མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞི་ཅིན་ཕིན་གང་དུ་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༤
Share on FacebookShare on TwitterShare on EmailShare on Whatsapp

དྷ་ས། འབའ་པ་ཡེ་ཤེས་ཀྱིས་བསྒྱུར།

གཤམ་གསལ་འདི་ནི་སྦི་སྦི་སིའི་དྲ་རྒྱའི་ཁོངས་ནས་ཨེ་ཤ་ཡའི་དཔྱད་གླེང་ཚན་པ་ནང་འདོན་སྤེལ་བྱེད་པའི་ཞི་ཅིན་ཕིན་གང་དུ་ཡོད་མེད་སྐོར་གྱི་དཔྱད་གཏམ་ཞིག་རེད། ཁ་སང་ཞི་ཅིན་ཕིན་རྒྱ་ནག་གི་དམག་སྤྱི་ཟུར་པ་འདས་གྲོངས་ཕྱིན་པའི་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་མཛད་སྒོར་ཞུགས་ཡོད་སྐོར་གནས་ཚུལ་ཐོན་ཡོད་ཀྱང་ད་དུང་མང་ཚོགས་ཀྱི་མདུན་དུ་སྔ་ལྟར་མཐོང་རྒྱུ་མེད་པ་དང༌། ཁོང་མི་རིང་བར་རྒྱ་ནག་གི་སྲིད་འཛིན་གསར་པ་ཆགས་རྒྱུ་ཡིན་པར་བརྟེན། ད་ཆ་ཞི་ཅིན་ཕིང་འཚོལ་་མཁན་ནི་ཉིན་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། སྒྱུར་བ་པོས།

 

དེང་སང་མི་སུ་ཞིག་ནས་ཞི་ཅིན་ཕིན་གི་མཛད་འཆར་ཁག་གློ་བུར་ཕྱིར་འཐེན་བྱེད་དགོས་པའི་རྒྱུ་མཚན་གང་ཡིན་གཏན་ནས་ཤེས་ཀྱི་མེད། རྒྱ་ནག་ནི་དཔལ་འབྱོར་གྱི་ཆ་ནས་འཛམ་གླིང་ཐོག་སྟོབས་ཆེན་རྒྱལ་ཁབ་ཨང་གཉིས་པ་ཡིན་ཞིང༌། མུ་མཐུད་ནས་སྟོབས་ཆེན་རྒྱལ་ཁབ་ཕུལ་བྱུང་ཞིག་ཡོང་བར་མདུན་སྐྱོད་བྱེད་བཞིན་པའི་སྒང་རེད། མི་ལོ་བཅུ་རེའི་མཚམས་སུ་གུང་ཁྲན་ཏང་གི་མགོ་ཁྲིད་འཕོ་འགྱུར་ཐེངས་རེ་བྱེད་དགོས་ཀྱི་ཡོད་ནའང༌། རྒྱ་ནག་དམར་ཤོག་གི་མགོ་ཁྲིད་ཆགས་རྒྱུའི་རེ་བ་ཡོད་པའི་མི་དེ་ད་ཆ་འཛམ་གླིང་གི་མི་རྣམས་ཀྱི་མིག་འོག་ནས་མེད་པར་གྱུར་པ་མ་ཟད། རྒྱུ་མཚན་ཅིའི་ཕྱིར་ཁོང་མཐོང་ཡུལ་ནས་མེད་པར་གྱུར་པ་དེ་ང་ཚོས་ནམ་ཡང་ཤེས་ཐུབ་ཀྱི་མེད་པ་རེད།

 

ཞི་ཅིན་ཕིན་ནད་པ་ཆགས་པ་རེད་དམ། སྙིང་ནད་ཀྱིས་ཟིན་པ་རེད། ཡང་ན། རྐང་རྩེད་སྤོ་ལོའམ་ཆུ་སྐྱེལ་གྱི་སྤྲོ་སེང་གང་རུང་ཞིག་ནས་ཁོང་གི་ལྟག་རྒྱབ་ལ་རྨས་ཕོག་པ་རེད་དམ། ཡང་ན། ཁོང་ཟླ་བ་རྗེས་མའི་ནང་ཏང་གི་ཚོགས་ཆེན་ཐོག་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་ལག་ནས་སྲིད་དབང་རྩིས་ལེན་བྱེད་རྒྱུའི་གྲ་སྒྲིག་གི་ལས་རིམ་ཁག་ནང་བྲེལ་བ་ཆེན་པོ་ཞིག་ཡོད་པ་རེད་དམ། ཡང་མིན་ན་དབང་ཆ་འཐབ་རྩོད་ཀྱི་ངན་གཡོའི་འོག་ནས་ཁོང་ལ་མཚན་ལྟས་ངན་པ་ཞིག་བྱུང་བ་གང་རེད།



འདྲི་བ་འདི་ཚོ་ནི་ཟིར་སྒྲ་ཆེ་བའི་རྒྱ་ནག་གི་གསར་འགོད་པ་ཚོའི་བསམ་ཚུལ་དང་འགྲེལ་བཤད་སྣ་ཚོགས་ཡོང་སའི་གཞི་ཁུངས་ཤིག་ཡིན། ཁོང་སྣུམ་འཁོར་བརྡབ་སྐྱོན་འོག་ནས་རྨས་ཕོག་པ་རེད་ཟེར་གྱི་ཡོད། འདི་ནི་ཕལ་ཆེར་ཁོང་ལ་ལྐོག་ཇུས་ཀྱི་ངན་གཤོམ་འོག་སྦྱོར་ངན་བརྩམས་པ་རེད་ཟེར་ཡང་དེ་ནི་ཁུངས་ལུང་མེད་པའི་རྟོག་བཟོའི་སྐད་ཆ་ཞིག་ཏུ་མངོན། འོན་ཀྱང༌། རྒྱ་གཞུང་གི་དེའི་སྐོར་གནས་ཚུལ་ཅི་ཡང་བཤད་ཀྱི་མེད་པ་དང༌། གནས་ཚུལ་དེ་གཅིག་པུའི་ཐོག་ལ་འགྲེལ་བཤད་རྒྱག་མཁན་སྣ་ཚོགས་ཤིག་ཡོང་གི་ཡོད་པར་བརྟེན། དངོས་ཡོད་ཀྱི་གནས་ཚུལ་ཤེས་མཁན་ནི་སུ་ཡང་མེད་པ་རེད། རྒྱ་ནག་དམར་ཤོག་ཚོགས་པའི་གལ་ཆེའི་གནད་ཡོད་མགོ་ཁྲིད་ཅིག་མང་ཚོགས་མདུན་ནས་མཐོང་ཡུལ་དུ་མེད་པ་ཆགས་དུས་ནང་ཁུལ་ལ་ཆབ་སྲིད་ཀྱི་འགལ་ཟླ་ཞིག་ཡོད་པའི་རྟགས་མཚན་མངོན་ཡང༌། ད་ལྟའི་ཆ་ལ་དེའི་སྐོར་དཔང་རྟགས་གང་ཡང་རྙེད་སོན་བྱུང་མེད། འོན་ཀྱང་དེའི་སྐོར་གནས་ཚུལ་འགྲེལ་བཤད་ཅི་ཡང་མེད་སྟབས། གཏམ་འཆལ་འདྲ་མིན་སྣ་ཚོགས་ཤིག་སྤྱི་ཚོགས་ནང་མངོན་རྗན་དུ་ཐོན་ཡོང་གི་ཡོད།

 

རྒྱུན་ལྡན་རྒྱ་ནག་གི་མགོ་ཁྲིད་ཚོ་ནི་ཡང་ཡང་མང་ཚོགས་ཁྲོད་དུ་མཐོང་རྒྱུ་དཀོན་ཞིང༌། ཁོང་ཚོའི་ཉིན་རེའི་བྱེད་སྒོ་ཁག་ཀྱང་མང་ཚོགས་སུ་ཕྱིར་བསྒྲགས་བྱེད་པ་ཧ་ཅང་ཉུང་ཉུང་ཡིན། ཡོངས་གྲགས་ཅན་གྱི་ཏང་གི་རྗེས་འཇུག་ལོ་ན་ ༥༩ ལ་སོན་པ་རྒྱ་ནག་གི་སྲིད་འཛིན་གཞོན་པ་སྐུ་ཞབས་ཞི་ཅིན་ཕིན་ཕྱི་རྒྱལ་ཁབ་ཀྱི་དཔོན་རིགས་ཚོ་དང་འཚམས་གཟིགས་མཇལ་མོལ་དང་སྣེ་ལེན་བྱེད་རྒྱུ་རྣམས་ཕྱིར་འཐེན་བྱས་པ་དེ་ནི་རྒྱུན་ལྡན་མིན་པའི་གནས་ཚུལ་ཞིག་ཏུ་གྱུར་ཡོད། མང་ཚོགས་ཀྱིས་ཁོང་མཐའ་མ་མཐོང་བའི་དུས་ཚོད་དེ་ནི་ཕྱི་ཟླ་ ༩ ཚེས་ ༡ རེད། བདུན་ཕྲག་སྔ་མའི་རེས་གཟའ་ལྷག་པ་ཉིན་ཁོང་གིས་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧེ་ལ་རི་ཀེམ་ཌོན་དང་མཇལ་མོལ་བྱེད་རྒྱུ་ཕྱིར་འཐེན་བྱེད་སྐབས་ཨ་རིའི་གཞུང་འབྲེལ་མི་སྣས་དེའི་རྒྱུ་མཚན་གཙོ་བོ་ནི། ཞི་ཅིན་ཕིན་གི་ལུས་པོའི་ལྟག་རྒྱབ་ལ་རྨས་ཕོག་ཡོད་པས་རྐྱེན་གྱིས་མཇལ་མོལ་བྱུང་མེད་སྐོར་བརྗོད་འདུག



དེ་རྗེས་ཌེན་མག་གཞུང་གིས་རེས་གཟའ་ཕུར་བུ་ཉིན་བརྗོད་གསལ། རེས་གཟའ་ཟླ་བ་ཉིན་གཏན་འཁེལ་ཟིན་པའི་ཌེན་མག་སྲིད་བློན་ (Helle Thorning-Schmidt)མཆོག་དང་ཞི་ཅིན་ཕིན་འཚམས་གཟིགས་ཐུག་འཕྲད་བྱེད་རྒྱུ་ཡིན་ཡང་ཁོང་གིས་ཕྱིར་འཐེན་བྱས་ཡོད་ཅེས་འགྲེལ་བརྗོད་བྱས་ཡོད། ཁོང་ཚོས་ཀྱང་ཞི་ཅིན་ཕིན་ཐུག་འཕྲད་བྱེད་མ་ཐུབ་པའི་རྒྱུ་མཚན་གང་ཡིན་མིན་ཤེས་ཐུབ་བྱུང་མེད། ཞི་ཅིན་ཕིན་སིང་གྷ་པུར་སྲིད་བློན་ (Lee Hsien Loong) དང་ཐུག་འཕྲད་བྱེད་རྒྱུ་ཡང་མཛད་འཆར་ནས་ཕྱིར་འཐེན་བྱས་པ་རེད། རྒྱུན་ལྡན་རྒྱ་ནག་གི་མགོ་ཁྲིད་ཚོ་ནི་གདན་ཐོབ་རྗེས་འབྲེལ་ལ་རྩོད་དད་ཆེན་པོ་ཡོད་པར་བརྟེན། ད་ལན་ཞི་ཅིན་ཕིན་གྱིས་རྒྱལ་དོན་འཚམས་གཟིགས་སུ་ཡོང་མཁན་ཕྱི་རྒྱལ་གྱི་དཔོན་རིགས་ཚོར་ཐུག་འཕྲད་བྱེད་རྒྱུ་ཕྱིར་འཐེན་བྱས་པ་དེ་རྒྱུན་ལྡན་མིན་པའི་གནས་ཚུལ་ཆེན་པོ་ཞིག་ཏུ་གྱུར་ཡོད།



རའུ་ཊིར་གསར་ཁང་གིས་གནས་ཚུལ་བཀོད་པ་གཞིར་བཟུང་བྱས་ན། པེ་ཅིན་གྱི་མགོ་ཁྲིད་ཚོ་དང་བློ་ཐག་ཉེ་པོ་ཡོད་པའི་གནས་ཚུལ་རྗོད་མཁན་ཞིག་གིས་ཞི་ཅིན་ཕིན་རྒྱུན་ལྡན་སྤྲོ་སེང་བྱེད་སྒོ་ཆུ་སྐྱེལ་བརྒྱབ་པའི་རྐྱེན་གྱིས་ཁོང་གི་ལུས་པོའི་ལྟག་རྒྱབ་ལ་རྨས་ཕོག་པ་རེད་ཅེས་བརྗོད་འདུག འོན་ཀྱང་གནས་ཚུལ་རྗོད་མཁན་དེས་དུས་ཚོད་གང་དང་ས་ཆ་གང་ཞིག་ཏུ་དོན་རྐྱེན་དེ་བྱུང་བའི་གནས་ལུགས་ལ་གསལ་བཤད་གང་ཡང་བྱེད་ཐུབ་མེད་པ་རེད། གནས་ཚུལ་འབྱུང་ཁུངས་གཉིས་པ་ནི། ཞི་ཅིན་ཕིན་དང་ཉེ་བར་འདུག་མཁན་ཞིག་གིས་བརྗོད་དོན་ལྟར་ན། ཞི་ཅིན་ཕིན་ལུས་ཁམས་བདེ་མིན་གནས་ཚུལ་ཡོད་ཀྱང༌། དེ་ཙམ་དཀའ་ཁག་ཆེན་པོ་མེད་ཅེས་བརྗོད་འདུག



རྒྱ་ནག་གི་གནས་བབས་གསར་པ་ཞིག་གི་ངོས་ན་བཤད་ན། ཁ་གསལ་གཏིང་གསལ་མེད་པའི་གནས་ཚུལ་དེ་རྒྱ་ནག་གི་དཔལ་འབྱོར་དང༌། ཆབ་སྲིད་ལ་ལྡོག་ཏུ་མེད་པའི་དཀའ་ངལ་གསར་པ་ཞིག་འཕྲད་ཀྱི་ཡོད་པ་དང༌། སྐུ་ཞབས་ཞི་ཅིན་ཕིན་རྒྱ་ནག་གི་མགོ་ཁྲིད་ཆགས་ལ་ཉེ་བའི་སྐབས་དང༌། འབྱུང་འགྱུར་ལོ་བཅུའི་རིང་ཁོང་གི་ལུས་ཁམས་ཀྱི་བདེ་ཐང་ནི་རྒྱ་ནག་དམར་ཤོག་དང༌། རྒྱ་ནག་མི་སེར། དེ་བཞིན་འཛམ་གླིང་ཧྲིལ་པོ་བཅས་ལ་གནད་འགག་ཆེ་བའི་གནད་དོན་ཞིག་ཆགས་ཡོད། འདས་པའི་ལོ་བཅུའི་རིང་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་མགོ་ཁྲིད་ཀྱི་འོག་ནས་རྒྱ་ནག་ལ་འགྱུར་ལྡོག་ཆེན་པོ་ཕྱིན་ཡོད། ཡིན་ནའང༌། འགྱུར་ལྡོག་གང་ཡང་འགྲོ་རྒྱུ་མེད་པ་དེ་ནི་རྒྱ་ནག་གི་མགོ་ཁྲིད་ཚོའི་བར་ན་གནས་པའི་གསང་བ་ལྐོག་འགྱུར་དེ་དག་ཡིན་པ་རེད། མགོ་ཁྲིད་དེ་ཚོའི་ལུས་ཁམས་བདེ་ཐང་དང༌ཉིན་རེའི་འཚོ་བ་སྐྱེལ་སྟངས། ནང་མིའི་གནས་བབས། དེ་དང་དེས་མཚོན་པའི་གནས་ཚུལ་གང་མང་ཞིག་ལ་ཡང་ཡང་སྦ་གསང་བྱེད་ཀྱི་ཡོད་ཀྱང༌། གནས་སྟངས་དེ་བཞིན་མུ་མཐུད་གསང་གནས་སུ་གནས་རྒྱུ་ནི་ཉིན་རེ་བཞིན་དཀའ་ཁག་ཅན་དུ་འགྱུར་གྱིན་ཡོད།
 

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཞི་ཅིན་ཕིན་གང་དུ་ཡོད་མེད་དང་མཛད་འཆར་རིམ་པ་ཁག་ལ་ཁོང་ངོ་གདོང་མ་བསྟན་པའི་རྒྱུ་མཚན་གང་ཡིན་མིན་སྐོར་གསལ་བཤད་གང་ཡང་བྱས་མེད། དེའི་སྐོར་གསལ་བཤད་ཡོང་རྒྱུར་ཡང་ཡང་ཚ་འདྲི་མདའ་འདེད་བྱས་སྐབས། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་མགྲིན་ཚབ་པ་ཧོམ་ལེ་ཟེར་བ་དེས་ངས་གནས་ཚུལ་ཡོངས་སུ་རྫོགས་པ་བཤད་ཟིན་པ་ཡིན། དེ་འབྲེལ་གྱི་གནས་ཚུལ་གསར་བསྣོན་བྱེད་རྒྱུ་གང་ཡང་མེད་ཅེས་བརྗོད་ཡོད། རྒྱ་ནག་གི་ཕྱོགས་ཡོངས་ཀྱི་གནས་ཚུལ་གསར་པ་ཞིག་ནི་གཅུས་སྒྲིམ་ཆེ་ཞིང༌། བརྟན་ལྷིང་མེད་པའི་མགོ་ཁྲིད་འཕོ་འགྱུར་བྱེད་རྒྱུ་དེ་ཡིན་ཞིང༌། གོ་གནས་མཐོ་ཤོས་སུ་སླེབས་པའི་སྐུ་ཞབས་པོའུ་ཞི་ལིའི་ཐོག་ཏུ་ལྷུང་བའི་རྙོག་གླེང་དེས་རྒྱ་ནག་གི་སྲིད་དབང་བརྒྱུད་སྤྲོད་དེ་ནམ་ཡང་དཀའ་རྙོག་ཅན་ཞིག་ཏུ་འགྱུར་ཟིན་པ་རེད།

 

རྒྱ་ནག་ནང་ལ་ཆ་མཚོན་ན་ལོ་བཅུ་རེའི་མཚམས་སུ་ཏང་གི་དམར་ཤོག་ཚོགས་པའི་མགོ་ཁྲིད་བརྗེ་འགྱུར་དེ་ངེས་པར་དུ་ཞི་འཇམ་བརྟན་ལྷིང་ཐོག་ནས་འགྲོ་དགོས་པ་གལ་ཆེན་ཆགས་ཡོད་ཀྱང༌། ཞི་ཅིན་ཕིན་མང་ཚོགས་ཀྱི་མདུན་དེར་ཡང་བསྐྱར་ངོ་གདོང་མ་བསྟན་གྱི་བར་བརྟན་ལྷིང་མེད་པའི་གནས་ཚུལ་དེ་ཆུང་དུ་འགྲོ་རྒྱུ་ནམ་ཡང་མེད། ད་ཆ་མི་མང་དེང་རབས་ཀྱི་དྲ་ལམ་ལ་ཁ་ཕྱོགས་པའི་དུས་སྐབས་འདིར་འཛམ་གླིང་ཐོག་ཕྱི་འབྲེལ་སྲིད་ཇུས་ཀྱི་གནས་བབས་དང༌། འཛམ་གླིང་གི་དཔལ་འབྱོར་གྱི་འབྲེལ་ལམ་ནང་གལ་འགངས་ཆེན་པོ་ཆགས་ཟིན་པའི་རྒྱལ་ཁབ་དེའི་ནང་དུ་སྲོལ་རྙིང་དུ་ལྷག་པའི་དམར་ཤོག་ཚོགས་པའི་ནང་ཁུལ་གྱི་གསང་བ་དང་མགོ་ཁྲིད་ཚོ་ནི་འཛམ་གླིང་ནང་ཉེན་སྲུང་དཀའ་བའི་གནས་ཚུལ་ཆེན་པོ་ཞིག་ཏུ་གྱུར་ཟིན་ཡོད།

 

གནས་ཚུལ་འབྱུང་ཁུངས་ཀྱི་དྲ་ཐག  http://www.bbc.co.uk/news/world-asia-china-19553903

 

 

 

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཞི་ཅིན་ཕིན་གྱི་ལྟག་རྒྱབ་ཏུ། ལྷ་ལུང་དཔལ་རྡོར་ངའི་མདའ་དེ་ཕོག་པ་འདྲ། ཧ་ཧ། །ཀུ་རེ་ཡིན་ནོ།

    Reply
  2. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    གནད་འགག་ཅིག་བསྒྱུར་འདུག ཚིག་སྦྱོར་ཡག་པོ་འདུག

    གཞན་ངའི་གྲོགས་གཅན་དཔལ་ལྡན་གྱིས་རྒྱལ་སྤྱིའི་གླེང་ཕྱོགས་དང་མི་མཐུན་པའི་བསམ་ཚུལ་བཏོན་འདུག་པ་དེའང་མཉམ་དུ་བཀླགས་ཟིན།

    Reply
  3. གཅན་དཔལ་ལྡན། says:
    ལོ་ 14 སྔོན།

    མ་འོངས་རྒྱ་ནག་སྲིད་འཛིན་ཞིས་ཅིན་ཕིན་ལ་དོན་རྐྱེན་གང་ཡང་བྱུང་ཡོད་པ་མ་རེད་བསམ་གྱི་འདུག དེ་སྔོན་རྒྱ་ནག་དམར་ཤོག་མགོ་ཁྲིད་ཏུན་ཞོ་ཕིན་ཡང་དྲུག་བཞིའི་དོན་རྐྱེན་སྐབས་གློ་བུར་དུ་ཉིན་ ༢༠ ཙམ་ལ་གར་སོང་ཆ་མེད་དུ་གྱུར་ཡོད་ལ། དེ་མིན་རྒྱ་ནག་དཔོན་རིཊ་མཐོ་ཤོས་ཁག་ཅིག་ལའང་དེ་ལྟ་བུའི་གནས་ཚུལ་བྱུང་མྱོང་ཡོད།

    Reply
  4. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    གནས་ཚུལ་དེ་ནི་སྙན་པོ་འདུག་ལ་ཧང་སངས་དགོས་པའི་རྒྱུ་མཚན་ཆེ་བ་གང་ཡང་མིན་འདི་ནི་དམར་ཤོག་རྒྱ་གཞུང་གི་གཡོ་བྱུས་ཀྱིས་ཆབ་སྲིད་འཁྲབ་སྟོན་བྱེད་སྟངས་ཞིག་ལས་འགྱུར་བ་གསར་པ་རྒྱུ་དཀའ་ལ་ངེད་ཚང་གི་གནས་སྟངས་ནི་ཇེ་སྡུག་མི་གཏང་བཟང།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese