མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བཙན་བྱོལ་བར་རྒྱས་ལས་ཁུངས་རྒྱག་འཆར།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༢
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་མི་བཙན་བྱོལ་བའི་བདེ་སྡུག་ཆེད་ལས་ཁུངས་གསར་རྒྱག་དང་། ཕྱི་རྒྱལ་བ་དང་ཕྱི་སྡོད་རྒྱ་རིགས་ཚོར་གཞུང་གི་ལས་ཀ་སྤྲོད་འཆར་ཡོད་ཟེར།

དེ་རིང་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གཞུང་འབྲེལ་གསར་ལམ་རྒྱལ་སྤྱིའི་དུས་བབ་(Global times) ནང་ཐོན་པའི་གནས་ཚུལ་ལྟར་ན། པེ་ཅིན་གྲོང་ཁྱེར་སྲིད་གཞུང་གིས་ཐེངས་དང་པོར་ཕྱི་རྒྱལ་བ་དང་ཕྱི་སྡོད་རྒྱ་རིགས་ཚོར་རྒྱ་ནག་གཞུང་ནང་ལས་ཀ་སྤྲོད་འཆར་ཡོད་པ་ཁྱབ་བསྒྲགས་བྱས་ཡོད་འདུག་ལ། ཁྱབ་བསྒྲགས་ནང་ཕྱི་རྒྱལ་བ་དང་ཕྱི་སྡོད་རྒྱ་རིགས་སུ་ཡིན་ཡང་རྒྱ་ནག་གཞུང་ནང་ལས་ཀ་བྱ་རྒྱུའི་སྙན་ཞུ་འབུལ་ཆོག་པ་དང་། ཆ་རྐྱེན་ཚང་མཁན་རྣམས་ལ་གཞུང་ནང་ལས་གནས་མཐོ་བོ་སྤྲོད་རྒྱུ་ཡིན་ལུགས་བཀོད་འདུག

སྙན་ཞུ་འབུལ་མཁན་ཚོའི་ཆ་རྐྱེན་ནི། འབྲེལ་ཡོད་གཞུང་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་ཅིག་ནང་ཉུང་མཐར་ལོ་ལྔའི་རིང་དགེ་རྒན་ཆེན་མོའམ། ཉམས་ཞིབ་པ། ཆེད་མཁས་པ། ཚོང་ལས་རིག་པ་བ་སོགས་ཀྱི་ཉམས་མྱོང་ཡོད་མཁན་དང་། ལོ་ ༥༥ ལས་མ་བརྒལ་བ་ཞིག་ཡིན་དགོས་སྐོར་གསལ་འདུག

ཕྱི་ཚེས་ ༡༠ ཉིན་གོང་གི་གསར་ཁང་དེ་དང་ཧོང་ཀོང་དུ་ཡོད་པའི་རྒྱ་ནག་གི་གསར་ཁང་མེན་པའོ་(Ming Pao) གཉིས་ཀྱི་ནང་། བཙན་བྱོལ་བོད་མི་ཚོར་འབྲེལ་ལམ་ཞབས་ཞུ་དང་། ཕྱིར་རྒྱལ་ནང་དུ་ལོག་མཁན་ཚོར་རོགས་འདེགས་རྒྱབ་སྐྱོར་བྱེད་པའི་ལས་ཁུངས་གང་མགྱོགས་གསར་འཛུགས་བྱ་འཆར་ཡོད་ཚུལ་བསྒྲགས་ཡོད་འདུག

གནས་ཚུལ་དེའི་ནང་། བོད་རང་སྐྱོང་ལྗོང་གི་གཙོ་འགན་འོག་ལས་ཁུངས་དེ་ཟླ་འདིའི་ནང་མགོ་འཛུགས་བྱ་འཆར་ཡོད་པ་དང་། ད་སྔ་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ས་ཁུལ་ཁག་ནང་ཕྱི་སྡོད་རྒྱ་རིགས་ཚོའི་ཆེད་ལས་ཁུངས་ཡོད་ཀྱང་། ད་སྔ་བོད་མི་ ༡༥༠༠༠༠ ཙམ་བཙན་བྱོལ་དུ་ཡོད་པ་རྣམས་ཀྱི་ཆེད་དུ་ལས་ཁུངས་མེད་སྟབས་ད་ཆར་གསར་འཛུགས་བྱ་རྒྱུ་ཡིན་སྐོར་གསལ་འདུག

རྒྱ་ནག་མི་རིགས་སློབ་ཆེན་ཞིག་གི་དགེ་རྒན་ཆེན་མོ་ཞའོ་ཀུན་ཞེན་(Xiong Kunxin) ཞེས་པ་ཞིག་གིས་ “ལས་ཁུངས་འདིས་ཏཱ་ལའི་བླ་མར་མཇལ་རྒྱུའི་རེ་བ་བཟུང་སྟེ་ཕྱིན་མཁན་བོད་རིགས་གཞོན་སྐྱེ་ཚོར་ཕན་ཐོགས་ཆེན་པོ་ཡོང་ངེས། བོད་རིགས་གཞོན་སྐྱེ་དེ་དག་ཕྱིར་ལོག་འདོད་ཡོད་ཀྱང་གཅིག་ནས་དངུལ་མེད་པ་དང་། གཉིས་ནས་ཕྱིར་ལོག་ན་འཛིན་བཟུང་བྱ་རྒྱུར་དོགས་ཏེ་ཞེད་སྣང་བྱེད་ཀྱི་ཡོད་པ་རེད” ཅེས་བརྗོད་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༡༩ སྔོན་ལ།
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཆུ་ཚོད་ ༡༩ སྔོན་ལ།
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦
དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༥
Mobile App

སྲིད་སྐྱོང་མཆོག་གིས་ས་གནས་མགོ་འཛིན་རྣམས་ཆོལ་ཁའི་རྩོད་རྙོག་ཁྲོད་འཛུལ་མི་ཉན་པར་དཀྱིལ་དུ་བསྡད་དགོས་པའི་སྐུལ་མ་གནང་། 

༢༠༢༦/༠༨/༢༥
On May 21, climbers seen on top of Mt Everest with Tibetan flag and photo of Dalai Lama. Photo: Kalachakra by His Holiness the Dalai Lama/Facebook
Mobile App

རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་ཇོ་མོ་གླང་མར་འཛེགས་རྒྱུ་བཀག་སྡོམ་བྱས་འདུག

༢༠༢༦/༠༨/༢༥
TT
Mobile App

བོད་མི་ཡོངས་ནས་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་ལས་འགུལ་སྤེལ་དགོས་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ།

༢༠༢༦/༠༨/༢༥

མཆན། 8

  1. བསྟན་འཛིན་བརྩོན་འགྲུས། says:
    ལོ་ 14 སྔོན།

    རྒྱ་དམར་གྱིས་གཡོ་ཐབས་ངན་པ་ཞིག་བཏོན་ནས་བོད་མི་ཁེ་གཉེར་པ་ཚོར་མགོ་བདེ་བྱེད་པའི་གོ་སྐབས་ཡག་པོ་ཡོང་ས་རེད་། མ་ཟད་འདིའི་རྐྱེན་པས་བཙན་བྱོལ་ནང་རྙོག་འཛིང་མང་པོ་ཡོང་སྲིད་པས་་་་་བཀའ་ཁྲི་མཆོག་ནས་འདིའི་ཐད་ལ་དགོངས་བཞེས་དང་འཆར་གཞི་གང་འདྲ་ཞིག་བཏོན་ཡོང་ངམ། ཡང་ན་ཡ་ལན་མེད་པར་འཇོག་སྲིད་དམ་་་་་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བཙན་བྱོལ་སྒྲིག་འཛུགས་དང་ཚོགས་པ་སོགས་ཀྱིས་དགག་བྱ་མེད་པའི་ཐོག་ནས་གསར་འབྱོར་བ་ཤེས་ཡོན་དང་ཉམས་མྱོང་གཉིས་ལྡན་ཚོས་གོ་སྐབས་དམ་འཛིན་བྱེད་དགོས་ལ། དེས་དོལ་ཚོགས་དང་སྤྱོད་ལོག་པ་མི་ངན་དེ་ཚོར་ལག་པ་འཆང་ས་མེད་པར་ཡང་བཟོས་དགོས། འདི་ནི་དབུས་ལམ་འབྲེལ་མཐུད་ལག་ལེན་རྒྱ་གཞུང་ངོ་ནས་འགོ་འཛུགས་པ་ཡིན་པར་ངོས་ལེན་གནས་སྐབས་རིང་བྱེད་དགོས་པ་མི་འདུག་གམ། བོད་མིའི་ཆབ་སྲིད་པ་ཚོས་སོམས་ཤིག །

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་རིགས་གཞོན་སྐྱེ་དེ་དག་ཕྱིར་ལོག་འདོད་ཡོད་ཀྱང་གཅིག་ནས་དངུལ་མེད་པ་དང་། གཉིས་ནས་ཕྱིར་ལོག་ན་འཛིན་བཟུང་བྱ་རྒྱུར་དོགས་ཏེ་ཞེད་སྣང་བྱེད་ཀྱི་ཡོད་པ་རེད། ཟེར།

    Reply
  4. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    རྒྱ་ནག་ལ་རང་འདོད་མ་གཏོགས་མི་ཡོང་སྐད་ཆ་དེ་གོ་བ་ཙམ་གྱི་འགྲམ་ཆུ་འཁོར་ཚར་འདུག་

    Reply
  5. དུག་མདུང་རྩེ་དགུ། says:
    ལོ་ 14 སྔོན།

    གནས་ཚུལ་འདི་ནི་ད་ལྟའི་བར་ཏུ་ང་ཚོས་རེ་བ་བརྒྱབ་ནས་བསྡད་ས་ཤིག་རེད། མགོ་སྲིད་སྐྱོངས་བློ་སེང་ནས་མཇུག་ཀླུ་མཁར་བྱམས་བར་གྱི་མི་ཚང་མས་བོད་རྒྱའི་འབྲེལ་མོད་སྐོར་ཤོད་ཀྱིན་ཡོད་རེད། ལས་ཁུངས་འདི་འདྲ་ཞིག་བཙུགས་ན་བོད་མིའི་སྒྲིག་འཛུགས་ནས་དགའ་བསུ་དང་འབྲེལ་གངས་སྐྱིད་དུ་འཛུགས་སུ་བཅུག་ན་ཡག་པོ་འདུག། འདི་ནི་དོན་དངོས་ཐོག་བོད་རྒྱ་འབྲེལ་མོད་བྱེད་སའི་སྟེ་གནས་ཤིག་ཏུ་འགྱུར་སྲིད་པ་ཡིན་པས། འཚོགས་ལ་ཉེ་བའི་དམིགས་བསལ་ཚོགས་ཆེན་སྟེང་གླེང་སློང་བྱེད་ཐུབ་ན་ཡག་པོ་འདུག

    Reply
  6. བསྟན་འཛིན། says:
    ལོ་ 14 སྔོན།

    གནས་ཚུལ་དེ་ཡག་རྟགས་ཡིན་ནམ། སྡུག་རྟགས་ཡིན། དངོས་ནས་བཤད་མ་ཤེས་པ་ཞིག་འདུག

    Reply
  7. ཤག་སྒང་པ། says:
    ལོ་ 14 སྔོན།

    ཆབ་སྲིད་འགྱུར་ལྡོག་ལྟ་བུའི་གནས་ཚུལ་འདིའི་གནད་འགག་མ་རྟོགས་སོང་།

    གསར་འགྱུར་གྱི་ཁ་བྱང་དེ་ཡང་ཀློག་མ་བདེ་བ་ཞིག་བྱུང་།

    གནས་ཚུལ་གསར་པ་རེད།

    Reply
  8. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    གནས་ཚུལ་དེ་དངོས་ནས་བདེན་པ་ཡིན་ན་བོད་ཕྱི་ནང་གཉིས་ནས་ཆབ་སྲིད་མ་འབྲེལ་བའི་ཆོས་དང་རིག་གཞུང་། སྐད་ཡིག་སོགས་ལ་འབྲེལ་ལམ་ཞིག་བཟོས་ནས་དེ་དག་མ་ཉམས་རྒྱུན་འཛིན་དང་། གསར་ཐོན་བཞིན་པའི་ཅ་དངོས་དང། ནད་རིགས་སོགས་ལ་ཐ་སྙད་གཅིག་བསྒྱུར་ཡོང་འགྱུར་འབད་བརྩོན་གོ་སྐབས་ཞིག་འཚོལ་དགོས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese