མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དཀའ་ངལ་དང་མི་འཇོན་ས་གང་ཡོད་སྦ་གསང་མེད་པར་གཞིས་པ་ཚོར་བཤད་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༣
Share on FacebookShare on TwitterShare on EmailShare on Whatsapp

དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་དང་འབྲེལ་ཏེ་བོད་གནས་ཉམས་ཞིབ་པ་ཚེ་རིང་རྡོ་རྗེ་ལགས་སུ་ཡིག་ཐོག་གི་དྲི་བ་ཁག་ཅིག་བཏོན་པར་ལན་འདེབས་གནང་ཡོད།
 

དྲི་བ། བོད་ནང་གི་ཛ་དྲག་གནས་སྟངས་དང་རང་ལུས་མེར་བསྲེགས་གཏོང་མཁན་རྣམ་པའི་མངོན་འདོད་ཐོག་ཕྱི་ཕྱོགས་ནས་ལས་དོན་གང་ཞིག་བརྩམ་དགོས།

ལན།  བོད་ནང་གི་རང་ལུས་མེར་བསྲེགས་གནང་མཁན་ཚོས་འབོད་སྒྲ་ལས་གསལ་བོར་བསྟན་པ་ནི། ༸གོང་ས་མཆོག་བོད་དུ་ཕེབས་རྒྱུ་དང་འགྲོ་བ་མིའི་ཐོབ་ཐང་དགོས་པ་དེ་ཡིན། ངས་བལྟས་ན། དེ་ལས་ཀྱང་གལ་ཆེ་བའི་གནད་དོན་ཞིག་ནི། ཁོང་ཚོས་བཙན་བྱོལ་བོད་མི་དང་རྒྱལ་སྤྱིའི་སྤྱི་ཚོགས་ལ་རེ་ལྟོས་བྱེད་པ་དང་གྲུབ་འབྲས་ཤིག་ལ་སྙེག་པ་འདི་ཡིན། མི་ལུས་རིན་ཆེན་བློས་གཏོང་བ་དེ་གྲུབ་འབྲས་ཤིག་རག་མིན་ལ་མ་ལྟོས་པར་གསོན་པའི་རེ་ཐག་ཆད་ནས་བྱས་པ་ཞིག་ཡིན་མི་སྲིད། འོ་ན། བཙན་བྱོལ་བ་ཚོས་རེ་ལྟོས་དེའི་བརྒྱ་ཆ་ཇི་ཙམ་ཞིག་བསྒྲུབ་ཐུབ་བམ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཁ་ཡོད་ལག་ཡོད་ཀྱི་ཕན་ནུས་ཇི་ཙམ་འདོན་ཐུབ་བམ། གཞིས་པ་བོད་མི་མང་ཆེ་བས་དྲི་བ་འདི་གཉིས་ལ་ལན་རྙེད་ཐབས་ཕལ་ཆེར་མེད་པ་རེད་སྙམ།

དེའི་ཕྱིར། བཀའ་ཤག་དང་གྲོས་ཚོགས། གཞུང་འབྲེལ་མ་ཡིན་པའི་སྲིད་དོན་ཚོགས་པ་ལ་སོགས་ཀྱིས་བོད་ནང་གི་གནས་སྟངས་ཛ་དྲག་པ་སྐྱོབ་ཆེད་ནུས་ཤུགས་གང་བཏོན་དང་། གྲུབ་འབྲས་གང་རག  དཀའ་ངལ་དང་མི་འཇོན་ས་གང་ཡོད་རྣམས་སྦ་གསང་མེད་པར་གཞིས་པ་བོད་མི་ཚོར་གོ་བརྡ་གསལ་བོར་སྤྲོད་དགོས། དེ་འདྲ་བྱས་ན། ཁོང་ཚོས་རང་ཉིད་སྐྱོབ་ཆེད་གང་འདྲ་གནང་དགོས་སྐོར་ལ་ཕྱོགས་ཡོངས་ནས་ལྟ་ཐུབ་པ་དང་། མེར་བསྲེགས་གཅིག་པུ་མ་ཡིན་པར་ཐབས་ལམ་གཞན་ཡང་རྙེད་སྲིད། བཙན་བྱོལ་བ་ཁ་ཤས་ཀྱིས་བཙན་བྱོལ་བའི་མི་འཇོན་ས་དང་། ཉམས་ཞན་ས་དེ་བོད་ནང་ལ་ཁ་གསལ་བོར་བརྗོད་ན། གཞིས་པ་ཚོ་སེམས་ཤུགས་ཆགས་འགྲོ་བས་མ་བཤད་ན་བཟང་ཟེར་གྱི་འདུག འདི་རྦད་དེ་ནོར་བ་རེད། ཁོང་ཚོ་དང་པོར་བློ་ཕམ་སྐྱེས་སྲིད་ཀྱང་། རིམ་གྱིས་བཙན་བྱོལ་བ་དང་རྒྱལ་སྤྱིར་རེ་ལྟོས་ཆེན་པོ་བྱ་མི་རུང་བ་ཤེས་འགྲོ་བ་དང་། བསམ་བློ་གཏོང་སྟངས་གསར་བའམ་ཐབས་ལམ་གཞན་རྙེད་སྲིད། གལ་སྲིད་ད་དུང་མུ་མཐུད་ནས་གོ་བརྡ་གསལ་བོ་མ་སྤྲད་ན། ཁོང་ཚོས་ལས་འགུལ་དང་ཐབས་ལམ་ལ་ཕམ་ཁ་འབྱུང་བའི་རྐྱེན་ངན་དུ་འགྲོ་བ་དང་། མ་འོངས་པར་བོད་ཕྱི་ནང་བར་ལ་ཡིད་ཆེས་ཀྱང་བརླག་སྲིད། དེའི་དབང་གིས་གསང་རྒྱ་བྱ་མི་དགོས་པའི་གྲུབ་འབྲས་དང་། ཞན་ཆ་རྣམས་ཇི་བཞིན་དུ་གཞིས་པ་ཚོར་བརྗོད་ན་ལེགས། འདི་འདྲ་བྱས་ན་ང་ཚོར་རྒྱུ་འབྲས་དང་དམངས་གཙོ། བློ་རྒྱ་ལ་སོགས་ཡོད་པའི་རྟགས་དང་། གཞིས་པ་ཚོའི་ལས་འགུལ་གྱི་གྲོགས་སུ་འགྲོ་བ་ཡིན།

གནད་འགག་གཞན་ཞིག་ནི་བཙན་བྱོལ་ཕྱོགས་ནས་གཞིས་པ་བོད་མི་ཚོར་རང་དབང་འཐབ་རྩོད་ཐད་ནས་བློ་སྒོ་འབྱེད་པར་ཕན་པའི་བརྡ་འཕྲིན་མཁོ་སྤྲོད་ཐུབ་དགོས་ཀྱི་འདུག གཞན་གྱི་བཙན་གནོན་འོག་ནས་རང་དབང་ཇི་ལྟར་བརྩོན་ལེན་བྱ་ཐབས་ལ་ཕན་པའི་ཤེས་བྱ་སྣ་ཚོགས་ཡོད་ཀྱང་། གཞིས་པ་ཚོས་ལྟ་ཀློག་གི་གོ་སྐབས་རག་གི་མེད། ཤེས་བྱ་གང་འདྲ་དགོས་ཞེ་ན། རྒྱ་ནག་གཞུང་གི་སྟོབས་ཤུགས་དང་ཉམས་ཞན་ས་གང་ཡིན་བརྗོད་པའི་དཔེ་དེབ་དང་རྩོམ་ཡིག  རྒྱ་ནག་གི་ཆབ་སྲིད་གནས་བབས། གཡོ་ཐབས་སྐོར་གྱི་ཤེས་བྱ། འཛམ་གླིང་གི་ཆབ་སྲིད་དང་དཔལ་འབྱོར། སྲིད་དབང་སྒེར་འཛིན་གྱི་དར་རྒུད་སྐོར་སོགས་ཡོད། མདོར་ན། གཞིས་པ་ཚོའི་རང་དབང་ལས་འགུལ་དང་ཐབས་ལམ་ལ་ཉེ་བར་མཁོ་བའི་བརྡ་འཕྲིན་མཁོ་སྤྲོད་ཐུབ་ཚེ། ཁོང་ཚོའི་ལས་འགུལ་དང་བསམ་བློ་ལ་ཁ་ཡོད་ལག་ཡོད་ཀྱིས་ཕན་ཐོགས་ཆེན་པོ་ཡོད།



དྲི་བ།  བོད་ནང་རང་ལུས་མེར་བསྲེགས་མ་ཡིན་པའི་ལས་འགུལ་གཞན་མང་པོ་ཞིག་སྤེལ་གྱིན་ཡོད་པ་ལས། གང་ཞིག་འཕྲལ་ཕུགས་ཀྱི་བོད་པའི་རྩ་དོན་ཐོག་གལ་ཆེན་པོར་མཐོང་གི་ཡོད་དམ། དེའི་རྒྱུ་མཚན་ཅི་ཡིན།
ལན། དེ་ནི་བོད་སྐད་ཡིག་འཛིན་སྐྱོང་སྤེལ་གསུམ་གྱི་ལས་འགུལ་རེད་དྲན་ཡོད། དེའི་རྒྱུ་མཚན་ནི། བོད་སྐད་ཡིག་འདི་བོད་མིའི་ངོ་བོ་དང་ཁེ་ཕན་སྲུང་བྱེད་ཀྱི་ལྕགས་རི་ལྟ་བུ་ཡིན་པ་དང་། གནད་འགག་འདི་པཎ་ཆེན་རིན་པོ་ཆེ་སྐུ་གོང་མ་གཙོས་པའི་གནད་ཡོད་བོད་མི་མཐོང་རྒྱ་ཅན་ཚོས་སྔར་ནས་སྔོན་དཔག་ཐུབ་འདུག དེ་ནི་རྒྱ་ནག་དམར་ཤོག་གི་བཙན་གནོན་འོག་ནས་བོད་མིའི་སློབ་གསོ་དང་། དཔལ་འབྱོར། རིག་གནས། ཆིག་སྒྲིལ་བཅས་ལ་མེད་དུ་མི་རུང་བ་ཡིན། ཁོང་ཚོས་འདིའི་ཐད་ནས་མི་རིགས་ཀྱི་ཐོབ་ཐང་རྩོད་ལེན་བྱས་ན། རྒྱ་ནག་གི་བཅའ་ཁྲིམས་དང་མཐུན་པས་རྒྱ་གཞུང་གིས་དྲག་གནོན་བྱེད་བདེ་བོ་མེད་པ་ཤེས་ཀྱི་ཡོད། བོད་མི་ཚོས་བོད་ཡིག་གི་གོ་ཁྲབ་གྱོན་ཐུབ་ཚེ། རང་ཉིད་སྐྱོབ་པའི་ཉམས་མྱོང་དང་པོ་དེ་རག་པ་རེད།



དྲི་བ།  བོད་ནང་གི་ཛ་དྲག་གནས་སྟངས་ལ་གཞིགས་ཏེ་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་དགོས་མིན་དང་། དགོས་ན་ཅི་ལྟར་བསྐྱར་མཐུད་བྱེད་དགོས་སམ།

ལན། བོད་ནང་གི་ཛ་དྲག་གནས་སྟངས་དེ་འཕྲལ་དུ་སེལ་བ་ལ་བོད་རྒྱ་འབྲེལ་མོལ་བསྐྱར་མཐུད་བྱས་ན་ཕན་འབྲས་ཤིག་འབྱུང་རྒྱུ་བསམ་པ་མི་འདུག  རྒྱ་ནག་དམར་ཤོག་གཞུང་རང་ཉིད་ལ་མ་གཞི་ནས་དཀའ་ངལ་ཆེ་ཆུང་རུ་འཛིང་ནས་ཡོད་པ་དང་། བོད་ཀྱི་གནད་དོན་ལས་ཀྱང་ཚབས་ཆེ་བའི་གཞུང་དམངས་དང་གཞུང་ནང་ཁུལ་གྱི་གནད་དོན་མང་པོར་འཕྲད་པའི་སྒང་དེར། བོད་ཀྱི་གནས་སྟངས་ལ་གུ་ཡངས་སྤྲད་ན་རྒྱ་ནག་དམར་ཕྱོགས་ཀྱི་དབང་སྒྱུར་ལ་གཡོ་འགུལ་ཐེབས་པ་ཧ་ཅང་གསལ་བོ་ཡིན། བོད་རྒྱ་འབྲེལ་མོལ་ཐད་ནས་བོད་ཕྱོགས་ནས་རང་འགུལ་ལམ་འུ་ཐུག་གིས་ཕར་ཕྱོགས་ལ་འབྲེལ་མཐུད་མ་བྱས་ན་ལེགས། རྒྱ་ནག་དམར་ཕྱོགས་སྒེར་གཅོད་ལམ་ལུགས་མཇུག་མ་སྒྲིལ་ན། བོད་རྒྱ་འབྲེལ་མོལ་རྣལ་མ་ཞིག་འབྱུང་མི་སྲིད། འོན་ཀྱང་། རྒྱ་ནག་མི་དམངས་ལ་འབྲེལ་མོལ་བྱ་རྒྱུ་གལ་ཆེན་པོར་བཟུང་ནས་ཤུགས་སྔར་བས་ཆེ་བ་འདོན་དགོས། དེས་བོད་ནང་གི་ཛ་དྲག་གནས་སྟངས་ལ་འགྱུར་བ་འགྲོ་བར་ཕན་ཐོགས་ཡོད།

གསར་འགོད་པ། ཚེ་རིང་རྒྱལ།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

 

འབྲེལ་ཡོད་གསར་འགྱུར།

Mobile App

དེབ་ཀྱི་ཚོང་བྲིན་ལས་བརྗོད་བྱའི་ནང་དོན་ལ་བལྟ་རྒྱུ་གནད་འགག་ཆེན་པོ་རེད།

༢༠༢༦/༠༤/༠༣
Mobile App

ཨིན་བོད་འབྲེལ་ལམ་དང་སར་སྦེ་སིལ་སྒུལཌ་ཞེས་པའི་དུས་ཐུང་འགྲེམས་སྟོན་དབུ་འབྱེད་གནང་།

༢༠༢༦/༠༤/༠༣
A large crowd walks in a market area outside Dadar station in Mumbai, India, Friday, March 17, 2023. [AP Photo/Rajanish Kakade]
Mobile App

རྒྱ་གར་གྱིས་མི་འབོར་གྲངས་བཤེར་བྱེད་མགོ་བཙུགས། 

༢༠༢༦/༠༤/༠༢
NASA's Artemis II mission to fly by the moon, comprising of the Space Launch System (SLS) rocket with the Orion crew capsule, lifts off from the Kennedy Space Center in Cape Canaveral, Florida, U.S., April 1, 2026. REUTERS/Joe Skipper Purchase Licensing Rights
Mobile App

ཨ་རིས་ཟླ་བའི་སྟེང་མཁའ་འགྲུལ་བ་བཞི་བཏང་།

༢༠༢༦/༠༤/༠༢
Mobile App

རྒྱ་གར་ནང་རྒྱ་ནག་གི་ཉེན་སྲུང་བརྙན་མིག་བཀག་སྡོམ་བྱས་འདུག

༢༠༢༦/༠༤/༠༡
Tibettimes Photo 2025/9/16
Mobile App

དགེ་འདུན་པ་དར་རྒྱས་ལགས་སུ་ལོ་ངོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༤/༠༡

མཆན། 3

  1. མདུང་ཐུང། says:
    ལོ་ 14 སྔོན།

    རེད་རེད། ཀླུ་མཁར་བྱམས་ཟེར་བའི་ལས་ངན་ཁྱེད་ནས་ཀྱང་ཤེས་ནས་ཅིག་བཤད་ཡོད་ན་དེ་རིང་གི་ཚད་འདིར་ལྷུང་དགོས་དོན་མེད་པ ་་་་་་་ཨོམ་མ་ཎི་པདྨེ་ཧཱུམ།།།

    Reply
  2. ཀླུ་མཁར་བྱམས། says:
    ལོ་ 14 སྔོན།

    རེད་རེད། བསམ་ཚུལ་མི་མཐུན་སའང་རེ་འགག་ཡོད་ཀྱང་། གཞི་རྩའི་འདི་ལྟར་ཤེས་ནས་བཤད་ན་ཉན་སྤྲོ་བོ་འདུག་་་་་་

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་ བོད་རྒྱ་འབྲེལ་མོལ་ཐད་ནས་བོད་ཕྱོགས་ནས་རང་འགུལ་ལམ་འུ་ཐུག་གིས་ཕར་ཕྱོགས་ལ་འབྲེལ་མཐུད་མ་བྱས་ན་ལེགས། རྒྱ་ནག་དམར་ཕྱོགས་སྒེར་གཅོད་ལམ་ལུགས་མཇུག་མ་སྒྲིལ་ན། བོད་རྒྱ་འབྲེལ་མོལ་རྣལ་མ་ཞིག་འབྱུང་མི་སྲིད། ་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese