མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་གཞུང་དམངས་གཉིས་ཀྱིས་གདོང་ལེན་ཇི་ལྟར་གནང་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༠
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཚེས་ ༢༥ ནས་ ༢༨ ཉིན་བར་བཞུགས་སྒར་ངྷ་རམ་ས་ལར་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་བསྡུ་སྐོང་གིས་༼ ད་ལྟའི་བོད་ནང་གི་མཛའ་དྲག་གནས་སྟངས་ཐོག་ལ་བོད་གཞུང་དམངས་གཉིས་ཀྱིས་གདོང་ལེན་གནང་ཕྱོགས༽ཞེས་པའི་བརྗོད་གཞིའི་ཐོག་གོ་བསྡུར་གནང་འཆར་ལ། འདི་གའི་གསར་ཁང་གིས་ཚོགས་ཆེན་གྱི་འགྲོས་གཞི་དང་འབྲེལ་བའི་གནད་དོན་ཁག་ཅིག་གི་ཐོག སྤྱི་ཚོགས་ཁྲོད་ཀྱི་ཤེས་ཡོན་ཅན་དང་ལས་འགུལ་བ། ལས་ཀྱི་སྣེ་མོར་གཏོག་པ་ཁག་ཅིག་བཅས་ལ་དགོངས་ཚུལ་བསྡུས་ཡོད།

གངས་སྐྱིད་བོད་ཀྱི་དཔེ་མཛོད་ཁང་གི་དཔར་སྐྲུན་འགན་འཛིན་ན་ག་སངས་རྒྱས་བསྟན་དར་ལགས་སུ། “ བོད་ནང་གི་ཛ་དྲག་གནས་སྟངས་ཐད་བོད་གཞུང་དམངས་གཉིས་ཀྱིས་གདོང་ལེན་ཇི་ལྟར་གནང་དགོས” ཞེས་དྲི་བ་བཏོན།



ལན། ཐོག་མར་བྱེས་སུ་གནས་པའི་བོད་མིའི་སྒྲིག་འཛུགས་གང་རུང་ཞིག་ནས་བོད་ནང་གི་གནས་ཚུལ་ངོ་མ་བཟང་ངན་གཉིས་ཀ་ཁུངས་སྐྱེལ་བྱེད་ཐུབ་པའི་རིགས་ཉམས་ཞིབ་ཀྱི་ལམ་ནས་ད་ལྟ་བཞིན་བོད་མི་ནང་ཁུལ་དང་ཕྱིའི་རྒྱལ་ཁབ་རྣམས་ལ་ཡིད་ཆེས་འཕེར་བའི་ངོ་སྤྲོད་གནང་རྒྱུ་གལ་ཆེན་རེད་ལ། དེ་ནི་ད་ལྟ་གནང་དང་གནང་བཞིན་པ་ཞིག་ཀྱང་ཆགས་ཡོད། དེ་ནས་ཛ་དྲག་གི་གནས་སྟངས་འདི་ཉིད་ལས་སྐྱོབ་ཕྱིར་བོད་ནང་ཡོད་པའི་བོད་མི་གནད་ཡོད་རྣམས་བརྒྱུད་ནས་ཐབས་ཤེས་ཡོད་དགུ་རྩལ་སྤྲུགས་ཀྱིས་རྒྱ་ནག་གཞུང་དང་ངེས་པར་དུ་བགྲོ་གླེང་བྱེད་དགོས་པ་ཡིན། ད་ལྟའི་ཆར་དབང་ཆ་ཡོངས་རྫོགས་རྒྱ་ནག་གཞུང་གི་འོག་ཏུ་ཡོད་དུས་ང་ཚོས་ཐབས་མཁས་དེ་སྔའང་གནང་ཡོད་ལ། ད་དུང་ཡང་མུ་མཐུད་ནས་གནང་རྒྱུ་ལས་གཞན་པའི་ཐབས་ཤེས་བཟང་བ་ཞིག་ངས་མཐོང་གི་མི་འདུག 

     སྤྱིར་དམར་ཤོག་དང་དེ་ཡང་མི་འབོར་མང་པོ་ཡོད་པའི་ལུང་པ་དེ་ཚོས་རང་གི་རྒྱལ་ཁབ་ཀྱི་དོན་དུ་བསམ་བློ་གཏོང་སྟངས་དང་ང་ཚོ་བོད་མི་རྣམས་ཀྱིས་རང་གི་རྒྱལ་ཁབ་ཀྱི་དོན་དུ་བསམ་བློ་གཏོང་སྟངས་གཉིས་གཅིག་པ་བྱས་ན་ཡོང་ཐབས་མེད། དམར་ཤོག་གི་ལྟ་བའི་རྐྱེན་གྱིས་བྱས་པ་ཡིན་ནམ། ཡང་ན་མི་འབོར་མང་བའི་དབང་གིས་ཡིན་ནམ། གང་ལྟར་ཁོང་ཚོས་རང་གི་རྒྱལ་ཁབ་ཀྱི་དོན་དུ་རང་གི་མི་མང་ལ་དེ་ཙམ་བསམ་བློ་གཏོང་གི་མེད། མི་འབུམ་གཅིག་ཤི་བ་ཡིན་ནའང་རྒྱལ་ཁབ་ཀྱི་མི་འབོར་ལ་ཁྱད་པར་གང་ཡང་བཟོ་གི་མེད་ཅིང༌། གཅིག་བྱས་ན་ཡག་པོ་བྱུང་འདུག་ཀྱང་དྲན་ཤས་ཆེ། གང་ཡིན་ཟེར་ན། ཤི་མཁན་རྣམས་ནི་རང་གི་རྒྱལ་ཁབ་ཀྱི་མི་ཡིན་ཡང་དེ་ཚོའི་ནང་དུ་དཔོན་རིགས་སུ་གཏོགས་མཁན་ནི་ཉིན་མོའི་སྐར་མ་ལྟར་ཡིན། དེར་མ་ཟད་རྒྱལ་ཁབ་ལ་མི་འབོར་ཆེ་བའི་དཀའ་ངལ་དེ་རང་བཞིན་གྱིས་ཆུང་དུ་ཕྱིན་ཏེ་བློ་བདེར་འགྱུར་གྱི་ཡོད། མདོར་ན་ཡུལ་མི་འབོར་ཆེན་ཇི་ཙམ་ཤི་ནའང་ལུང་པའམ་རྒྱལ་ཁབ་ཀྱི་འཚོ་གནས་ལ་ཉེན་ཁ་གཏན་ནས་མེད།

 རང་རེ་བོད་ལ་མཚོན་ན་བོད་མི་བརྒྱ་ཆ་དགུ་བཅུ་ལས་མང་བ་ཞིག་བོད་ནང་ཡོད་ཅིང༌། བོད་ཀྱི་ས་ཁྱོན་ནི་ད་ལྟའི་ཆར་རྒྱ་ནག་རྒྱལ་ཁབ་ཀྱི་བཞི་ཆ་གཅིག་ཙམ་ཟིན་གྱི་ཡོད་ནའང་བོད་ཀྱི་མི་འབོར་ནི་རྒྱ་ནག་རྒྱལ་ཁབ་ཀྱི་བརྒྱ་ཆ་གཅིག་ཀྱང་ཟིན་གྱི་མེད། འབྱུང་འགྱུར་ས་ཁྱོན་ལ་གཞིགས་ན་རྒྱ་ནག་གི་མི་འབོར་བརྒྱ་ཆ་ཉི་ཤུ་རྩ་ལྔ་བོད་ནང་དུ་གནས་སྤོར་བྱེད་གི་རེད། སྐབས་དེར་བོད་ཀྱི་མི་འབོར་བོད་རང་གི་ནང་དུ་བརྒྱ་ཆ་གཅིག་ལས་མེད་པ་ཆགས་ཏེ། བོད་མི་ཚུལ་བཞིན་འཚོ་ཐུབ་པ་ཧ་ཅང་ཁག་པོ་ཆགས་པ་རེད། དེར་བརྟེན་ང་ཚོས་རང་ཉིད་འཚོ་ཐབས་ཤིག་ལ་མི་འབད་ཀ་མེད་རེད། རང་ཉིད་ཚུལ་བཞིན་འཚོ་ཐུབ་ན་རིམ་གྱིས་ལངས་ཀྱང་ཐུབ་ལ། དེ་ནས་སྐད་ཡིག་དང་རིག་གཞུང༌། རང་གི་ངོ་བོ་བཅས་སྲུང་སྐྱོབ་ཐུབ་ངེས། འབྱུང་འགྱུར་གྱི་གནས་ཚུལ་ངོ་མ་ནི་སུས་ཀྱང་ཤོད་མི་ཐུབ། འདས་པའི་རྒྱལ་རབས་ལ་གཟིགས་དང༌། ད་ལྟ་འཚོ་མ་ཐུབ་ན་འབྱུང་འགྱུར་མེད་པར་འགྱུར་བ་ནི་ངེས་པ་ཡིན། དེ་མིན་གཞན་གྱིས་བསྔགས་བརྗོད་ཐུང་ངུ་རེ་ཡི་རྗེས་སུ་རྒྱུག་ནས་དཔའ་ཐལ་ཆེ་དྲགས་ན། སྟག་མཆོངས་སར་ཝ་མཆོངས་ཏེ་ཝ་སྐེད་ཚིགས་ལོག་པའི་དཔེ་རུ་འགྲོ་ཉེན་ཡོད།  

   བོད་མི་མང་པོས་དེང་སང་ཞྭ་དཔེ་ལྷམ་འགེབས་བྱེད་ཀྱི་འདུག མི་དེ་དག་ལ་བཤད་ན་ཕན་ཐོགས་མེད་སྟབས་ཁ་རོག་གེར་བསྡད་པ་ཡིན། གལ་ཏེ་སྨྲ་བ་དངུལ་ཡིན་ན། ཁ་རོག་འདུག་པ་གསེར་ཡིན་པའི་གནས་སྐབས་ཀྱང་མི་ཉུང་བ་ཞིག་ཡོད། ྋརྒྱལ་བ་ཡིད་བཞིན་ནོར་བུས་ཉེ་ཆར་ལ་དྭགས་སུ། དེ་རིང་ཁ་སང་ཤོད་སྟངས་མང་པོ་ཞིག་ལ་གཟབ་གཟབ་མ་བྱས་ན། ང་ཚོ་བཙན་བྱོལ་བ་ཆིག་འབུམ་ལྔ་ཁྲི་ཡོད་པ་ད་བར་རྡོག་ལ་བསྒྲིལ་ནས་གནས་ཡོད་པ་འདི་རིམ་བཞིན་རལ་པོ་ཁ་ལུག་ལྟར་བཟོ་ཉེན་ཡོད། དེར་ཚང་མས་བསམ་བློ་ཏན་ཏན་གཏོང་དགོས། ཞེས་གསུངས་པ་ལ་གཞིགས་ན་ང་ཚོ་ཚུལ་བཞིན་འོང་བ་ལ་ཕྱི་ནང་གཉིས་ཀའི་འགལ་རྐྱེན་ཡོད་པ་བསྟན་པ་རེད། དེས་ན་ཚང་མས་ཡིད་གཟབ་དང་དངོས་ཡོད་ཀྱི་གནས་སྟངས་ངོས་འཛིན་པའི་ཐོག་ནས་ལག་ལེན་བསྟར་དགོས་པ་གལ་ཆེན་རེད་སྙམ། ཉི་མ་ཤར་ནས་ཤར་བ་དེ་བདེན་པ་གཅིག་རེད། བོད་རང་བཙན་ཡིན་པ་དེ་ཡང་བདེན་པ་གཞན་གཅིག་རེད། རྒྱ་ནག་གི་ས་ཁྱོན་ནི་རྒྱ་ནག་གི་ལྕགས་རིས་བསྐོར་བ་དེ་ཡང་བདེན་པ་གཅིག་རེད། གོང་གསལ་བདེན་པ་གསུམ་ལས་དང་པོ་དེར་ད་ལྟ་བར་འགྱུར་བ་སོང་མེད། ཕྱི་མ་གཉིས་དེར་འགྱུར་བ་སོང་ཡོད། འོ་ན་འགྱུར་བ་མེད་པའི་བདེན་པ་དེ་གང་ཞིག་རེད་ཟེར་ན། འགྱུར་བ་མེད་པའི་བདེན་པ་དེ་ནི་རྟག་པའི་ཆོས་རྣམས་རེད། 
ད་ལྟ་བོད་རང་བཙན་མ་ཡིན་པ་དེ་བདེན་པ་གཅིག་རེད། རྒྱ་ནག་གི་ས་ཁྱོན་རྒྱ་ནག་གི་ལྕགས་རི་ལས་བརྒལ་བ་དེ་ཡང་བདེན་པ་གཞན་གཅིག་རེད། འོན་ཀྱང་བདེན་པ་འདི་གཉིས་རྟག་བརྟན་འགྱུར་མེད་ཀྱི་བདེན་པ་
ཞིག་མ་རེད། གང་ཡིན་ཟེར་ན། དེ་གཉིས་རྟག་པའི་ཆོས་གཅིག་མ་རེད། གང་ལྟར་སྤྱི་སྒེར་སུ་འདྲ་ཞིག་ཡིན་ན་ཡང༌། འཆར་སྣང་དང་འཆར་གཞི་གཉིས་ཀ་དགོས་པ་ཡིན། འཆར་གཞི་ནི་དུས་ཚོད་ངེས་ཅན་ཞིག་གི་ནང་དུ་བསྒྲུབ་ཐུབ་པའི་འབད་རྩོལ་དང་རེ་བ་བྱེད་ས་ཡོད་པ་ཞིག་ཡིན་དགོས། འཆར་སྣང་ནི་སྨོན་ཡུལ་ཞིག་ཡིན་དགོས་པ་ལས་ད་ལྟ་འབད་རྩོལ་བྱས་ནས་བསྒྲུབ་ཐུབ་པའི་ངེས་པ་མེད། དེ་སོ་སོས་ངེས་པར་དུ་རྟོགས་དགོས་པ་ཞིག་རེད།  ལྷག་པར་དུ་དཔོན་པོར་ཁས་འཆེས་པ་རྣམས་ཀྱིས་དྲན་དགོས། 

བོད་ཀྱི་དོན་དུ་བོད་མི་དཔའ་བོ་ཕོ་མོ་རྣམ་པས་འུ་ཐུག་ཐབས་ཟད་ཀྱིས་ད་ལྟའི་རྒྱ་མིའི་གདུག་རྩུབ་འོག་གནས་ཐབས་རྩ་བ་ནས་མེད་པའི་ངོ་རྒོལ་གསལ་ཤོས་ཤིག་ཏན་ཏན་ཡིན། འདི་ཡིས་གང་ཞིག་སྟོན་པ་དེ་ནི་དེ་དག་གི་ཞལ་ཆེམས་ངོ་མའི་ནང་དུ་གང་ཞིག་གསལ་བ་དེ་རང་རེད། ད་ལྟའི་རྒྱ་ནག་གི་སྲིད་བྱུས་དེ་ཡིས་རིང་མིན་བོད་མི་རྣམས་རྩ་ཡལ་དུ་གཏོང་རྒྱུ་ཡིན་པའི་ངོ་སྤྲོད་དང༌། དེར་རང་ལུས་མེར་བསྲེགས་ཕུལ་བའི་སྒོ་ནས་ངོ་རྒོལ་གནང་ཡོད། དེར་བརྟེན། ཁོང་ཅག་གི་དགོས་འདུན་དང་པོ་དེ་ནི་རྒྱ་ནག་གིས་བོད་ལ་འཛིན་པའི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལ་འགྱུར་བ་གཏོང་དགོས་པ་དེ་ཡིན། འདི་ནི་རྒྱ་ནག་གཞུང་གིས་བྱེད་དགོས་པའི་ལས་ཀ་དང༌། འདི་ལ་ཕན་ཕྱིར་བྱེས་འཁོད་བོད་མི་སྤྱི་སྒེར་གཉིས་ཀྱིས་གང་ཞིག་བྱེད་རྒྱུ་འདུག་པའི་སྐོར་ལ་དམིགས་བསལ་ཚོགས་ཆེན་སྐབས་གྲོས་མོལ་ལྷུག་པོ་གནང་རོགས། དགོས་འདུན་གཞན་དེ་ནི་བོད་མིའི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟ་བུའི་ཚེ་འདི་ཕྱི་གཉིས་ཀྱི་སྐྱབས་གནས་ྋསྤྱི་ནོར་ྋགོང་ས་ཆེན་པོ་མཆོག་བོད་དུ་ཆིབས་བསྒྱུར་བསྐྱངས་ཏེ་བོད་ཀྱི་ཆོས་སྲིད་ཀྱི་གོང་བུ་གཅིག་སྒྱུར་དུ་གནས་ཐུབ་པའི་རེ་བ་བྱེད་པ་དེ་ཡིན། འདི་ནི་ཁོང་ཚོའི་མ་བྲིས་པའི་འཆར་གཞི་དང་བྲིས་པའི་རེ་སྨོན་ཡིན།

འདི་ཡང་གཙོ་བོ་རྒྱ་ནག་གཞུང་གིས་བྱེད་དགོས་པ་དང༌། དེ་དག་འོང་བར་ང་ཚོས་འབད་རྩོལ་བྱེད་དགོས་པ་ཞིག་རེད། ང་ཚོའི་བསམ་བློའི་ནང་ཆིབས་བསྒྱུར་སྐོར་གྲ་སྒྲིག་མེད་ཚེ། ཉིན་གཅིག་རྒྱ་གཞུང་གིས་མགྲོན་འབོད་བྱུང་བའི་དབང་དུ་བཏང་ན། དེ་དུས་ཁས་ལེན་ཞུ་རྒྱུ་ཁག་པོ་ཆགས་སྲིད། དེ་སྔ་ཡང་དེ་ལྟར་བྱུང་ཡོད་པ་གོ་ཐོས་མྱོང༌། འགྲིག་མིན་བཟང་ངན་མི་ཤེས། དེ་བཞིན་ཐག་གཅོད་འོས་མིན་ནི་དེ་བས་ཀྱང་ཤོད་དཀའ་ཡང་། པཎ་ཆེན་སྐུ་གོང་མའི་དགོངས་རྫོགས་དང་འབྲེལ་ཏེ་མགྲོན་འབོད་བྱུང་སྐབས། སྐབས་དེའི་བཀའ་ཤག་གིས་ཆིབས་སྒྱུར་མི་གནང་རྒྱུའི་གསོལ་འདེབས་ཞུས་པ་གོ་ཐོས་བྱུང༌། ཁོང་རྣམས་ཀྱིས་མ་བྲིས་པའི་འཆར་སྣང་ནི་གང་འདོད་ཀྱིས་གང་ཞིག་རེད་ལབ་ཀྱང་། འདི་མ་རེད་ཅེས་བཤད་དཀའ། མདོར་བསྒྲིལ་ནས་བཤད་ན། འཆར་སྣང་དང་འཆར་གཞི་གཉིས་མ་འཁྲུག་པ་གལ་ཆེ། གལ་ཏེ་དེ་གཉིས་འཁྲུག་ན། ཟླ་བ་གྲགས་པའི་ཕ་དང་འདྲ་ཞེས་པར་འགྱུར་ཉེན་ཆེ།

གསར་འགོད་པ། བནྟེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

ཆུ་ཚོད་ ༣ སྔོན་ལ།
Four River, Six Ranges Movie
Mobile App

བལ་ཡུལ་གཞུང་གིས་གཞན་ཕན་ཁྱིམ་གསར་ལགས་འཛིན་བཟུང་དགོས་པའི་བཀའ་ཁྱབ་བསྒྲགས།

ཆུ་ཚོད་ ༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ལས་ཉིན་ལྔ་པའི་སྐབས། བོད་ཀྱི་བརྙན་འཕྲིན་གྱི་ཐད་གཏོང་ལས་བླངས།
Mobile App

བོད་ནང་གི་ཛ་དྲག་གི་གནས་སྟངས་ཐོག་གཞུང་འབྲེལ་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་དོན་ཚན་ལྔ་སྤྱི་མོས་གཏན་འབེབས་བྱུང་སོང་།

ཆུ་ཚོད་ ༢༤ སྔོན་ལ།
ས་སྐྱ་༧ གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག
གསར་སྙིང་།

ས་སྐྱ་ ༧གོང་མ་ཁྲི་ཆེན་རྡོ་རྗེ་འཆང་མཆོག་གིས་བོད་ཀྱི་དུས་བབ་གསར་ཁང་དབུ་བརྙེས་ནས་བགྲང་བྱ་ ༣༠ འཁོར་བར་བསྩལ་གནང་མཛད་པའི་གསུང་འཕྲིན།

༢༠༢༦/༠༩/༢༡
Supporters of Hou Yu-ih, a candidate for Taiwan's presidency from the main opposition party Kuomintang (KMT), attend a campaign event in Keelung, Taiwan January 4, 2024. REUTERS/Ann Wang/file photo
Mobile App

ཐའེ་ཝན་གྱི་འོས་བསྡུའི་ནང་རྒྱ་ནག་གི་སྐུ་ཚབ་ཇེ་མང་དུ་འགྲོ་བཞིན་འདུག

༢༠༢༦/༠༩/༢༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

༢༠༢༦/༠༩/༢༡

མཆན། 3

  1. རྒྱང་མིག says:
    ལོ་ 14 སྔོན།

    ཛ་དྲག་གི་གནས་སྟངས་དེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་སྲིད་ཇུས་མ་འགྲིག་པས་བཟོས་པ་ཡིན་པས་སྲིད་ཇུས་འགྱུར་བ་མ་བཏང་བར་དུ་ག་རེ་བྱུང་ཡང་འཐབ་རྩོད་ཀྱི་ནུས་པ་རྒྱུན་བསྲིངས་བྱེད་རྒྱུའི་དམ་བཅའ་བརྟན་པོར་གནས་རྒྱུ་དེ་གདོང་ལེན་བྱེད་སྟངས་དངོས་གནས་དེ་ཡིན་པར་འདོད་དོ།།
    ལྷག་དོན་རང་བཙན་འཐབ་རྩོད་བྱེད་རྒྱུ་དེ་ནི་ངར་ཤུགས་ལྡན་པ་ནུས་པ་ལྡན་པ་ཞིག་ཏུ་མཐོང་ངོ།།
    དེ་མིན་རང་སྐྱོང་དང་རྩ་ཁྲིམས་འོག་ཟེར་ན་ད་ཕལ་ཆེར་རྩོད་རྒྱུ་ཞིག་ལྷག་མེད་པ་འདྲ་བོ་འདུག་ཚང་མས་སྒུག་བསྡད་རྒྱུ་འདྲ་བོ་རེད། གང་འཚམས་ཞིག་ནས་ད་ཁྱད་པར་མི་འདུག་བསམ་པའི་ཚོར་སྣང་ཡང་སླེབས་མི་སྲིད་པ་མ་རེད།

    Reply
  2. རིག་འཛིན། says:
    ལོ་ 14 སྔོན།

    མཁས་དབང་ནི་མཁས་དབང་རང་རེད།
    མཁས་ཉམས་སྲོག་པོ་མཐོང་ཐུབ་པའི་གལ་ཆེ་བ་དང་།
    གནད་དུ་ཁེལ་པ་མང་པོ་གསུང་གནངས་འདུག
    བོད་པ་ཚང་ལ་འདི་འདྲ་མང་ཙམ་ཡོད་ན་ཅི་འདྲ་དགའ་བ་ལ།
    ཡིན་ཡང་བློ་ཕམ་དགོས་པ་ལ་འདི་འདྲ་ཉུང་ཉུང་དཔེ་མེདརེད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་་་་་། པཎ་ཆེན་སྐུ་གོང་མའི་དགོངས་རྫོགས་དང་འབྲེལ་ཏེ་མགྲོན་འབོད་བྱུང་སྐབས། སྐབས་དེའི་བཀའ་ཤག་གིས་ཆིབས་སྒྱུར་མི་གནང་རྒྱུའི་གསོལ་འདེབས་ཞུས་པ་གོ་ཐོས་བྱུང༌། ཁོང་རྣམས་ཀྱིས་མ་བྲིས་པའི་འཆར་སྣང་ནི་གང་འདོད་ཀྱིས་གང་ཞིག་རེད་ལབ་ཀྱང་། འདི་མ་རེད་ཅེས་བཤད་དཀའ། མདོར་བསྒྲིལ་ནས་བཤད་ན། འཆར་སྣང་དང་འཆར་གཞི་གཉིས་མ་འཁྲུག་པ་གལ་ཆེ། གལ་ཏེ་དེ་གཉིས་འཁྲུག་ན། ཟླ་བ་གྲགས་པའི་ཕ་དང་འདྲ་ཞེས་པར་འགྱུར་ཉེན་ཆེ། ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese