མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གཞོན་ནུའི་ཟས་བཅད་ལ་འགོག་རྐྱེན།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༧
Share on FacebookShare on TwitterShare on EmailShare on Whatsapp


ཟླ་འདིའི་ཕྱི་ཚེས་ ༣ ཉིན་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་དོན་གྲུབ་ལྷ་དར་ལགས་དང་སྒྲིག་འཛུགས་འགན་འཛིན་སྤེན་པ་ཚེ་རིང་། རིག་གཞུང་འགན་འཛིན་འཇིཊ་མེད་གསུམ་གྱིས། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཏར་མན་དར་ས་གནས་སུ་དུས་
ཡུན་ངེས་མེད་ཀྱི་ཟས་བཅད་ངོ་རྒོལ་མགོ་འཛུཊ་གནང་ཡོད་ཀྱང་། ཉིན་དེའི་དགོང་མོའི་ཆུ་ཚོད་ ༡༢ ཙམ་ལ་རྒྱ་གར་ཉེན་རྟོག་པས་ཁོང་གསུམ་བཙན་འཁྲིད་བྱས་ཡོད་པ་དང་། ཁང་སང་ཕྱི་ཚེས་ ༦ ཉིན་གྱི་དགོང་དྲོའི་ཆུ་ཚོད་ ༩།༠༠ བའི་ཐོག་ཀློད་གྲོལ་བཏང་སྟེ། དེ་རིང་ཞོགས་པ་མུ་མཐུད་ཟས་བཅད་ལས་འགུལ་གནང་ཡོད་འདུག

འདིའི་ཐད་གསར་འགོད་པས་ཁ་པར་བརྒྱུད་དབུས་གཞོན་ནུའི་ཟུང་དྲུང་བསྟན་འཛིན་ནོར་བཟང་ལགས་སུ་བཅར་འདྲི་ཞུས་པར་ཁོང་གིས། “ ཟས་བཅད་མགོ་འཛུགས་གནང་བའི་ཉིན་གྱི་དགོང་མོའི་ཆུ་ཚོད་ ༡༢ ཙམ་ལ་རྒྱ་གར་ཉེན་རྟོག་པ་ཡོང་སྟེ་ཁོང་གསུམ་དང་། གཞན། ཁོང་ཚོར་ལྟ་རྟོག་བྱེད་མཁན་གཉིས་བཅས་བཙན་འཁྲིད་བྱས་སོང་ལ། ཉེན་རྟོག་པ་བཅུ་གྲངས་ཤིག་གིས་ཟས་བཅད་ངོ་རྒོལ་བའི་གུར་དང་འཕྲེད་དར་ཆ་ཚང་འཁྱེར་སོང་། ཕྱི་ཚེས་ ༤ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༧ པའི་ཐོག་ཀློད་གྲོལ་བཏང་ཡང་ཉིན་གུང་ཆུ་ཚོད་ ༡།༣༠ བསྐྱར་དུ་འཛིན་བཟུང་བྱས་སོང་། ཉིན་དེར་གཞོན་ནུའི་ཚོགས་མི་ ༣༠ ཙམ་རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་དང་རྒྱ་གར་གྱི་སྲིད་བློན་བཀའ་མོལ་གནང་ཡུལ་དུ་ངོ་རྒོལ་སྐབས་འཇུ་བཟུང་བྱས་པ་རེད། མཚན་ཆུ་ཚོད་ ༢ པའི་ཐོག་ཁོང་ཚོ་ཊེ་ཧར་(TIHAR)བཙོན་ཁང་དུ་འཁྲིད་སྐབས། ལམ་བར་དུ་རླངས་འཁོར་བརྡབ་སྐྱོན་ཤོར་ཏེ། ཚོགས་གཞོན་དོན་འགྲུབ་ལྷ་དར་ལགས་ཀྱི་སོ་གཉིས་སྐྱོན་བཟོས་ཡོད་པ་དང་ཁར་རྨས་སྐྱོན་ཚབས་ཆེན་ཕོག་འདུག  གཞན་གཉིས་ཀྱི་གདོང་པར་རྨས་སྐྱོན་བཟོས་འདུག ཕྱིས་སུ་སྨན་ཁང་དུ་འཁྲིད་སྐབས་སྨན་པས་ཁབ་རྒྱག་དགོས་སྐོར་བརྗོད་འདུག་མོད། ཁོང་གསུམ་གྱིས་ངོས་ལེན་མ་བྱས་པར་ཡང་བསྐྱར་བཙོན་ཁང་དུ་འཁྲིད་པ་རེད། མདང་དགོང་ཆུ་ཚོད་༩།༣༠ ཐོག་ཁོང་ཚོ་གཙོས་པའི་ངོ་རྒོལ་བ་ཡོངས་ཀློད་གྲོལ་བཏང་བྱུང” ཞེས་བརྗོད་སོང་།  

