མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཞིས་ཡིས་བཅོས་བསྒྱུར་གླེང་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ཞི་ཅིན་ཕེན་གྱིས་དཔོན་རིགས་ནང་ཁུལ་གླེང་མོལ་སྐབས། ཧུའུ་ཏིག་ཕེན་ལ་བཅོས་བསྒྱུར་གྱི་གོམ་འགྲོས་ཇེ་མགྱོགས་སུ་གཏོང་དགོས་སྐོར་གླེང་ཡོད་འདུག

ཉེ་ཆར་རྒྱ་ནག་སྲིད་འཛིན་གཞོན་པ་ཞི་ཅིན་ཕེན་གྱིས། རྒྱ་ནག་བཅོས་བསྒྱུར་གྱི་ལངས་ཕྱོགས་འཛིན་མཁན་མི་སྣ་གཙོ་བོ་ཧུའུ་ཏིག་ཕེན་དང་སྒེར་གྱི་གླེང་མོལ་སྐབས།  རྒྱ་གཞུང་གིས་ངེས་པར་དུ་བཅོས་བསྒྱུར་གྱི་གོམས་སྟབས་ཇེ་མགྱོགས་སུ་བཏང་སྟེ། དཔོན་རིགས་ཀྱི་རུལ་སུངས་དང་། དམར་ཤོག་ནང་ཁུལ་དུ་རྩ་འཛུགས་ཁ་འཐོར་སོགས། མང་ཚོགས་ཀྱིས་དོ་སྣང་ཤུགས་ཆེན་བྱེད་ཀྱིན་པའི་གནད་དོན་གྱི་ཐད་ནུས་པ་འཐོན་པའི་བྱེད་ཐབས་ལག་བསྟར་དང་།  ཞི་རང་ཉིད་ཀྱིས་ད་ལྟ་དངོས་སུ་ཞིབ་བཤེར་གྱི་འགན་འཁྱེར་ཡོད་པའི་དེ་སྔའི་ཁྲུང་ཆིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་པའོ་ཞིས་ལའེ་དང་ཕྱོགས་མཐུན་མིན་ཚུལ། དེ་བཞིན། པའོ་ཡི་གྱོད་དོན་དེ་མ་འོངས་པར་དམར་ཤོག་པའི་རྩ་འཛུགས་དང་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལྟར་ཐག་གཅོད་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་འདུག 

རུ་ཊིར་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་བའི་བདུན་ཕྲག་ ༦ ནང་ཚུད་ཙམ་ལ་ཞི་ཅིན་ཕེན་གྱིས། དེ་སྔའི་རྒྱ་གཞུང་གི་མགོ་ཁྲིད་ཟུར་པ་ཧུའུ་ཡའོ་པང་གི་བུ་ཧུའུ་ཏིག་ཕེན་སོགས་རྒན་ཡོལ་དཔོན་རིགས་དག་དང་སྒེར་ངོས་ཀྱིས་གླེང་མོལ་སྐབས། ཆབ་སྲིད་བཅོས་བསྒྱུར་གྱི་གོམས་འགྲོས་ཇེ་མགྱོགས་སུ་གཏོང་རྒྱུའི་སྐོར་གྱི་བསམ་ཚུལ་གླེང་ཡོད་པ་དང་། ཞི་ཅིན་གྱིན་ཕེན་གྱིས་དཔལ་འབྱོར་བཅོས་སྒྱུར་བྱས་ཏེ། དཔལ་འབྱོར་ལམ་ལུགས་གུ་ཡངས་ཅན་དུ་གཏོང་བ་དང་དུས་མཉམ་དུ། ཆབ་སྲིད་སྟངས་འཛིན་ལམ་ལུགས་ཀྱང་ལྷོད་ཡངས་སུ་གཏོང་དགོས་པའི་སྐོར་གླེང་ཡོད་འདུག 

ཞི་ཅིན་ཕེན་སོགས་ཀྱི་གླེང་མོལ་ཚིག་ཐོ་རྣམས་འབྲེལ་ཡོད་དཔོན་རིགས་དེ་ཚོའི་ནང་ཁུལ་དུ་བརྒྱུད་སྒྲོག་བྱེད་བཞིན་ཡོད་པ་དང་།  དེ་དང་འབྲེལ་ཡོད་ཀྱི་མི་སྣ་དག་གིས་གསར་ལམ་ཁག་ཏུ། ཞི་ཅིན་ཕེན་གྱིས་རྒྱ་གཞུང་གི་གནད་དོན་ཤུགས་ཆེ་རུ་འགྲོ་རྒྱུ་ཡིན་པ་དེ་ནི། ནམ་ཞིག་ཡོང་རྒྱུར་ངེས་པ་ཆགས་ཡོད་སྟབས། བཅོས་བསྒྱུར་གྱི་ལངས་ཕྱོགས་ཤུགས་ཆེན་འཛིན་གྱིན་ཡོད་པ་མ་ཟད། ཞི་ཅིན་ཕེན་གྱིས་ “བརྟན་ལྷིང་རྒྱུན་གནས་བྱེད་པ་དང་དུས་མཉམ་དུ། ང་ཚོས་ངེས་པར་དུ་བཅོས་སྒྱུར་དང་ཡར་རྒྱས་གཏོང་དགོས” ཅེས་བརྗོད་ཡོད་འདུག

གསར་འགོད་པ། ཚེ་རིང་རྒྱལ།

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    བརྟན་ལྷིང་ཤོད་དུས་ཞེད་སྣང་སྐྱེ། །
    བཅོས་སྒྱུར་གོ་དུས་རེ་སེམས་འཆར། །
    བརྟན་ལྷིང་དྲག་སྤྱོད་མེད་པ་དང་། །
    བཅོས་སྒྱུར་རང་གཞན་གཉིས་ཕན་དགོས། །

    Reply
  2. སྐར་ཁྲི་བཙན། says:
    ལོ་ 11 སྔོན།

    ཧུའུ་མགོ་སྐམ་པོ་རུ་རྩྭ་སྐྱ་སྐྱེ་དུས།།
    ཞིས་མགོ་རློན་པ་དེ་མ་རུལ་སྔོན་དུ།།
    རེ་བའི་རྨི་ལམ་གྱི་ཞིང་ས་སྲུང་བའི།།
    བོད་རྒན་གླེན་པ་ངས་སྨོན་ལམ་འདེབ་བཞིན།།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ་་་་་་་“བརྟན་ལྷིང་རྒྱུན་གནས་བྱེད་པ་དང་དུས་མཉམ་དུ། ང་ཚོས་ངེས་པར་དུ་བཅོས་སྒྱུར་དང་ཡར་རྒྱས་གཏོང་དགོས” ་་་་་་་ཟེར་བ་བདེན་ཡང་།
    དེ་ཡང་བརྟན་ལྷིང་རྒྱུན་གནས་བྱེད་པ་ལ་རང་དབང་དང་འདྲ་མཉམ་ཡིད་ཆེས་གསུམ་འཛོམས་དགོས་པ་དང་དུས་མཉམ་དུ། རྒྱ་ནག་མང་གཙོ་དང་ངེས་པར་དུ་ཁྲིམས་ཀྱིས་དབང་བསྒྱུར་གྱིས་བཅོས་སྒྱུར་དང་། དྲང་བདེན་དང་སྤུས་ཚད་ལ་ཡར་རྒྱས་གཏོང་དགོས་མི་འདུག་གམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist