱ་ལའི་སྐྱེ་ཕྲེང་བཅུ་བཞི་པའི་མིག་སྒྲིབ་བྱེད་ཀྱི་ཐབས་དང་བོད་ཆེན་པོའི་སྐོར་གྱི་ལྐོག་གཡོ།
    ༄༅། ། ཏཱ་ལས་སླར་ཡང་རང་གིས་རང་ལ་འགྲམ་ལྕག་གཞུས་པ།
    ༄༅། ། མངོན་སུམ་འཛེམ་མེད་ངང་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་ཞུ་བའི་ལམ་ལུགས་ལ་རྡོག་རོལ་གཏོང་མཁན་ཏེ་བོད་ཀྱི་རིག་གནས་རྩ་མེད་གཏོང་མཁན།
    ༄༅། ། ནམ་མཁར་མི་ཤོང་བའི་རྫུན་གཏམ་གྱིས་དོན་དངོས་ལ་གཡོ་འགུལ་གཏོང་ག་ལ་ཐུབ།
    ༄༅། ། རྒྱ་གར་གྱི་བུ་ཕྲུག་ཡིན་ཟེར་མཁན་དེ་ཅི་འདྲ་ཞིག་ཡིན་ནམ།
    ༄༅། ། ཏཱ་ལ་སྐྱེ་ཕྲེང་བཅུ་བཞི་པ་བོད་མི་དམངས་ཀྱི་ཁྲིམས་མཐུན་ཚབ་བྱེད་པ་རེད་དམ།

    Reply
  28. ཚེ་རིང་བཀྲ་ཤིས། says:
    ལོ་ 13 སྔོན།

    ཚོགས་པ་བཅུ་གཅིག་ཟེར་བ་འདིས་རྟག་པར་ཡིད་བཞིན་ནོར་བུ་ཁ་འཁྱེར་ནས་སྤྱི་ཚོགས་ནང་ཟང་ཟིང་བཟོ་པ་ལས་ཅི་གང་འཇོན་གྱི་མི་འདུག ཚོགས་པ་འདི་དག་གི་ལས་བྱེད་ཚོ་ཀུན་གྱིས་ཤེས་གསལ་རེད། ཡིད་བཞིན་ནོར་བུར་ང་དང་ཁོང་ལྟ་བུ་ཞིག་གིས་སྐྱོན་བརྗོད་རི་རབ་བརྩིགས་ཀྱང་འཛམ་གླིང་དུ་གྲགས་ཚར་ལ། ཚོགས་པ་བཅུ་གཅིག་ལྟ་བུའི་རྒྱབ་སྐྱོར་མི་དགོས་པར་འཇིག་རྟེན་ཡང་རྩེར་སོན་ཚར་པའི་སྐྱེས་མཆོག་ཁོ་ནའོ། དེའི་ཕྱིར། ཚོགས་པ་བཅུ་གཅིག་ཟེར་བའི་ཚོགས་མི་ཚོ་འཇིག་རྟེན་འདིར་ངོ་ཚ་ཁྲེལ་ཡོད་ཅིག་ཡོད་པར་བྱས་ཏེ་སྡོད་རྒྱུ་གལ་ཆེན་དུ་སེམས་སོ།

    Reply
  29. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    རང་བཙན་མེས་པོ་ཡིན་མདོག་ལྷ་བཟང་མཁས། །
    རང་བཙན་ལོན་མདོག་སྨྲ་ལ་འཇམ་ནོར་མཁས། །
    བདེན་དོན་གསོན་པོ་བཟོ་མདོག་ཀླུ་བྱམས་མཁས། །
    གཞོན་ལྷན་མར་རྒྱས་གཏོང་ལ་ཚེ་དབང་མཁས། །
    རྒྱལ་དོན་སྲོག་ལྷག་གཅེས་མདོག་བསྟན་བརྩོན་མཁས། །
    མཁས་པ་གང་རུང་གིས་ནི་མཁས་མདོག་གིས། །
    ༸གོང་ས་མཆོག་གི་ཡོངས་གྲགས་བཀའ་དགོངས་དང་། །
    བོད་མིའི་སྒྲིག་འཛུགས་སྨད་ན་ཞབས་འདྲེན་རེད། །
    གངས་ལྗོངས་མགོ་བོ་སྨད་པའི་ཁྱུ་ཚོགས་རེད། །
    རང་བཙན་ལས་འགུལ་སྤེལ་ལ་སུ་ཡིས་དམོད། །

    Reply
  30. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    ད་བྱས་ན་མེ་ཆུང་ཆུང་དེ་ཆེ་རུ་གཏོང་རྩིས་ཡིན་པ་འདྲ།
    གཏོང་གཏོང་ས་སྣུམ་བླུགས། རྡོག་རྡོག་བཟོ་རྒྱུའི་ཚབ་ཏུ་གཏོར་ཤིག་ཐོངས། ལ་མོ་ཕར་ཕྱོགས་ན་རྒད་མོ་འཆོར་གྱིན་དགའ་བའི་བྲོ་འཁྲབ་སྐྱིད་པའི་གླུ་བཏང་བྱེད་ངེས་རེད་དོ།

    Reply
  31. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 13 སྔོན།

    ད་དངོས་གནས་བོད་མི་རིགས་འདི་ཉག་ཕྲ་བའི་དུས་སྐབས་འདི་དང་སྟབས་བསྟུན་ནས་ཚོགས་པ་དང་ཚོགས་པའི་བར་དུ་ངོ་རྒོལ་གནང་བ་ལ་སྙིང་ནས་གུས་འདུད་ཞུ་། ཤུག་རྒྱོབ་ཤུག་རྒྱོབ་མུ་མཐུད་ནས་མི་རིགས་འདི་མ་སྟོངས་བར་དུ་ཤུག་རྒྱོབ་།

    Reply
  32. རྒྱང་མིག says:
    ལོ་ 13 སྔོན།

    རིགས་ཞེན་སྙིང་ལ་འཁྱིལ་བའི་ལྷ་བཟང་མཆོག།
    ལོ་རྒྱུས་སྨྲ་མཁས་འཇམ་དབྱངས་ནོར་བུ་དང།།
    བདེན་དོན་གསོན་པོར་སྒྲོགས་པའི་མཁར་བྱམས་རྒྱལ།།
    གངས་ཅན་གཞོན་ནུའུ་ཁྱུ་མཆོག་ཚེ་དབང་རིགས།།
    རྒྱལ་དོན་སྲོག་ལས་གཅེས་མཁན་བསྟན་བརྩོན་འགྲུས།།
    གངས་ལྗོངས་མགོ་བོ་བཀྱགས་པའི་སྒར་ཚིགས་ཡིན།།
    གངས་རིའི་ལས་དོན་གླེང་བའི་སྨྲ་ལྕེ་ཡིན།།
    གངས་ལྗོངས་རྩོད་ལེན་བྱེད་པའི་དེད་དཔོན་ཡིན།།
    གངས་དགྲ་རྒྱ་མགོ་རྡུང་བའི་ཐོ་བ་ཡིན།།
    གངས་དཀར་ཨ་མ་དུང་བའི་གཅེས་ཕྲུག་ཡིན།།
    གངས་ཅན་པ་ཡི་རེ་བའི་མིག་ཟུང་ཡིན།།

    Reply
  33. བསོད་དགའ། says:
    ལོ་ 13 སྔོན།

    ཆོལ་གསུམ་ཆིག་སྒྲིལ་གཏོར་མཁན་ནི་ཚོགས་པ་ཁྱེད་ཅག་ཡིན་པ་ལས། བོད་ཀྱི་གཞོན་ནུའི་ལྷན་ཚོགས་མིན་པ་ལོ་རྒྱུས་ཀྱིས་ར་གསལ་བོ་སྤྲད་ཡོད། ངོ་མ་རྡ་རམ་ས་ལའི་ཆབ་སྲིད་སྟེང་གི་གད་སྙིགས་དང་ཁྲམ་པའི་ཚོགས་ཁག་ཁྱེད་ཅག་ལ་བོད་དོན་རྩ་མེད་གཏོང་བའི་སྲིད་ཐབས་ཤིག་ལས། རྒྱལ་བ་རིན་པོ་ཆེ་སྐྱོར་མཁན་མིན་པ་མིག་གཉིས་ཅན་ཚོས་ལོས་ཤེས།

    Reply
  34. བཀྲ་ཤིས། says:
    ལོ་ 13 སྔོན།

    ཚོགས་སྐྱིད་ཁག་ཡིན་ན་ཡང་རེད། སུ་ཡིན་ཡང་རེད། ༸གོང་ས་མཆོག་ལ་མཚན་སྨོད་བྱེད་མཁན་དེ་སུ་ཡིན་ངོས་ཟིན་རྒྱུ་གལ་ཆེན་པོ་རེད།
    གཤམ་གསལ་དྲ་ཐག་འདི་རིགས་ནང་དུ་༸གོང་ས་མཆོག་ལ་མཚན་སྨོད་བྱེད་མཁན་གྱི་མི་སུ་ངོས་ཟིན་པར་བྱས་ནས་ངོ་རྒོལ་བྱས་ན་ཡག་གི དེ་མིན་དགྲ་གཉེན་སུ་ངོ་མི་ཤེས་གཏམ་ལ་ཉན་རྒྱུ་ཅི་ཡང་མི་འདུག

    http://tb.tibetradio.cn/news-7HJD036C8DIG06E-GJD8KI7BI13715E.html

    Reply
  35. ཐིག says:
    ལོ་ 13 སྔོན།

    ཚོགས་སྐྱིད་༡༡་གིས་དེ་དག་རྣམས་པ་ནི་སྨྲ་བརྗོད་རང་དབང་ལ་ཞེད་སྣང་སྐུལ་པ་འདྲ་བོ་རེད། གལ་སྲིད་དངོས་གནས་བོད་དང་༧གོང་ས་མཆོག་ལ་བརྩི་བཀུར་དང་ལ་ཞན་ཡོད་ན། རྣམ་ཀུན་དུ་བོད་དོན་ཐད་ཤུགས་གནོན་རྒྱག་དགོས་པ་རེད་ལ། གནས་ཚུལ་ཞིག་བྱུང་དུ་ལང་སངས་གཉེད་སེལ་པར་ལྟར་གནང་ན་དོན་ཕན་ཡོད་པ་མ་རེད། དེ་ལ་བྱབ་ཆུང་ཟེར་གྱིས་ཡོད།

    Reply
  36. བདེ་རྒྱལ། says:
    ལོ་ 13 སྔོན།

    རང་ལ་སྐད་བརྒྱབ་ནས་ཅི་ཕན། དེ་ལས་བསམ་ཚུལ་སྤེལ་མཁན་ཚོས་དངོས་མིང་འབྲི་དགོས་པ་དང་། རྩོམ་ཡིག་སྤེལ་མཁན་ཚོས་པར་མགོ་འཇོག་དགོས་རྒྱུ་ལས་འགུལ་ཞིག་རྩོམས་དང་དཀའ་ངལ་མང་པོ་ཞིག་ཞོར་ལ་སེལ་ཐུབ། གཙོ་བོ་ནུས་པ་ཐོན་པའི་ལས་འགུལ་སྤེལ་རོགས།

    Reply
  37. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཚོགས་སྐྱིད་ ༡༡ གི་གསལ་སྒྲག་ལ། ཐུགས་རྗེ་ཆེ་ཞེས་ཞུའོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese