མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཨ་རིའི་གཞུང་ཚབ་དམར་གསོད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

ད་ཆར་ཁ་ཆེའི་ལུང་པ་དག་ཏུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་ཁག་ལ་དཀའ་ཉེན་འཕྲད་བཞིན་ཡོད་པ་དང་། ལེ་བྷེ་ཡའི་ནང་གི་ཨ་རིའི་གཞུང་ཚབ་དང་ལས་བྱེད་གསུམ་དམར་གསོད་བཏང་འདུག

ཁ་སང་གཟའ་ལྷག་པའི་ཉིན་ཨོ་བྷ་མས་ལེ་བྷེ་ཡའི་ནང་གི་ཨ་རིའི་གཞུང་ཚབ་དམར་གསོད་བཏང་པ་དེར་ཐག་གཅོད་གསལ་བོ་བཟོ་རྒྱུའི་དམ་བཅའ་ཡོད་སྐོར་དང་། གཞུང་ཚབ་དམར་གསོད་བཏང་པ་དེས་ཨ་རི་དང་ལེ་བྷེ་ཡའི་གཞུང་གསར་བའི་འབྲེལ་ལམ་ལ་གནོད་སྐྱོན་འབྱུང་མི་སྲིད་ཚུལ་བརྗོད་འདུག

ཕྱི་ཚེས་ ༡༡ ཉིན་ལེ་བྷེ་ཡའི་ནང་གི་ཨ་རིའི་གཞུང་ཚབ་ཁང་ལ་དྲག་རྒོལ་བྱས་རྗེས། ཨ་རིས་གཞུང་ཚབ་ཁང་གི་ལས་བྱེད་གཅིག་དམར་གསོད་དང་གཅིག་ལ་རྨས་སྐྱོན་བཟོས་ཡོད་སྐོར་ལས་གནས་ཚུལ་གསལ་བོ་བརྗོད་མེད་ཀྱང་། ཉིན་དེར་ཨ་རིའི་གཞུང་ཚབ་ཁང་ལ་དྲག་རྒོལ་དང་མེ་བརྒྱབ་པའི་གནས་ཚུལ་བྱུང་རྗེས། ཕྱི་ཚེས་ ༡༢ ཉིན་ཨ་རིའི་གཞུང་ཚབ་བདེ་སྲུང་མི་སྣ་དང་ལེ་བྷེ་ཡའི་དྲག་ཆས་དམག་གིས་ངོ་རྒོལ་བའི་ལག་ནས་ཨ་རིའི་གཞུང་ཚབ་ཁང་ཕྱིར་ལེན་ཐུབ་ཡོད་ཅིང་། དོན་རྐྱེན་དེའི་ཁྲོད་ཨ་རིའི་གཞུང་ཚབ་སི་ཊེ་ཝན་(J Christopher Stevens) དང་གཞན་པའི་གཞུང་ཚབ་ལས་བྱེད་གསུམ་བཅས་དམར་གསོད་བཏང་ཡོད་འདུག

ཨ་རིའི་གཞུང་གིས་དོན་རྐྱེན་དེ་ནི་སྔོན་ཚུད་ནས་འཆར་གཞི་བསྒྲིགས་ཡོད་པ་དང་། ཡང་ན་ཁ་ཆེ་སྟོན་པར་ཐེར་འདོན་བྱས་ཡོད་པའི་གློག་བརྙན་དེར་ངོ་རྒོལ་གྱིས་གློ་བུར་བྱུང་བའི་དོན་རྐྱེན་ཞིག་ཡིན་མིན་ཐད་ཞིབ་བཤེར་ནན་མོ་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད།

ཨ་རིའི་གཞུང་ཚབ་ལ་ངོ་རྒོལ་གྱི་དོན་རྐྱེན་ཐོག་མ་དེ་ཨེ་ཇིབ་རྒྱལ་ས་ཀའེ་རོ་ནང་བྱུང་ཡོད་ཀྱང་། གཞུང་ཚབ་བདེ་སྲུང་མི་སྣ་དང་ཨེ་ཇིབ་དྲག་ཆས་དམག་གིས་མིག་སྒྲུབ་རླངས་རྫས་གཏོར་བ་སོགས་བྱས་ཏེ། ངོ་རྒོལ་བ་ཚོར་སྟངས་འཛིན་བྱས་ཡོད་ཀྱང་། ཁ་སང་བསྐྱར་དུ་ངོ་རྒོལ་ཐེངས་གཉིས་པ་བྱས་ཡོད་འདུག

ཆབ་སྲིད་དཔྱད་བརྗོད་པ་ཁག་ཅིག་གིས་ཐེངས་འདིའི་དོན་རྐྱེན་ནི། བྷེན་ལ་ཌན་གྱིས་ ༢༠༠༡ ཟླ་ ༩ ཚེས་ ༡༡ ཉིན་ཨ་རིར་གཏོར་རྒོལ་བྱས་པའི་དུས་དྲན་དང་སྟབས་བསྟུན་ནས་ཆེད་དུ་བཟོས་པ་ཞིག་ཡིན་སྐོར་བརྗོད་ཀྱི་ཡོད་ལ། ཨོ་བྷ་མའི་ཕྱི་འབྲེལ་སྲིད་ཇུས་དང་འབྲེལ་བའི་གཞུང་ཚབ་ཁང་ཁག་ལ་སྲུང་སྐྱོབ་ནན་པོ་མེད་པ་དང་། དམིགས་བསལ་  ༡༡༩ ཉིན་མོར་གཞུང་ཚབ་ཁང་ཁག་ལ་བདེ་སྲུང་ནན་མོ་མ་བྱས་པའི་སྐྱོན་བརྗོད་ཀྱང་བསླེབས་ཀྱི་ཡོད་འདུག

གཞན་ནེ་གྷི་རེ་ཡ་དང་ཨལ་གྷའེ་ཡར། ཊུ་ནེ་ཤི་ཡ། ཁར་ཊམ། སུ་ཌན། ཁཱ་སབ་ལན་ཀ མོ་རོ་ཀོོ  གྷ་ཛ་སོགས་ཁ་ཆེ་རྒྱལ་ཁབ་མང་པོའི་ནང་གི་ཨ་རིའི་གཞུང་ཚབ་ཁང་ཁག་ལ་དོགས་ཟོན་དང་བདེ་སྲུང་ནན་མོ་བྱེད་བཞིན་ཡོད་པ་མ་ཟད། གཞུང་ཚབ་ལས་བྱེད་ཚོ་གནས་སྐབས་རིང་གང་བྱུང་ཕྱི་ལོག་ཏུ་འགྲོ་སྐྱོད་མི་བྱ་རྒྱུའི་བཀའ་བཏང་ཡོད་འདུག

ངོ་རྒོལ་དེ་དག་གི་རྒྱུ་རྐྱེན་ནི། ཨ་རིའི་ཁཱ་ལེ་ཧྥོ་ནེ་ཡའི་མི་སེར་མིང་ལ་སམ་བྷ་སེ་ལི་(Sam Bacile) ཟེར་པ་ཞིག་གིས་བཟོ་སྐྲུན་བྱས་པའི་གློག་བརྙན་ཞིག་ཏུ།  ཁ་ཆེའི་སྟོན་པ་མུ་ཧམ་མཱ་ཌི་(Muhammad) ལ་ཐེར་འདོན་བྱས་པའི་རྐྱེན་གྱིས་ཡིན་འདུག 

ད་ལྟའི་བར་འཛམ་གླིང་ཁབ་འདྲ་མིན་ནང་ཨ་རིའི་གཞུང་ཚབ་ ༦ དམར་གསོད་བཏང་ཡོད་པ་དང་། གཞུང་ཚབ་དེ་དག་ཕལ་ཆེ་བ་ཁ་ཆེའི་ལུང་པ་དག་གི་ནང་ནས་བྱུང་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་སྐབས་དང་པོའི་འབུམ་རམས་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ། སློབ་སྤྱི་མཆོག་ནས་པར་མཁོ་སྤྲོད་གནང་།
Mobile App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་པའི་མཐར་ཕྱིན་མཛད་སྒོ་འཚོགས།

ཆུ་ཚོད་ ༡༧ སྔོན་ལ།
སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མིའི་འོས་བསྡུའི་སྐོར་ལ་གསུང་བཤད་གནང་། སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་རྒྱ་ནས་བླངས།
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་བོད་མིའི་འོས་བསྡུའི་སྐོར་ལ་གསུང་བཤད་གནང་།

ཆུ་ཚོད་ ༡༨ སྔོན་ལ།
བོད་དོན་ལས་འགུལ་བ་འཇམ་དབྱངས་བསྟན་འཛིན་ལགས་ཀྱིས་རྐང་འཁོར་སྐོར་སྐྱོད་ཀྱི་བོད་དོན་ལས་འགུལ་ཐེངས་གཉིས་པ་མགོ་འཛུགས་གནང་། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༣།༡༢།༡
Mobile App

བོད་དོན་ཞི་བའི་རྐང་འཁོར་སྐོར་སྐྱོད་གྱི་ལས་འགུལ་གཉིས་པ་སྤེལ་མགོ་བཙུགས་སོང་།

ཆུ་ཚོད་ ༢༠ སྔོན་ལ།
ག་དཀར་གསར་བརྗེ་ལས་འགུལ་ལོ་གཅིག་འཁོར་བའི་དུས་དྲན་སྲུང་གཙི་བྱས། ཨེ་ཤ་ཡ་རང་དབང་རླུང་འཕྲིན་གྱི་རྒྱ་སྐད་སྡེ་ཚན་གྱི་པར།
Mobile App

རྒྱ་ནག་གི་ཤོག་དཀར་གསར་བརྗེའི་ལས་འགུལ་ལོ་གཅིག་འཁོར་བའི་སྲུང་གཙི་ཞུས།

༢༠༢༣/༡༡/༣༠
Mobile App

བོད་དོན་ཁྲིམས་འཆར་ལ་སྤྱི་མོས་ངོས་ལེན་རྒྱབ་སྐྱོར་ཐོབ་པར་དགའ་བསུ་ཞུས།

༢༠༢༣/༡༡/༣༠
Mobile App

གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་དུས་ལ་འགྱུར་བ་གང་ཡང་མི་འདུག

༢༠༢༣/༡༡/༣༠

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    ཨ་རི་དབང་བཙན་དྲགས། ཁ་ཆེ་བ་གདུག་རྩུབ་ཆེ་དྲགས། འཛམ་གླིང་ནང་ལ་ལྟད་མོ་མང་དྲགས། བཀྲ་མི་ཤིས་པ་མང་དྲགས་པ། འདི་དག་སུས་བཟོས་པ་རེད།

    Reply
  2. དྲང་བདེན་གྱི་སློང་མོ་བ། says:
    ལོ་ 11 སྔོན།

    ཨོམ་རྦ་མ་བསྐྱར་ཏུ་སྲིད་སྟེང་ལ་སླད་ན་ཨ་རི་ཁ་ཆེའི་ལགས་འོག་ཏུ་འགྲོ་ཉེས་ཆེ་བ་མེད་རུང་སྟེབས་ཆེན་ཨ་རིའི་ནུས་ཤུགས་ལ་མང་ཚོགས་ཀྱི་ཆེ་མཐོང་མེད་པ་དང་རྡུལ་བཞིན་འཛམ་གླིང་འཇིག་པའི་གནས་སྟངས་ལྷག་མི་སྲིད་པ་མ་རེད་སྙམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist