མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལམ་དབུ་མར་རྒྱལ་ཁབ་ ༥༠ དང་གྲོས་ཚོཊ་ ༣༠ ལྷག་གི་རྒྱབ་སྐྱོར་ཡོད་ཟེར།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༡
Share on FacebookShare on TwitterShare on EmailShare on Whatsapp


མདང་དགོང་ངྷ་ས་ཉིན་སློབ་ཏུ་༼དབུ་མའི་ལམ་གྱི་འདས་མ་ད་གསུམ་༽ཞེས་པའི་བགྲོ་གླེང་ཞིག་ཚོཊ་ཏེ། སྤྱི་འཐུས་ཐུབ་བསྟན་ལུང་རིཊ་དང་སྤྱི་འཐུས་འབའ་བ་སྐལ་བཟང་། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་བཅས་ཀྱིས་དབུ་མའི་ལམ་གྱི་འཕེལ་རིམ་དང་གྲུབ་འབྲས། མདུན་ལམ་
བཅས་ཀྱི་ཐོག་གཏམ་བཤད་སྤེལ་སོང་།   

དབུས་བོད་ཀྱི་བུད་མེད་ལྷན་ཚོཊ་ཀྱི་གོ་སྒྲིག་འོག བོད་ཀྱི་བུད་མེད་ལྷན་ཚོཊ་བསྐྱར་འཛུཊ་བྱས་ཏེ་ཁྱོན་མི་ལོ་ ༢༨ འཁོར་བའི་དུས་དྲན་དང་བསྟུན་ཏེ། ཁ་སང་ཕྱི་ཚེས་ ༡༠ ཉིན་གྱི་དགོང་དྲོའོ་ཆུ་ཚོད་ ༥།༣༠ སྟེང་བཞུཊ་སྒར་ངྷ་ས་ཉིན་སློབ་ཚོཊ་ཁང་དུ། ༼དབུ་མའི་ལམ་གྱི་འདས་མ་ད་གསུམ། ༽ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་ཚོཊ་འདུ་ཞིག་ཚོཊ་ཡོད་ཅིང་། བགྲོ་གླེང་ཐོག་བཀའ་ཟུར་དང་སྤྱི་འཐུས་ཐུབ་བསྟན་ལུང་རིཊ་ལཊ་ཀྱིས་དབུ་མའི་ལམ་གྱི་གྲུབ་འབྲས་དང་། སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལཊ་ཀྱིས་དབུ་མའི་ལམ་གྱི་མདུན་ལམ། སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལཊ་ཀྱིས་དབུ་མའི་ལམ་གྱི་འཕེལ་རིམ་བཅས་ཀྱི་ཐོག་གཏམ་བཤད་གནང་སོང་ལ། བགྲོ་གླེང་ཚོཊ་འདུ་དེར་བཀའ་ཟུར་རིན་ཆེན་མཁའ་འགྲོ་མཆོག་གཙོས་གཞུང་འབྲེལ་མིན་པའི་ཚོཊ་པ་ཁག་གི་སྐུ་ཚབ་དང་། བཞུཊ་སྒར་ཁུལ་གྱི་སེར་སྐྱ་མང་ཚོཊ་བཅས་ཁྱོན་མི་ ༢༠༠ ཙམ་འདུ་འཛོམས་བྱུང་འདུག

བགྲོ་གླེང་གི་ཐོག་མར་དབུས་བོད་ཀྱི་བུད་མེད་ལྷན་ཚོཊ་ཀྱི་ཚོཊ་གཙོ་བཀྲ་ཤིས་སྒྲོལ་མ་ལཊ་ཀྱིས། བགྲོ་གླེང་ཚོཊ་འདུ་འཚོཊ་དགོས་པའི་དམིཊ་ཡུལ་ངོ་སྤྲོད་དང་སྦྲཊ། ཚོཊ་ཞུགས་པ་ཡོངས་ཀྱིས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བུད་མེད་ལངས་གླུ་གཉིས་གྱེར་འདོན་དང་། བོད་ནང་མེར་བསྲེཊ་གཏོང་བཞིན་པའི་དཔའ་བོ་དཔའ་མོ་དག་གི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་གནང་རྗེས། རས་ཡོལ་སྟེང་མེར་བསྲེཊ་སྐོར་གྱི་ཆེད་སྒྲིག་བརྙན་པར་ཞིག་གཟིགས་འབུལ་ཞུས་ཡོད།

བགྲོ་གླེང་ཐོག་སྤྱི་འཐུས་ཐུབ་བསྟན་ལུང་རིཊ་ལཊ་ཀྱིས་ལམ་དབུ་མའི་གྲུབ་འབྲས་ཐོག་བརྗོད་པ་ལྟར་ན།  བཙན་བྱོལ་བོད་གཞུང་གི་ངོས་ནས་ ༡༩༥༩ ལོ་ནས་ ༡༩༧༩ ལོའི་བར་གྱི་མི་ལོ་ ༢༠ རིང་། བོད་རང་བཙན་བསྐྱར་གསོའི་ལངས་ཕྱོཊ་བཟུང་སྟེ། རྒྱ་གར་དང་རྒྱལ་སྤྱིའི་ཐོག་ལས་འགུལ་སྣ་ཚོཊ་སྤེལ་བ་དང་བོད་དོན་མཉམ་འབྲེལ་རྒྱལ་ཚོཊ་སུ་ཞུ་གཏུཊ་བྱས་ཡོད་ཀྱང་། རྒྱ་ཕྱོཊ་དང་རྒྱལ་སྤྱིའི་ཐོག་བོད་དོན་ལ་དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་མ་བྱུང་སྟབས། ༡༩༧༩ ལོའི་ལོ་མཇུག་ཏུ་མང་མོས་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་བྱུང་ཡོད་པ་དང་། སྲིད་བྱུས་དེར་བརྟེན་ནས་བོད་གཞིས་བྱེས་གཉིས་སུ་གཉན་འཕྲད་དུ་འགྲོ་རྒྱུའི་མགོ་བཙུཊ་ཡོད་པ་མ་ཟད། བོད་ནས་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ཀྱི་དགེ་འདུན་པ་མང་པོ་ཞིག་དང་། ན་གཞོན་སློབ་ཕྲུག་མང་པོ་ཞིག་རང་དབང་ལུང་པར་སློབ་སྦྱོང་དུ་ཡོང་རྒྱུའི་གོ་སྐབས་བྱུང་བ། བཙན་བྱོལ་དུའང་ཕྱིེར་བོད་དུ་གཉན་འཕྲད་དུ་བསྐྱོད་དེ། བཙན་བྱོལ་བོད་མིའི་གནས་སྟངས་གཞིས་ལུཊ་མི་དམངས་ལ་འགྲེལ་བཤད་རྒྱག་རྒྱུའི་གོ་སྐབས་བྱུང་བ་སོཊ་ནི། དབུ་མའི་ལམ་གྱི་སྲིད་བྱུས་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཚུལ་དང་། བཙན་བྱོལ་བོད་གཞུང་གིས་ལམ་དབུ་མའི་ལངས་ཕྱོཊ་མ་བསྟན་གོང་། གཞིས་བྱེས་གཉིས་བར་ཕན་ཚུན་འགྲོ་འོང་གི་གོ་སྐབས་རྩ་བ་ནས་མེད་པ་མ་ཟད། ཐ་ན་བོད་ཀྱི་རྒྱལ་ས་ལྷ་སར་བྱུང་བའི་གནས་ཚུལ་ཁག་ཀྱང་ཕྱི་ལོཊ་ནས་ཤེས་རྟོཊ་ཐུབ་ཀྱི་མེད་སྐོར་བརྗོད་སོང་།

ཐུབ་བསྟན་ལུང་རིཊ་ལཊ་ཀྱིས་མུ་མཐུད་བརྗོད་ན། རྒྱལ་སྤྱིའི་གནས་སྟངས་ཐོག་བལྟས་ཀྱང་གལ་སྲིད་བོད་མི་ཚོ་བོད་རང་བཙན་གྱི་ལངས་ཕྱོཊ་ཐོག་བསྐྱོད་ཡོད་ན། ༸གོང་ས་མཆོག་གི་མཛད་འཕྲིོན་ཡང་ད་ལྟ་ནང་བཞིན་རྒྱས་མི་སྲིད་པ་ཞིག་ཡིན་སྐོར་དང་། ད་ཆར་བོད་ལ་རྒྱལ་ཁབ་མེད་ཀྱང་འཛམ་གླིང་རྒྱལ་ཁབ་ཁག་གིས་༸གོང་ས་མཆོག་ལ་རྒྱལ་ཁབ་ཡོད་པ་ལྟ་བུའི་ཆེ་མཐོང་སྤྲོད་པ་དེ། གཙོ་བོ་༸གོང་ས་མཆོག་གི་ལམ་དབུ་མའི་སྲིད་བྱུས་ཀྱི་ཐུཊ་དགོངས་ལས་བྱུང་བ་ཞིག་ཡིན་སྟབས། དེང་སྐབས་འཛམ་གླིང་སྟེང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་ལྷག་པར་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ ༥༠ དང་གྲོས་ཚོཊ་ ༣༠ ལྷག་ཡོད་པ་དང་། གནས་སྟངས་དེའི་ཐོག་ནས་བོད་དོན་ཐོག་གནས་ཚུལ་ཆུང་ཞིག་ཡིན་རུང་རྒྱལ་སྤྱིའི་ཐོག་བདག་པོ་རྒྱག་དགོས་པ་ཆཊ་ཡོད་སྐོར། དེ་བཞིན་ད་ཆར་རྒྱ་ནག་ཏུའང་ལོ་ནས་ཟླ་དང་། ཟླ་ནས་ཉིན་མཐུད་དེ་རྒྱ་རིཊ་ཁྲིམས་རྩོད་པ་དང་རྩོམ་པ་པོ། མང་ཚོཊ་ཁྲོད་དབུ་མའི་ལམ་གྱི་སྲིད་བྱུས་ཐོག་རྒྱབ་སྐྱོར་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་དང་། རྒྱ་ནག་དཔོན་རིཊ་ནང་ཁུལ་དུའང་ལམ་དབུ་མའི་སྲིད་བྱུས་ཐོག་བསམ་བློ་གཏོང་དགོས་པའི་བསམ་ཚུལ་འདོན་མཁན་ཡོང་གི་ཡོད་ཚུལ་བརྗོད་བྱུང་།  

སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་ལཊ་ཀྱིས་ལམ་དབུ་མའི་མདུན་ལམ་ཐོག་གཏམ་བཤད་སྤེལ་སྐབས། ༡༩༤༩ ལོར་རྒྱ་གཞུང་གིས་བོད་ལ་བཙན་འཛུལ་བྱས་ཏེ་ད་བར་མི་ལོ་ ༦༠ ལྷག་ཕྱིན་ཡོད་པ་དང་། དེའི་རིང་རྒྱ་གཞུང་གིས་འཛིན་སྐྱོང་མང་པོ་ཞིག་གི་འོག བོིད་མི་རྣམས་རང་སྐྱོང་ལྗོངས་དང་རང་སྐྱོང་ཁུལ། རང་སྐྱོང་རྫོང་སོ་སོར་བགོ་བཤའ་བརྒྱབ་ཡོད་ཅིང་། ས་ཁུལ་དེ་དག་ནང་རྒྱ་རིཊ་འབོར་ཆེན་གནས་སྤོ་བྱས་ཏེ་བོད་ཡུལ་རྒྱ་ཡུལ་དུ་བསྒྱུར་བའི་སྲིད་བྱུས་ལག་བསྟར་བྱེད་ཀྱི་ཡོད་སྟབས། བོད་ཀྱི་ཆོས་དང་རིག་གཞུང་། མི་རིཊ་ཀྱི་ངོ་བོ་སྲུང་སྐྱོབ་བྱ་རྒྱུར་ཉེན་ཁ་འཕྲད་ཀྱི་ཡོད་པ་དང་། དེ་སྔ་ཀུན་གཟིཊ་པཎ་ཆེན་སྐུ་གོང་མ་མཆོག་དང་འབའ་བ་ཕུན་ཚོཊ་དབང་རྒྱལ་གཙོས་བོད་རིཊ་མགོ་ཁྲིད་མང་པོ་ཞིག་གིས། རྒྱ་ནག་གི་རྩ་ཁྲིམས་ནང་འཁོད་པའི་མི་རིཊ་ཀྱི་སྐད་ཡིག་དང་རིག་གཞུང་ཐོབ་ཐང་རྩོད་གང་ཐུབ་གནང་པ། ལྷག་པར་དུ་ ༢༠༠༧ ལོ་ནས་ ༢༠༠༨ བར་པེ་ཅིན་དུ་ཆོལ་ཁ་གསུམ་གྱི་བོད་རིཊ་མཁས་པ་མང་པོ་ཞིག་གིས་ཚོཊ་འདུ་བསྐངས་ཏེ། ད་ལྟའི་རྒྱ་ནག་གི་རྩ་ཁྲིམས་དང་མི་རིཊ་ས་ཁོངས་རང་སྐྱོང་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གནས་བབས་ལག་ལེན་བསྟར་དགོས་པའི་དགོས་འདུན་བཏོན་ཡོད་པ། བོད་ནང་གི་བོད་མི་ཚོའི་དགོས་འདུན་དང་བོད་གཞུང་གིས་བཏོན་པའི་དབུ་མའི་ལམ་གྱི་སྲིད་བྱུས་དང་བོད་རིཊ་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཐོབ་ཐབས་ཀྱི་བསམ་འཆར་གཉིས་ངོ་བོ་གཅིག་ཏུ་གནས་ཡོད་སྟབས། བོད་ནང་གི་བོད་མི་ཚོ་མ་འོངས་པར་བོད་ཀྱི་གནད་དོན་སེལ་རྒྱུའི་གཞི་རྩ་ཆཊ་ཡོད་ཚུལ་སོགས་བརྗོད་བྱུང་།

འབའ་བ་སྐལ་བཟང་ལཊ་ཀྱིས་བརྗོད་ན། སྤྱིར་བཏང་རྒྱ་ནག་སྐམ་ས་ཆེན་མོ་གཙོས་འཛམ་གླིང་གང་སར་གནས་སྡོད་རྒྱ་རིཊ་ཁྲིམས་རྩོད་པ་དང་རྩོམ་པ་པོ། དམངས་གཙོ་དོན་གཉེར་བ། སློབ་ཕྲུག་དང་མང་ཚོཊ་བཅས་ཀྱི་ཁྲོད། ལམ་དབུ་མའི་སྲིད་བྱུས་ཐོག་རྒྱབ་སྐྱོར་བྱེད་མཁན་མང་པོ་ཡོད་ཀྱང་། རྒྱབ་སྐྱོར་བྱེད་མཁན་དེ་ཚོས་ཀྱང་བོད་རང་བཙན་གྱི་གནད་དོན་གླེང་ཡོང་སྐབས་མཐའ་གཅིག་ཏུ་ངོ་རྒོལ་བྱེད་ཀྱི་ཡོད་སྐོར། རྒྱ་ནག་མི་དམངས་ནི་མི་རིཊ་རིང་ལུཊ་ཀྱི་ལྟ་བ་མཁྲེཊ་པོ་ཡོད་མཁན་ཞིག་དང་། རྒྱ་གཞུང་ཡང་མི་རིཊ་ཀྱི་ལྟ་བ་མཁྲེཊ་པོེར་བཟུང་སྟེ་དྲག་གནོན་བྱེད་མཁན་ཞིག་ཡིན་སྟབས། བོད་གཞུང་དམངས་གཉིས་ཀྱིས་རྒྱ་གཞུང་དང་རྒྱ་རིཊ་མཁས་དབང་། རྒྱ་ནག་མི་དམངས་ཀྱིས་ལམ་དབུ་མའི་སྲིད་བྱུས་ལ་འཛིན་པའི་ལྟ་ཚུལ་གསལ་པོ་ཤེས་རྟོཊ་ཐུབ་རྒྱུ་ཧ་ཅང་གལ་ཆེན་ཡིན་ཚུལ། དེ་བཞིན། ༡༩༩༥ ལོར་ཕྱི་སྡོད་རྒྱ་རིཊ་ཚོས་གཏན་འབེབས་བྱས་པའི་མ་འོངས་རྒྱ་ནག་གི་རྩ་ཁྲིམས་ནང་། རྒྱ་ནག་དམངས་གཙོ་ཆཊ་ན་བོད་ལ་ལོ་ ༢༥ རིང་གི་དུས་བཀག་བཟོས་ཡོད་པ་དང་། ལོ་ཉེར་ལྔའི་རྗེས་བོད་མི་ཚོས་སྐབས་དེའི་དམངས་གཙོའི་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་ལ་འདོད་པ་མ་ཁེངས་ན། བོད་མི་ཚོར་རང་ཐག་རང་གཅོད་ཀྱི་ཐོབ་ཐང་སྤྲད་ཡོད་པར་བརྟེན། ད་ལྟའི་བོད་ཀྱི་འཐབ་རྩོད་ཐོག་བོད་ཕྱི་ནང་གཉིས་ཀྱིས་ཐུན་མོང་ཐོག་ཧུར་བརྩོན་བྱ་དགོས་པ་དང་། བོད་རྒྱའི་དཀའ་ངལ་སེལ་བར་རྒྱ་གཞུང་དང་མཉམ་དུ་སྐད་ཆ་བཤད་དགོས་ཀྱི་ཡོད་པ་མ་ཟད། བོད་མི་ཚོས་རྒྱལ་སྤྱིའི་སྤྱི་ཚོཊ་ཀྱི་རྒྱབ་སྐྱོར་ཡང་འཚོལ་དགོས་པའི་བསམ་ཚུལ་བརྗོད་སོང་།  

མཇུག་ཏུ་སྤྱི་འཐུས་ཤར་གླིང་ཟླ་སྒྲོན་ལཊ་ཀྱིས་དབུ་མའི་ལམ་གྱི་འཕེལ་རིོམ་སྐོར་ངོ་སྤྲོད་གནང་སྟེ། བོད་ས་མ་ཤོར་གོང་གི་གྲོས་མཐུན་དོན་ཚན་བཅུ་བདུན་གཏན་འབེབས་ཀྱི་སྔ་ཕྱིའི་བརྒྱུད་རིམ་དང་། ༸གོང་ས་མཆོག་བཙན་བྱོལ་དུ་ཕེབས་རྗེས་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་གནང་ཕྱོཊ། ༡༩༨༧ ལོར་ཨ་རིའི་གྲོས་ཚོཊ་ཀྱི་ཞི་བའི་དོན་ཚན་ལྔ་དང་།  ༡༩༨༨ ལོར་ཡུ་རོབ་གྲོས་ཚོཊ་སི་ཊ་སི་བྷག་གི་གྲོས་ཆོད། བོད་རྒྱ་འབྲེལ་མོལ་གནང་ཕྱོཊ་སྐོར་གཏམ་བཤད་སྤེལ་ཡོད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༩ སྔོན་ལ།
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

ཆུ་ཚོད་ ༡༢ སྔོན་ལ།
དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

༢༠༢༦/༠༣/༣༡
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

༢༠༢༦/༠༣/༣༡
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

༢༠༢༦/༠༣/༣༡
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠

མཆན། 9

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དེང་སྐབས་འཛམ་གླིང་སྟེང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་དང་ལྷག་པར་དབུ་མའི་ལམ་ལ་རྒྱབ་སྐྱོར་གནང་མཁན་རྒྱལ་ཁབ་ ༥༠ དང་གྲོས་ཚོཊ་ ༣༠ ལྷག་ཡོད་་་་་ ཟེར།

    Reply
  2. མདུང་ཐུང། says:
    ལོ་ 14 སྔོན།

    དབུ་མའི་ལམ་གྱི་གྲུབ་འབྲས་དང་མདུན་ལམ་གླེང་བ་ཤིན་ཏུ་ནས་དོན་མཐུན་རང་རེད། ད་དུང་ཉིན་དེར། སྤྱི་འཐུས་འབའ་བས་འདི་འདྲ་ཞིག་གསུངས་སོང། ངས་དབུ་མའི་ལམ་གྱི་མདུན་ལམ་བཤད་པ་འདི་རང་བཙན་འཐབ་རྩོད་སེམས་ཤུགས་ཆག་ཕྱིར་མིན་ཅེས་ཐུགས་འཚེར་པོས་གསུངས་སོང། དབུ་མའི་ལམ་རྒྱལ་ལོ། དངོས་ཡོད་རྒྱལ་ལོ།

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 14 སྔོན།

    ད་ནི་ལམ་དབུ་མ་འདི་འགྱིག་བྱི་རིལ་ནང་བཞིན་ནར་གྱིན་ནར་གྱིན་འགྲེལ་བཤད་ནས་འགྲེལ་བཤད་སྐྱར་འགྲེལ་ནས་ཡང་འགྲེལ། ཟླ་བ་གྲགས་པའི་དབུ་མ་འཇུག་པ་ལས་ཟབ་པ་དང་རྒྱས་པ་ཡོད་པ་འདྲ། དོན་དངོས་བྱས་ན་ལམ་དབུ་མ་རང་ཉིད་ལ་ལྷད་མེད་ཀྱང་ལམ་ལ་འཇུག་པ་པོ་ཕྱོགས་གཅིག་གིས་མ་གཏོག་ཕྱོགས་གཞན་དེས་ངོས་ལེན་མེད་པ་མ་ཟད། མིང་སྙན་པོ་ཞིག་བཏགས་ན་བཟའ་སྙིང་རྗེ་པོ་ཞིག་བསྒྲོན་ནས་སྟོང་ལོག་བཏང་བ་མ་རེད་པས། ད་དུང་མཐའ་འཁྱོངས་དང་འགྲུབ་མི་ནུས་པའི་ཆ་རྐྱེན་ཞིག་ཀྱང་ཡོད་པ་མ་རེད་པས། བྱས་ཙང་ཀྲུང་དབྱང་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་དཀྱིལ་འཁོར་ནང་གི་འབྲས་བུ་རང་སྐྱོང་སྒོ་འཕང་ཟེར་བ་དེ་ངོ་བོ་རང་བཞིན་གྱི་གྲུབ་མེད་པ་དེ་རེད། དེས་ན་ས་ལམ་འདིའི་སྟེང་དུ་ཉམས་རྟོགས་འཁྲུང་མིན་ཇི་ལྟར་ཡང་འབྲས་བུ་རང་སྐྱོང་གི་སྒོ་འཕང་འཐོབ་རྒྱུ་ཁག་པོ་བྱས་པ་རེད།
    འོ་ན་རྒྱལ་ཁབ་༥༠ དང་གྲོས་ཚོགས་༣༠ ལྷག་གི་རྒྱབ་སྐྱོར་དེ་ག་པར་ཕྱིན་པ་རེད། བོད་ནང་གི་གནས་སྟངས་ནི་ཉིན་རེ་ནས་ཉིན་རེ་ཛ་དྲག་ཇེ་ཆེ་རེད་ལ། ད་དུང་སྤུན་ཟླ་བཅུ་ཕྲག་དྲུག་ལ་ཉེ་བ་མེ་ལྕེའི་ལམ་དུ་ཆས་སོང་། འོན་ཀྱང་རྒྱལ་སྤྱིའི་གསར་ལམ་ཁག་དུ་ད་དུང་མཐོང་ཐོས་ཙམ་ཡང་མི་འདུག་ན། ཁ་ཞེ་མཐུན་པའི་རྒྱབ་སྐྱོར་ཞིག་གང་ན་འདུག། མ་གཞི་ལམ་དབུ་མ་འདི་རྒྱལ་སྤྱིའི་དངོས་མང་བཤམ་སྟོན་ཁང་གི་ཚོང་རྫས་གལ་ཆེན་ཞིག་ཆགས་འདུག་པས། ཚང་མས་རང་རང་གི་ཁེ་ཕན་ཞིག་ལེན་ཨེ་ཐུབ་བལྟ་བ་ལས་དོན་དངོས་ཀྱི་བོད་དང་བོད་མི་རིགས་ཀྱི་གནས་སྟངས་ཛ་དྲག་ལས་སྐྱོབ་ཐབས་ལ་བསམ་བློ་གཏོང་གི་མེད་པ་དེ་རེད།

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བགྲོ་གླེང་ཐོག་སྤྱི་འཐུས་ཐུབ་བསྟན་ལུང་རིཊ་ལཊ་ཀྱིས་ལམ་དབུ་མའི་གྲུབ་འབྲས་ཐོག་བརྗོད་པ་ལྟར་ན། བཙན་བྱོལ་བོད་གཞུང་གི་ངོས་ནས་ ༡༩༥༩ ལོ་ནས་ ༡༩༧༩ ལོའི་བར་གྱི་མི་ལོ་ ༢༠ རིང་། བོད་རང་བཙན་བསྐྱར་གསོའི་ལངས་ཕྱོཊ་བཟུང་སྟེ། རྒྱ་གར་དང་རྒྱལ་སྤྱིའི་ཐོག་ལས་འགུལ་སྣ་ཚོཊ་སྤེལ་བ་དང་བོད་དོན་མཉམ་འབྲེལ་རྒྱལ་ཚོཊ་སུ་ཞུ་གཏུཊ་བྱས་ཡོད་ཀྱང་། རྒྱ་ཕྱོཊ་དང་རྒྱལ་སྤྱིའི་ཐོག་བོད་དོན་ལ་དོན་ཕན་ལྡན་པའི་གྲུབ་འབྲས་གང་ཡང་མ་བྱུང་སྟབས། ༡༩༧༩ ལོའི་ལོ་མཇུག་ཏུ་མང་མོས་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་གཏན་འབེབས་བྱུང་ཡོད་པ་དང་། ་་་་་ཟེར།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མདང་དགོངས་ལ། མདང་དགོང་ཞེས་བྲིས་འདུག

    Reply
  6. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    རྡ་སའི་འཁོར་ཡུག་དེའི་ནང་མཁས་དབང་ཆབ་སྲིད་པ་དེ་ཚོ་མ་གཏོགས་བགྲོ་གླེང་ཐོག་གཏམ་བཤད་བྱ་མཁན་རེག་གི་མེད་པའམ་ཡང་ན་གྲ་སྒྲིགས་མཁན་གི་ཚོགས་པ་དེ་ཚོའི་འགན་འཁུར་བྱ་མཁན་དེ་ཚོའི་མིང་དང་། འབྲེལ་ལམ་འཚོལ་བྱེད་ཡིན་པ་འདྲ། དེ་མིན་རྡ་ས་འདི་ནི་བོད་པའི་རིགས་གཞུང་ལྟེ་གནས་ལྟ་བུ་ཞིག་ཡིན་པས་དེའི་ནང་རིགས་གཞུང་དང་། ཆབ་སྲིད་ཐོག་མཁྱེན་རྒྱ་ཡངས་པ་མེད་པ་གང་ནས་ཡིན།

    Reply
  7. བསོད་དགའ། says:
    ལོ་ 14 སྔོན།

    མཁས་དབང་ཐུབ་བསྟན་ལུང་རིགས་ཚང་གིས་རྒྱ་དམར་དང་བོད་ཀྱི་བུ་རུས་པ་ཅན་ཚོར་་ཕར་ཟད། རྡ་སའི་གྲྭ་སྡོམ་ང་ལ་ཡིད་མི་ཁེངས་ཤིང་། སྐྱུག་བྲོ་བའི་སྐད་ཆ་བཤད་ནས་བོད་མི་དམངས་ལ་མགོ་བསྐོར་ཀི་གཏོང་གི་འདུག ཨ་ཧོ།རྒྱལ་བ་རིན་པོ་ཆེ་ཡིས་རླབས་ཆེན་གྱི་ལམ་སྟོན་དབུ་མའི་ལམ་འདི་འགྲོ་བ་མིའི་རིགས་ལ་གལ་ཆེ་ཡང་། ལམ་འདི་གླེང་མཁན་གྱི་རྡ་སའི་སྐུ་ངོ་མི་འདི་ཚོས་༧གོང་ས་མཆོག་ལ་ཕན་ལས་གནོད་ཆེན་པོ་ཞིག་སྐྱེས་ཀི་འདུག་བསམ།

    Reply
  8. སྐར་ཁྲི་བཙན། says:
    ལོ་ 14 སྔོན།

    རྒྱབ་སྐྱོར་ཡོད། མི་རིགས་གང་ཡིན་ཡང་དུས་རབས་ཀྱི་དགོས་མཁོ་དང་བསྟུན་པའི་བསམ་བློའི་གོ་རྟོགས་མེད་ན། རང་བཙན་ཡོད་ཀྱང་བལ་ཡུལ་ལྟ་བུ་ཞིག་ཏུ་ཆགས་ངེས་རེད། བོད་ལ་མཚོན་ན་བརྒྱ་ཆ་བདུན་ཅུ་དང་བརྒྱད་བཅུའི་ཡིག་རྨོངས་ཙམ་སེལ་མེད་པས། གལ་སྲིད་རང་བཙན་ཞིག་རྒྱ་མིས་སྤྲད་པ་ཡིན་ནའང་ཆབ་སྲིད་པ་རེ་ཟུང་གི་ཁེ་བཟང་ཟ་ཡུལ་དུ་གྱུར་བ་དང་ནང་འཁྲུག་གི་རྒྱུན་མི་ཆད་པར་ཐེ་ཚོམ་མེད་པས། སྟོབས་ལྡན་རྒྱལ་ཁབ་གང་ཞིག་གི་འོག་ཏུ་རང་སྐྱོང་གི་གནས་བབས་ཐོབ་ན་རན་པོ་ཡིན་པར་འདོད་པས། དབུ་མའི་ལམ་གྱི་ལངས་་ཕྱོགས་ལ་རྒྱབ་སྐྱོར་ཡོད། ལམ་དབུ་མར་རྒྱབ་སྐྱོར་དགོས་པའི་རྒྱུ་མཚན་མང་པོ་ཡོད་མོད། དགོས་པ་འབྱུང་ན་ཟིན་བྲིས་སུ་སྤེལ་ངེས།

    Reply
  9. མིག་དམར། says:
    ལོ་ 14 སྔོན།

    ཐོག་མ་བོད་ཀྱི་བུད་མེད་ལྷན་ཚོགས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རང་གི་ལངས་ཕྱོགས་སྤྱི་ཚོགས་ནང་གསལ་བོར་བཏོན་ཏེ་ཚོགས་པ་རང་རྐྱ་བ་ཞིག་གི་རྐང་ཟིན་པ་གནང་བ་རེད།
    དེ་ནས་སྤྱི་འཐུས་འབའ་བ་སྐལ་བཟང་རྒྱལ་མཚན་མཆོག་ལ་མཚོན་ན་ལངས་ཕྱོགས་རང་བཙན་གྱི་ལམ་དུ་སྐྱོད་མཁན་ཞིག་ཡིན་བསམ་སོང་། དེ་སྔོན་འཇམ་དབྱངས་ནོར་བུ་མཆོག་གིས་མགོ་འཁྲིད་དེ་ངྷ་རམ་ས་ལར་རང་བཙན་ཚོགས་འདུ་ཞིག་བསྡུ་སྐོང་གནང་ཡོད་པའི་ནང་ཁོང་མཉམ་ཞུགས་གནང་འདུག བཀའ་མོལ་ག་རེ་གནང་ཡོད་མེད་ཧ་གོ་མ་སོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese