གནས་ཚུལ་བཏང་འབྱོར་ལ། ཟླ་འདིའི་ཕྱི་ཚེས་ ༧ ཉིན་གྱི་མཚན་མོར་རྫ་ཆུ་ཁ་བ་དབོན་པོ་ཞིང་གི་སློབ་གྲྭའི་མདུན་ཐང་དུ་རྒྱ་ནག་གི་རྒྱལ་དར་ཡོད་པ་མར་ཕབ་ཏེ། བོད་ཀྱི་རྒྱལ་དར་བསྒྲེངས་པ་དང་། ཤོག་བྱང་མང་པོའི་སྟེང་འབྲི་སྨྱུག་དམར་པོའི་བྲིས་པའི་ “བོད་རང་དབང” ཞེས་པའི་ཡིག་ཆ་མང་པོ་གང་སར་གཏོར་ཏེ་རྒྱ་གཞུང་ལ་ངོ་རྒོལ་བྱས་ཡོད་འདུག
ཞོགས་པ་ཞིང་གི་ལས་བྱེད་ཚོས་བོད་ཀྱི་རྒྱལ་དར་མར་བླངས་ཏེ། ཡིག་ཆ་བསྡུ་གསོག་བྱས་ཡོད་པ་དང་། ལས་ཀ་དེ་རིགས་བྱེད་མཁན་སུ་ཡིན་རྩད་གཅོད་བྱེད་ཀྱིན་ཡོད་ཀྱང་ད་སྔ་ཤེས་རྟོགས་མ་བྱུང་སྟབས། གནས་སྐབས་རིང་དགོན་གྲོང་གཉིས་སུ་དམ་དྲག་གི་གནས་ཚུལ་བྱུང་མི་འདུག
བོད་ནང་གི་བོད་མིའི་སྙིང་སྟོབས་དང་ལ་ཞན་ལ་བསྔགས་བརྗོད་ཞུ།
གཞིས་བཞུག་རྒྱལ་གཅེས་པ་རྣམ་པར་གུས་འདུད་གྲངས་མེད་ཅིག་ཞུ་རྒྱུ་ཡིན། ཁྱེད་རྣམ་པའི་ལྷག་བསམ་དང་སྙིང་སྟོབས་ལ་ཡི་རང་གུས་བཀུར་བླ་མེད་ཅིག་ཞུ་རྒྱུ་ཡིན། མཐར་ཁྱེད་རྣམས་ཀྱི་ཐུགས་དགོངས་ཡིད་བཞིན་འགྲུབ་སྨོན་བཅས།
བོད་རྒྱ་ཆེ་མི་མང་གིས་ལྷག་བསམ་དང་ཞུམ་པ་མེད་པའི་སྙིང་སྟོབས་ལ་དགའ་མགུ་ཡི་རངས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་མ་ཟད། ང་ཚོས་ཀྱང་གོ་སྐབས་དམ་འཛིན་གྱིས་ཁྱོད་ཚོས་རེ་བ་ཆུད་ཟོས་སུ་མ་འགྲོ་བར་བྱེད་ངེས་ཡིན།