ཁོས་མུ་མཐུད་དོན། “ཁ་སང་ང་ཚོ་རྒྱ་གར་ཉེན་རྟོག་པའི་མགོ་བར་ཐུག་འཕྲད་བྱས་ཏེ། ཐེངས་འདིའི་ཟས་བཅད་ངོ་རྒོལ་ཇན་ཏར་མན་ཏར་ས་གནས་སུ་མུ་མཐུད་གནང་འཇུག་རྒྱུའི་ཆོག་མཆན་ཞུས་སྐབས་ཀྱང་། ཁོང་ཚོས་རྩ་བ་ཉིད་ནས་ངོས་ལེན་གནང་མ་སོང་སྟབས། མདང་དགོང་ཟས་བཅད་ངོ་རྒོལ་བ་གསུམ་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་དགོན་པའི་ནང་ཉལ་དགོས་བྱུང་སོང་། དེ་རིང་ཞོགས་པ་བསྐྱར་དུ་ཇན་ཏར་མན་ཏར་ས་གནས་སུ་སོང་སྟེ་ཟས་བཅད་ངོ་རྒོལ་གནང་གི་ཡོད། ཡིན་ནའང་། དོ་ནུབ་གནས་སྟངས་གང་འདྲ་ཆགས་མིན་བཤད་ཐུབ་ཀྱི་མི་འདུག”ཅེས་གསུངས་བྱུང་།

མཇུག་ཏུ་གསར་འགོད་པས་ཁ་པར་བརྒྱུད་ཟས་བཅད་ངོ་རྒོལ་གནང་མཁན་སྤེན་པ་ལགས་སུ། ཐེངས་འདིའི་ལས་འགུལ་ཐོག་རྒྱ་གར་ཉེན་རྟོག་པས་འགོག་རྐྱེན་བཟོས་པ་དེ་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད་དྲིས་པར་ཁོང་གིས།   “ ང་རང་གི་ངོས་ནས་རྒྱ་གར་གཞུང་གིས་ཐེངས་འདིས་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་བཀག་འགོག་བྱེད་ཀྱིན་པ་དེ། རྒྱ་ནག་ནང་མགོ་འཁྲིད་བརྗེ་བསྒྱུར་གྱི་ལས་དོན་ཞིག་འགྲོ་བཞིན་ཡོད་པ་དང་། རྒྱ་ནག་གི་རྒྱལ་སྲུང་བློན་ཆེན་རྒྱ་གར་ནང་འཚམས་གཟིགས་སུ་སྐྱོད་ཀྱི་ཡོད་པ་བཅས་ལ་བརྟེན་ཏེ། རྒྱ་ནག་ལ་རེ་བ་ཆེན་པོ་ཞིག་དང་འབྲེལ་བ་བཟང་པོ་འཛུགས་པའི་ཆེད་དུ་བོད་པ་ཚོའི་ལས་འགུལ་ཐོག་བཀག་སྡོམ་བྱས་པ་རེད་བསམ་གྱི་ཡོད། ཡིན་ནའང་། ང་ཚོ་ཟས་བཅད་པ་གསུམ་དང་གོ་སྒྲིག་པའི་ངོས་ནས་ཐེངས་འདིའི་རྒྱ་གར་གྱི་བྱེད་སྟངས་ལ་ཧ་ཅང་བློ་ཕམ་ཆེན་པོ་ཡོད། གནས་ཚུལ་གང་འདྲ་ཞིག་བྱུང་ཡང་། ང་ཚོའི་ངོས་ནས་ཐོག་མའི་དམ་བཅའ་ལྟར་མུ་མཐུད་མཇུག་སྐྱོང་བྱ་རྒྱུ་ཡིན” ཞེས་བརྗོད་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

སྐར་མ ༢༦ སྔོན་ལ།
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༡༩ སྔོན་ལ།
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

ཆུ་ཚོད་ ༡༩ སྔོན་ལ།
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

ཆུ་ཚོད་ ༡༩ སྔོན་ལ།
Himachal Pradesh University (HPU), Shimla. File photo
Mobile App

རྒྱ་གར་གྱིས་འཕགས་བོད་ས་མཚམས་ཀྱི་འབྲེལ་ལམ་སྐོར་ལ་ཞིབ་འཇུག་བྱ་རྒྱུ་ཡིན་འདུག

༢༠༢༦/༠༤/༢༣
Advertisement for App

དཔལ་ཡུལ་ཆོས་འཁོར་གླིང་གི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༤/༢༣

མཆན། 8

  1. འབྲུག་གྲགས་རྒྱལ་པོ། says:
    ལོ་ 14 སྔོན།

    དྲྭ་གྲོགས་རྣམ་པ་ལྷན་རྒྱས་ལགས། ད་ལམ་རྒྱ་གར་གྱིས་ཟས་བཅད་ངོ་རྒོལ་ལ་འཛིན་པའི་སྲིད་བྱུས་འདིས་ང་ཚོར་བརྡ་ཞིག་བསྟན་ཡོད། རྒྱལ་ཁབ་སུ་ཡིན་རུང་རང་གི་ཁེ་ཕན་བློས་བཏང་ནས་གཞན་གྱི་དོན་བྱེད་ཀྱི་མ་རེད། དེ་ལ་བརྟེན་ནས་ང་ཚོས་བསམ་བློ་གཏོང་རྒྱུ་གལ་ཆེན་པོ་རེད། སེམས་ཤུགས་གཅིག་པུས་ཕན་ཐོགས་ཀྱི་མ་རེད། འགྲོ་ས་ཡོད་མེད་བལྟ་རྒྱུ་དེ་གཙོ་བོ་རེད། འགྲོ་ས་མེད་བཞིན་དུ་མགོ་བྲག་ལ་བརྡབ་ན་ཀླད་པ་འཐོར་རྒྱུ་ལས་མེད། དེ་རྩིས་ཚང་མས་ཁ་ཡོད་ལག་ཡོད་རེ་བ་ཆེ་སའི་ལམ་ཕྱོགས་བཟུང་རྒྱུ་གལ་ཆེ། བརྒྱ་བཤད་སྟོང་ལ་བཤད་ཀྱང་། ཡོས་ལ་འབབ་རྒྱུ་ཙམ་པ་ལས་མེད། ནང་ལ་ཤ་མེད་པར་མོག་མོག་བཟོ་ཡི་མ་ཟེར། དོན་མེད་ནང་ཁུལ་དཀྲོག་གཏམ་མ་བཟོ། རང་གིས་འཇོན་ཚོད་ཀྱི་བོད་དོན་ལ་ཕན་པའི་ལས་ཀ་བགྱིས། སྙིང་གཏམ་ཡིན།

    Reply
  2. མི་ཆུང་། says:
    ལོ་ 14 སྔོན།

    ཆབ་སྲིད་པའི་ཁྲབ་སྟོན་ཙམ་མིན་པར། ཞེ་བསམ་པའི་གཏིང་ནས་དོན་འབྲས་སྨིན་པའི་ལས་འགུལ་ཞིག་སྤེལ་ཐུབ་ན། མི་དམངས་ཚོར་ཡིད་ཆེས་འབྱུང་ངེས་རེད།

    Reply
  3. བཙན་ནག་པས། says:
    ལོ་ 14 སྔོན།

    བོད་ཀྱི་གཞོན་ཚོགས་པས་རང་མི་རིགས་དང་རང་རྒྱལ་ཁབ་ཆེད་དུ་སྣ་མང་ལས་འགུལ་སྤེལ་བར་དགའ་བསུ་དང་རྗེས་སུ་ཡི་རང་ཞུ། རྒྱ་དམར་གྱིས་ཁྱོད་རྣམས་པས་ལས་འགུལ་ལ་དགག་པ་རྒྱགས་པ་ཨ་ཙང་བརྗོད་ཡིན་པ་མ་ཟད་བཙན་བྱོལ་ནང་ཁྱོད་རྣམ་པའི་ལས་འགུལ་ལ་དགག་པ་རྒྱག་མཁན་ཡོད་འོན་ཀྱང་ཁྱོད་རྣམ་པའི་སྙིང་སྟོབས་དང་སྤོབས་པ་མ་ཞུམ། ཕ་མེས་ཀྱི་དུར་ས་ནས་རྣམ་ཤེས་མང་པོས་ཁྱོད་རྣམས་པར་གཟིགས་ཡོད་ལའང་ཁ་སང་དེ་རིང་གི་མེ་ལྩེ་ཕྲོད་ཀྱིས་དུང་སེམས་དང་རེ་སྨོན་ཁྱོད་རྣམས་ལ་བཅོལ་ཡོད། ད་དུང་མི་རིགས་ཀྱི་དུང་སེམས་རབས་ཏུ་འབར་གཞོན་སྐྱེས་མང་པོ་ཁྱོད་རྣམས་པའི་རྒྱབ་ནས་ཡོངས་བཞིན་ཡོད།

    Reply
  4. རྒྱ་རྙི། says:
    ལོ་ 14 སྔོན།

    དཀའ་ངལ་དང་གནས་སྟངས་ཚང་མ་ཤེས་པའི་ཐོག་ནས་༸གོང་ས་མཆོག་གིས་དབུ་མའི་ལམ་གདམ་པ་རེད།
    བོད་གཞུང་གི་མིང་དེ་བརྗེ་བསྒྱུར་བྱས་པ་རེད། དཀའ་ངལ་དང་ཚོར་བའི་རྗེས་འབྲངས་པ་ཚོས་འུར་རྒྱབ་པ་རེད། མཁྲེགས་འཛིན་བྱས་པ་རེད། ད་གང་འདྲ་འདུག་གམ། ཡང་དག་པའི་ལམ་སྟོན་གྱི་ངོ་བོ་དང་མི་ལོ་དྲུག་ཅུར་དཀའ་ངལ་བསྐྱོན་པའི་༸གོང་ས་མཆོག་གི་བཀའ་དྲིན་ལ་ཚང་མས་བསམ་ཤེས་ཐུབ་ན་རེད། དེ་མིན་ལས་འབྲས་ཀྱིས་ང་ཚོར་བརྡ་ཞིག་སྟོན་ངེས་རེད།
    བོད་དོན་འཐབ་རྩོད་པ་རྣམས་ལ་ནམ་ཡང་གདུང་སེམས་མཉམ་བསྐྱེད་དང་རྒྱབ་སྐྱོར་ཡོད།

    Reply
  5. ཚེ་རིང། says:
    ལོ་ 14 སྔོན།

    གཞོན་ལྷན་གྱིས་རྒྱ་ལ་ངོ་རྒོལ་བྱས། ཚོགས་སྐྱིད་མཉམ་འབྲེལ་ཞེས་པའི་རྡ་སའི་ཚོགས་པ་བཅུ་གཅིག་གིས་གཞོན་ལྷན་ལ་ངོ་རྒོལ་བྱས། ༧གོང་ས་མཆོག་གིས་མི་མང་ལ་དུས་རྒྱུན་ལམ་སྟོན་བཀའ་སློབ་གནང་། ཚོགས་པ་བཅུ་གཅིག་གིས་ནང་ཁུལ་གཏོར་བཤིག་གཏོང་ཐབས་བྱས།

    Reply
  6. གསེར་སེར་པོ། says:
    ལོ་ 14 སྔོན།

    སོ་གཉིས་སྐྱོན་བཟོས་པས་དངན་པ་ཤོར།།
    གདོང་རྨས་སྐྱོན་བཟོས་པས་དངན་པ་ཤོར།།
    ངས་དངན་པ་དངན་པ་དངན་པ་འཐེན།།
    དོན་ལྷ་སོགས་མཉམ་དུ་དངན་པ་འཐེན།།

    Reply
  7. ཤེལ་དཀར་བློ་བཟང་། says:
    ལོ་ 14 སྔོན།

    ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་རྒྱ་གར་སྟོབས་ཆེན་རྒྱལ་ཁྱབ་འདི་ཡང་རྒྱ་དམར་གྱི་གཡོ་སྒྱུ་ཁྲམ་གསུམ་འོག་ཏུ་ཚུད་ན། བལ་ཡུལ་ལྟ་བུ་ལྟ་ཅི་སྨོས།
    ད་ལྟའི་གནས་སྟངས་ལ་དཔྱད་ཞིབ་བྱས་ན་བོད་དོན་དེ་དངོས་གནས་ཁག་པོ་ཆགས་འདུག

    Reply
  8. གནས་ཚང་། says:
    ལོ་ 14 སྔོན།

    ད་རྒྱ་གར་ཚར་ཚར་བ་རེད། རྒྱ་མིས་པེ་ཤག་གིས་ཉོས་ཟིན་པ་འདྲ། ཁ་སང་རྒྱ་མིའི་དམག་སྤྱིས་རྒྱ་གར་གྱི་ཐད་འཕུར་གནམ་གྲུ་གཏོང་མཁན་ལའང་པེ་ཤག་གི་དངན་པ་སྤྲད་ནས་ཚོད་བགམ་ཡག་ཐག་ཆོད་ཅིག་གནང་འདུག་གཱ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese