མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་པ་ཚོས་ནང་ཁུལ་འཆམ་པོ་བཟོ་རྒྱུ་དེ་གལ་ཆེ་ཤོས་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༠༩
Share on FacebookShare on TwitterShare on EmailShare on Whatsapp

ཚེ་བརྟན་རྡོ་རྗེ་ལཊ་སུ་ཁྲིམས་ཐག་བཅད་དེ་ཟླ་ ༣ ཙམ་འགྲོ་བཞིན་པའི་སྐབས་འདིར། ཁོང་གི་ཕ་མ་གཉིས་བལ་ཡུལ་བཙོན་ཁང་ནང་ཁོང་ལ་ཐུག་འཕྲད་དུ་འགྲོ་འཆར་ཡོད་ཀྱང་། བཙོན་ཁང་དུ་བསྐྱོད་ཆོག་པའི་ཁྲིམས་མཐུན་ཡིག་ཆ་བཟོ་མ་ཐུབ་པར་ལྷག་ཡོད་འདུག

རྩོམ་པ་པོ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལགས་སུ་བལ་ཡུལ་རྒྱལ་ས་ཀཱ་ཐཱ་མན་ཀྲི་ས་གནས་ཁྲིམས་ཁང་གིས། ཁྲིམས་འགལ་ཐོག་བལ་ཡུལ་ས་ཁོངས་སུ་འཛུལ་བའི་ཉེས་འཛུཊ་འོག་ཁྱོན་དུས་ཡུན་མི་ལོ་ ༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་དེ། ད་བར་ཟླ་ ༣ ལྷག་འགྲོ་བཞིན་ཡོད་སྟབས། ཕྱི་ཚེས་ ༡༤ ཉིན་འདི་གའི་གསར་འགོད་པ་ངྷ་སར་ཡོད་པའི་ཁོང་གི་ཕ་མ་གཉིས་ཀྱི་གམ་དུ་བཅར་ཏེ། ཁོང་བཟའ་མི་གཉིས་ཀྱི་འཚོ་བའི་གནས་སྟངས་དང་། བུ་ཚེ་རྡོར་ལཊ་སུ་གནས་ཚུལ་གསར་པ་འདྲ་ཡོད་མེད་རྒྱུས་ལོན་བྱས་ཡོད།

ཚེ་བརྟན་རྡོ་རྗེ་ཡི་ཨ་མ་ལྡོམ་པོ་སྐྱིད་ལཊ་ཀྱིས་བརྗོད་པ་ལྟར་ན། ཚེ་བརྟན་རྡོ་རྗེ་ལཊ་ད་ཆར་བལ་ཡུལ་རྒྱལ་ས་ཀཱ་ཐཱ་མན་ཀྲི་ཡི་ (Dilli Bazaar)ཞེས་པའི་བཙོན་ཁང་དུ་བཙོན་འཇུག་བྱས་ཡོད་པ་དང་། བཙོན་ཁང་དེར་ཉིན་རེར་ལྟོ་དུས་ཐེངས་གཉིས་རེ་དང་། ཟླ་རེར་སྐར་མ་ ༡༥ ཙམ་ལ་ནང་མིར་ཁ་པར་གཏོང་རྒྱུའི་ཐོབ་ཐང་ཡོད་པ་མ་ཟད། སོ་སོར་དངུལ་ཡོད་ན་བཙོན་ཁང་དེའི་སྒོ་རྭའི་ནང་གི་ཟ་ཁང་དུ་བསྐྱོད་ཆོག་གི་ཡོད་འདུག ཚེ་བརྟན་རྡོ་རྗེ་ལགས་ཀྱིས་ཁོང་གི་ཕ་མ་གཉིས་ལ་ཁ་པར་གཏོང་ཐེངས་རེར། ཁོ་རང་གི་ཕྱོགས་སུ་སེམས་ཁྲལ་གནང་མི་དགོས་ཤིང་། ཁོ་བཙོན་ཁང་དུ་སྡོད་པ་དེ་བོད་རྒྱལ་ཁབ་དང་མི་རིཊ་ཀྱི་རྩ་དོན་ཆེད་ཡིན་སྟབས། ཁྱིམ་ཚང་ཞིག་གི་གོད་ཆག་དང་མི་སྒེར་ཞིག་གི་སེམས་སྡུག་དང་འབྲེལ་བ་མེད་ཅིང་། ཁོའི་ཞི་བའི་འཐབ་རྩོད་ཀྱི་དམ་བཅར་ནམ་ཡང་འགྱུར་བ་མེད་པས། ཕ་མ་གཉིས་ཀྱི་སེམས་ལ་གྲ་སྒྲིག་དགོས་ཚུལ་བརྗོད་ཡོད་འདུག ཁོ་ལ་རེ་བ་ཞིག་ཡོད་པ་ནི། ཁོང་གིས་རྒྱ་གཞུང་ལ་བཏོན་པའི་ཞི་བའི་འབོད་ཚིག་ ༥ དེ་གང་ཐུབ་ཀྱིས་སྤྱི་ཚོཊ་ནང་ཁྱབ་བསྒྲཊ་བྱ་རྒྱུ་དེ་ཡིན་པ་དང་། བོད་མི་རྒྱབ་སྐྱོར་བ་ཁག་ཅིག་གིས་ཚེ་བརྟན་རྡོ་རྗེ་བཙོན་གྲོལ་གྱི་ལམ་ཁ་འཚོལ་བཞིན་ཡོད་ཀྱང་ཁོ་རང་ཉིད་ཀྱིས་མོས་མཐུན་གནང་མི་འདུག

ཨ་མ་ལྡོམ་པོ་སྐྱིད་ལགས་ཀྱིས་བརྗོད་ན། ད་ཆར་བལ་ཡུལ་མདོ་སྨད་ཀྱི་མི་གསུམ་གྱིས་བལ་ཡུལ་ཀཱ་ཐཱ་མན་ཀྲི་ས་གནས་བཙོན་ཁང་ནས་ཆོག་མཆན་ཡི་གེ་བླངས་ཏེ། བདུན་ཕྲག་རེར་དང་བླངས་ཐོག་བཙོན་ཁང་དུ་ཚེ་བརྟན་རྡོ་རྗེ་ལཊ་སུ་ཟ་མ་སྐྱེལ་བཞིན་ཡོད་པ་དང་། ཟ་མ་སྐྱེལ་མཁན་ཚོས་བཤད་ན་ཚེ་བརྟན་རྡོ་རྗེ་ལཊ་ཀྱི་ད་ལྟའི་གཟུཊ་པོའི་གནས་བབ་སྔོན་མ་ལས་ཅུང་ཡག་ཏུ་ཕྱིན་ཡོད་པ་དང་། ཚེ་རྡོར་ལཊ་སུ་བཙོན་འཇུག་ཁྲིམས་ཐག་མ་བཅད་གོང་རྒྱ་བལ་གནས་སྡོད་བོད་མི་ལྷག་བསམ་ཅན་མང་པོ་ཞིག་གིས་ཁོང་གི་སྙིང་སྟོབས་དང་དམ་བཅའ་ལ་རྒྱབ་སྐོར་གནང་སྟེ་ལག་འཁྱེར་གློག་ཀླད་དང་ཁ་པར། ལྭ་བ་སོཊ་ཉོས་ཏེ་རོགས་རམ་གནང་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཟེར། 

    ཚེ་བརྟན་རྡོ་རྗེ་ལཊ་སུ་ཁྲིམས་ཐག་བཅད་རྗེས་ཨ་མ་ལྡོམ་པོ་སྐྱིད་ཀྱིས་བསྐྱར་དུ་ཞི་བའི་འཐབ་རྩོད་མགོ་འཛུཊ་གནང་རྩིས་བྱས་ཀྱང་། འབོད་སྐུལ་ཞུས་པ་ལྟར་ལས་འགུལ་ནང་མཉམ་ཞུཊ་བྱེད་མཁན་མ་བྱུང་བ་དང་། མོ་རང་གཅིག་པུ་ཕྱིན་ན་སྐད་དང་ལམ་ཁ་མི་ཤེས་པའི་དཀའ་ངལ་འཕྲད་ངེས་ལ་བརྟེན་གོམ་བགྲོད་གནས་སྐབས་རིང་ཕྱིར་འཐེན་བྱས་ཡོད་འདུག

ཨ་མ་ལྡོམ་པོ་སྐྱིད་ཀྱིས་བརྗོད་དོན། “ གལ་སྲིད་ང་རང་གིས་རྒྱ་གར་སྐད་ཡག་པོ་ཞིག་མི་ཤེས་ཀྱང་དབུས་གཙང་སྐད་ཡག་པོ་ཞིག་ཤེས་རྒྱུ་ན། སོ་སོ་གཅིག་པུས་ཚེ་བརྟན་རྡོ་རྗེའི་ཞི་བའི་འབོད་ཚིག་ལྔ་འཁུར་ཏེ་མུ་མཐུད་གོམ་བགྲོད་བྱ་འདོད་ཡོད། ཁ་སྔོན་ང་རང་གིས་ངྷ་སར་གོམ་བགྲོད་ནང་འཛུལ་མཁན་བཙལ་ཡང་། ང་ལ་རོཊ་པར་འགྲོ་མཁན་གཅིག་ཀྱང་རག་མ་སོང་། རོཊ་པ་མེད་ན་ང་གཅིག་པུས་རང་མགོ་འཐོན་ས་མ་རེད། གལ་སྲིད་ང་རང་ཚེ་བརྟན་རྡོ་རྗེ་ལ་ངོ་མ་ཐུག་ན་ཉིན་ཞིག་བསྐྱར་དུ་གོམ་བགྲོད་མགོ་འཛུཊ་རྒྱུ་ཡིན། ང་རང་བུ་དང་མཉམ་དུ་བཙོན་ཁང་དུ་འགྲོ་མ་ཐུབ་པ་དེར་ང་འགྱོད་པ་ཆེན་པོ་འདུག”ཟེར།

ཨ་ཕ་ཚེ་མགོན་ལཊ་སུ་ཚེ་བརྟན་རྡོ་རྗེ་ལཊ་ཀྱི་གནས་སྟངས་སྐོར་དྲིས་པར། “ངེད་གཉིས་ཀྱིས་སྐད་ཤེས་ཀྱི་ཡོད་པ་མ་རེད། དེའི་ཐོག་ངེད་གཉིས་ཀྱི་ (RC) ཐོག་གནས་སྐོར་བརྒྱབ་ཡོད་དུས་བལ་ཡུལ་ནང་འགྲོ་ཐུབ་ཀྱི་མི་འདུག ད་གཞན་པའི་ལམ་ཁ་ཡོད་མེད་དང་། ཡིག་ཆ་འདྲ་བཟོ་རྒྱུ་ཡོད་མེད་ཧ་གོ་ཡི་མི་འདུག འདི་ལ་བོད་གཞུང་དང་ཚོཊ་པ་ཁག་གིས་རོཊ་པ་ཞིག་གནང་ཐུབ་ན་བསམ་བསྡད་ཡོད། ཐོག་མ་ངེད་གཉིས་ཀ་བལ་ཡུལ་དུ་ཚེ་བརྟན་རྡོ་རྗེ་ལ་བལྟ་རུ་འགྲོ་རྒྱུ་བྱས་ཀྱང་། ད་ལྟ་ངེད་གཉིས་ཀྱི་འཚོ་བ་ལྡོམ་པ་སྐྱིད་མོ་རང་གིས་མ་བྱིན་བྱེད་ཀྱི་ཡོད་པའི་གླ་ཆར་བརྟེན་བསྡད་ཡོད་པ་རེད། གལ་སྲིད་ངེད་གཉིས་ཕྱིན་པ་ཡིན་ན་རྗེས་མ་ལས་ཀ་དེའང་ཤོར་འགྲོ་བ་རེད། དེ་ནས་ངེད་གཉིས་གྲོས་བྱས་ཏེ་མོ་རང་གཅིག་པུ་འགྲོ་ཐབས་ཤིག་ལ་བསམ་བློ་བཏང་བ་ཡིན” ཞེས་བརྗོད།

གསར་འགོད་པས་ཨ་མ་ལྡོམ་པོ་སྐྱིད་ལཊ་སུ་མ་བུ་གསུམ་གྱི་གོམ་བགྲོད་སྐབས། སྤྱི་ཚོཊ་སྟེང་ངོ་རྒོལ་དང་རྒྱབ་སྐྱོར་བྱེད་མཁན་གཉིས་ཀ་བྱུང་ཡོད་པ་དེར་གཟིཊ་ཚུལ་ག་རེ་ཡོད་མེད་དྲིས་པར། “ ཚོཊ་པ་སོ་སོར་རང་གི་ལྟ་བ་དང་ལངས་ཕྱོཊ་རེ་ཡོད་པ་ལྟར། ང་ཚོའི་ལས་འགུལ་ལ་ངོ་རྒོལ་ཡོད་ཟེར་མཁན་ཚོར་ཡང་སོ་སོའི་ལངས་ཕྱོཊ་ཤིག་ཡོད་པ་རེད། ང་རང་ལ་ངོ་རྒོལ་དང་རྒྱབ་སྐྱོར་བྱེད་མཁན་ཚང་མར་དམིཊ་བསལ་བཤད་རྒྱུ་ཅི་ཡང་མེད། མ་གཞི་རང་བཙན་དང་ལམ་དབུ་མ་གང་ཡིན་རུང་། མཐའ་མའི་དམིཊ་ཡུལ་བོད་ལ་རང་དབང་འཐོབ་རྒྱུ་དེ་རེད། དེའི་སྟབས་ཀྱིས་བོད་པ་ཚང་མ་ནང་ཁུལ་འཆམ་པོ་བཟོ་རྒྱུ་གལ་ཆེན་པོ་རེད་བསམ་གྱི་འདུག” ཟེར།

གསར་འགོད་པ། དཔལ་ལྡན།

༼ བོད་ཀྱི་དུས་བབ་ཚགས་པར་ལས་བདམས་བཀོད་བྱས། ༽

འབྲེལ་ཡོད་གསར་འགྱུར།

Mobile App

རང་བཙན་གོམ་བགྲོད་གནང་མཁན་ཚེ་རིང་མཐར་ཕྱིན་ལགས་ཅན་དྷི་སྒར་དུ་འབྱོར་འདུག

ཆུ་ཚོད་ ༤ སྔོན་ལ།
བྱང་ཨ་རིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་འདུ་ཐེངས་ ༢༤ པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

 བྱང་ཨ་རིའི་བོད་རིགས་ཚོགས་པ་ཁག་གིས་ཚོགས་ཆེན་འཚོགས།

ཆུ་ཚོད་ ༦ སྔོན་ལ།
Mobile App

གཞུང་འབྲེལ་མིན་པའི་ཚོགས་སྡེ་ལྔ་ཡིས་ཞི་ཅིན་ཕིན་ལ་བསྒྲགས་གཏམ་སྤེལ།

༢༠༢༦/༠༩/༠༨
UN High Commissioner for Human Rights Volker Turk  Photo : Tawazon
Mobile App

འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༦༣ སྟེང་བོད་དོན་གླེང་སློང་བྱས།

༢༠༢༦/༠༩/༠༨
ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
India, China to Hold First Corps Commander-Level Talks Today at Wacha Along LAC in Arunachal Pradesh | Image: X
Mobile App

རྒྱ་དཀར་ནག་གི་ཆེས་མཐོའི་དམག་དཔོན་བར་གྲོས་མོལ་བྱས། 

༢༠༢༦/༠༩/༠༧

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་ ངེད་གཉིས་ཀྱིས་སྐད་ཤེས་ཀྱི་ཡོད་པ་མ་རེད། དེའི་ཐོག་ངེད་གཉིས་ཀྱི་ (RC) ཐོག་གནས་སྐོར་བརྒྱབ་ཡོད་དུས་བལ་ཡུལ་ནང་འགྲོ་ཐུབ་ཀྱི་མི་འདུག ད་གཞན་པའི་ལམ་ཁ་ཡོད་མེད་དང་། ཡིག་ཆ་འདྲ་བཟོ་རྒྱུ་ཡོད་མེད་ཧ་གོ་ཡི་མི་འདུག འདི་ལ་བོད་གཞུང་དང་ཚོཊ་པ་ཁག་གིས་རོཊ་པ་ཞིག་གནང་ཐུབ་ན་བསམ་བསྡད་ཡོད། ་་་་་ཅེས་གསུངས་པ་ལ་རོགས་རམ་སུས་གནང་ཐུབ་བམ། !!! ???

    Reply
  2. འདྲེ་མགོ་རྡོ། says:
    ལོ་ 14 སྔོན།

    ཁ་བཤད་དོན་ལ་གནས་པའི་འཐབ་རྩོད་པ་མ་བུ་གསུམ་ལ་སྙིང་ནས་འཚམས་འདྲི་ཞུ། དེང་སང་ཟོག་པོ་འགའི་ཚུགས་ཀར་བལྟས་ན་བོད་ལ་ལོག་འདོད་ཀྱང་མེད་པ་འདྲ་ཞིག་འདུག་པས། བོད་མི་རིགས་ཀྱི་ལས་དབང་ཡང་འདི་ལྟར་རེ་འགའི་མགོ་ནས་རེ་འགའི་མགོར་ལྷུངས་བཞིན་པ་ནི་གསལ་བོ་རེད།

    Reply
  3. ཁྲ་དོན་ལྡན། says:
    ལོ་ 14 སྔོན།

    བོད་ཞི་བའི་འཐབ་རྩོད་པ་གླིང་ཚ་ཚེ་བརྟན་རྡོ་རྗེས་ཞི་བའི་གོམ་བགྲོད་བྱས་ནས་རྒྱ་བལ་ས་མཚམས་སུ་སྤྱི་ལོ་༢༠༡༢ལོའི་ཟླ་༥བའི་ཚེས་༡༤ནས་ཚེས་༢༡་བར་གོམ་བགྲོད་བྱས་དེ་བལ་ཡུལ་རྒྱལ་སའི་ཉེ་འདབས་ཐང་ཀོ་ཏྲི་ཞེས་པའི་ས་གནས་ནས་ཉེན་རྟོགས་པའི་འཛིན་བཟུང་བྱས་དེ་ལག་ཁྱེར་ཞིབ་གཤེར་ཁང་དུ་ཉིན་ཉི་ཤུ་རྩ་ལྔར་བཀག་ཉར་བྱས་པ་དང་སྤྱི་ཟླ་༦་ཚེས་༡༥ཉིན་ཁྲིམས་ཐག་བཅད་དེ་བཙོན་ཁང་ལ་བཅུག་ནས་ད་བར་དུ་(Dilli Bazaar)་བཙོན་ཁང་དུ་ཡོད། ས་དཀར་བསྟན་འཛིན་ངེད་གཉིས་ནས་བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པར་འབོད་སྐུལ་ཞུས་དེ་སྤྱི་ཟླ་༩་བའི་ཚེས་༤་ཉིན་བལ་ཡུལ་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་མི་བཞི་དང་། ས་དཀར་བསྟན་འཛིན་ང་རང་བཅས་བཙོན་ཁང་དུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ལ་ཐུག་ཏུ་སོང་བ་ཡིན། ང་ཚོ་ཁོང་ལ་ཐུག་སྐབས་ས་དཀར་བསྟན་འཛིན་ལགས་ཀྱིས་དེ་རིང་ངེད་གཉིས་ནས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་མཉམ་དུ་ཁྱེད་ཀྱི་བསམ་ཚུལ་ལ་ཉན་རྒྱུ་དང་། ཕྱི་ལོག་ན་ཁྱེད་ཀྱིས་ང་ཕྱིར་བཏོན་ན་ཡག་རབས་སོགས་བཤད་ཀྱི་ཡོད་པ་དང་མི་མང་གིས་ཁྱེད་བཙོན་ཁང་ལ་བཞག་ན་ཡག་པོ་མི་འདུག་ཕྱིར་བཏོན་ནས་ཁོ་རང་མུ་མཐུད་དུ་ལས་འགུལ་སྤེལ་དུ་བཅུད་ན་ཡག་རབས་བརྗོད་ཀྱི་འདུག་ཁྱེད་རང་གི་ངོས་ནས་བསམ་ཚུལ་ག་རེ་ཡོད་ཅེས་དྲིས་སྐབས། ཁོང་གི་གསུང་དོན་ངའི་ངོས་ནས་སྒྲུབ་དགོས་པ་ཚང་མ་སྒྲུབ་བཞིན་ཡོད་ལ། ང་ཕྱིར་བཏོན་དགོས་སོགས་ཀྱི་སྐད་ཆ་ཚིག་གཅིག་ཀྱང་བཤད་མེད་ལ་བཤད་ཀྱང་མི་སྲིད། གལ་སྲིད་དེ་འདྲ་ཞིག་བཤད་ཡོད་ན་ངའི་རྩ་དོན་དང་ལངས་ཕྱོགས་བོར་བ་རེད། ངའི་ངོས་ནས་མ་ཤི་བར་དུ་ཞི་བའི་འཐབ་རྩོད་བྱེད་རྒྱུའི་དམ་བཅའ་བརྟན་པོ་ཡིན་ལ་ཁྱེད་རང་ཚོའི་ངོས་ནས་ག་རེ་བྱེད་དགོས་མིན་ངས་ཤེས་ཀྱི་མེད། གཙོ་བོ་ཁྱེད་རང་ཚོའི་ལྟ་དགོས་རྒྱུ་དང་ཁྲིམས་མེད་ལུགས་མེད་བྱས་ན་ངའི་རྩ་དོན་ལ་གནོད་སྐྱལ་བ་རེད་ཅེས་བརྗོད་སོང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་མི་ཚོས། ཁྱེད་རང་ལ་ངོ་མ་ཆོད་སེམས་བརྟན་པོ་འདུག ཡིན་ན་ཡང་ཁྱེད་རང་ལས་འགུལ་བ་ཞིག་ཡིན་པའི་ངོས་ནས་བཙོན་ཁང་ནང་ནས་བསྡད་པ་ལས་ཕྱིར་ཐོན་ན་ནུས་པ་ཆེ་སོགས་གསུང་བ་དང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པས་ངོས་ནས་ནུས་པ་གང་ཡོད་བྱས་དེ་ཁྱེད་རང་ཕྱིར་བཏོན་ཐབས་བྱེད་རྒྱུ་ཡིན་སོགས་བརྗོད་སོང་། དེ་ནས་ང་ཚོ་ཕྱིར་ཡོང་སྐབས་ངེད་གཉིས་ནས་འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཚོགས་མི་བཞི་ལ་ཁོང་ལ་ག་འདྲ་བྱས་ན་ཡག་ས་རེད་ཅེས་དྲིས་སྐབས་ཁོང་ཚོས་གང་མགྱོགས་ངང་ཕྱིར་བཏོན་ཐབས་བྱ་རྒྱུ་ཡིན་ཞེས་བརྗོད་སོང་། གླིང་ཚ་བཙོན་དུ་ཕེབས་ནས་ཟླ་གསུམ་ལྷག་གི་རིང་ལ་ཚོགས་པ་སྐྱིད་སྡུག་དང་བོད་མི་ཉུང་བ་ཞིག་གིས་ཁོང་ལ་རྒྱབ་སྐྱོར་དང་མཐུན་རྐྱེན་གང་ལེགས་སྒྲུབ་མཁན་སོགས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese