མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིར་སྤུན་མཆེད་ཀྱི་འདུ་ཤེས་བཟུང་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོར་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་མཆོག་གིས་གངས་སྐྱིད་དུ་གཞུང་ཞབས་ལས་ཚོར་བོད་དོན་ཐོག་གཏམ་བཤད་སྤེལ་སོང་།

དེ་རིང་ཕྱི་དྲོའི་ཆུ་ཚོད་ ༥ དང་ཕྱེད་ཀའི་སྟེང་གངས་སྐྱིད་སྤྱི་ཐབ་ཐོག་ཁང་དུ་སྤྱི་འཐུས་རྒྱུན་ལས་ཀྱི་གོ་སྒྲིག་འོག རྒྱ་གར་ཕྱི་སྲིད་དང་དཔལ་འབྱོར་བློན་ཆེན་ཟུར་པ། ད་ལྟའི་གྲོས་ཚོགས་འཐུས་མི་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སྐུ་ཞབས་ཡ་ཤི་ཝན་ཊི་(YashwantSinha)ལགས་ཕེབས་ཏེ། བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་དབུས་པའི་བཀའ་བློན་རྣམ་པ་དང་སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་ཀྱིས་དབུས་པའི་སྤྱི་འཐུས་རྣམ་པ། ལྷན་ཁང་གི་ཁག་གི་དྲུང་ཆེ་དང་གཞུང་ཞབས་ལས་བྱེད། མང་ཚོགས་ཁག་ཅིག་བཅས་ལ་བོད་དོན་རྒྱབ་སྐྱོར་དང་འབྲེལ་པའི་ཐོག་གཏམ་བཤད་ཐུང་ངུ་ཞིག་གནང་སོང་།

ཡ་ཤི་ཝན་ཊི་ལགས་ཀྱིས་ཁོང་ཐེངས་འདིར་བཞུགས་སྒར་ངྷ་མར་ས་ལར་བོད་མི་ཚོའི་སེམས་ནང་གི་ན་ཟུག་དང་རེ་བ་བརྗེ་རེས་བྱ་ཆེད་ཡོང་བ་ཞིག་ཡིན་པ་དང་། ཐེངས་འདིར་ཁོང་ད་ལྟ་གངས་སྐྱིད་དུ་ཚོགས་བཞིན་པའི་གྲོས་ཚོགས་ར་བར་ཕྱིན་སྐབས། དེ་གར་འབར་བཞིན་པའི་མེ་ལྕེ་ཞིག་མཐོང་ཡོད་ཅིང་མེ་ལྕེ་དེ་བོད་མི་ཚོའི་མངོན་འདོད་མ་འགྲུབ་བར་མུ་མཐུད་འབར་དགོས་པ། བཙན་བྱོལ་བོད་མི་རྣམས་ཕྱིར་བོད་དུ་ལོག་སྟེ་བོད་ལ་དབང་སྒྱུར་བྱ་དགོས་པར་བརྗོད་སོང་།

ཡང་ཁོང་གིས་གཞིས་བྱེས་གཉིས་ཀྱི་བོད་མི་ཚོས་འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་བོད་དོན་འཐབ་རྩོད་ཀྱི་རྒྱུན་མཐུད་ཐུབ་པའི་ཡིད་ཆེས་དང་བློ་སྟབས། ཆོད་སེམས་བརྟན་པོ་དེ་དབང་ཤུགས་གང་འདྲ་ཞིག་གིས་ཀྱང་མེད་པ་བཟོ་མི་ཐུབ་ཅིང་། བོད་མི་ཚོའི་སྙིང་ཁོངས་ན་འབར་བཞིན་པའི་མངོན་འདོད་ཀྱི་མེ་ལྕེ་གསོད་ཐུབ་པའི་ནུས་པ་ཅན་ཞིག་གང་དུའང་མེད་སྐོར་བརྗོད།

ཁོང་གིས་ “ང་བྷེ་ཇེ་པེ་(BJP) ཚོགས་པ་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་བ་བཅས་ཀྱི་འཐུས་ཚབ་བྱས་ཏེ། ཁྱེད་ཚོར་བཤད་བཤད་རྒྱུ་ཞིག་ལ། རྒྱ་གར་གཞུང་གིས་བོད་ཐོག་ལ་འཛིན་པའི་སྲིད་བྱུས་ག་རེ་ཡིན་ཡང་། རྒྱ་གར་གྲོས་ཚོགས་འཐུས་མི་མང་པོ་ཞིག་དང་རྒྱ་གར་མི་མང་ལ་སེམས་ཚོར་གཅིག་ལས་མེད། དེ་ནི་བོད་མི་ཚོར་བཟུང་པའི་སྤུན་མཆེད་ཀྱི་སེམས་ཚོར་དང་། བོད་མི་ཚོར་བདེན་པའི་མཐའ་གསལ་པའི་ཉི་མ་ཞིག་འཆར་རྒྱུ་དེ་ཡིན་”ཞེས་བརྗོད་སོང་།

མཐར་ཁོང་གིས་གདུག་རྩུབ་དང་སྲིད་དབང་སྒེར་འཛིན་པ་རྒྱ་ནག་གཞུང་ཁ་གཏད་དུ་ལྷག་ཡོད་སྟབས། འབྲེལ་བ་བྱ་རྒྱུ་ཁག་པོ་ཞིག་ཆགས་ཡོད་ཀྱང་། བོད་ཀྱི་རྩོ་དོན་རྒྱལ་སྤྱི་རང་བཞིན་གྱི་གནད་དོན་ཞིག་ཏུ་བསྒྱུར་བར་ཤུགས་གནོན་རྒྱག་དགོས་པ་དང་། ཁོང་དང་ཁོང་གི་གྲོགས་པོ་གྲོས་ཚོགས་འཐུས་མི་རྣམས་ཀྱིས་དུས་ནམ་ཡང་བོད་མི་དང་བོད་པའི་རྩ་དོན་ལ་མཐའ་གཅིག་ཏུ་རྒྱབ་སྐྱོར་ཡོད་པ། གནད་དོན་གང་འདྲ་ཞིག་གི་ཐད་རྒྱབ་སྐྱོར་དང་རོགས་འདེགས་དགོས་ཀྱང་ཚེ་འཚེར་སྣང་མེད་པའི་ཐོག་ནས་བཤད་དགོས་པར་བརྗོད་སོང་།

མཐར་བཀའ་ཁྲི་མཆོག་གིས་རྒྱ་གར་གཞུང་དམངས་གཉིས་བོད་པ་ཚོར་བཀའ་དྲིན་ཆེན་པོ་ཡིན་པ། ནང་ཆོས་དང་འཚེ་མེད་ཞི་བའི་ལྟ་གྲུབ་སོགས་བོད་ཀྱི་རིག་གཞུང་གི་ཕྱོགས་ནས་རྒྱ་གར་ནི་བོད་པའི་དགེ་རྒན་ལྟ་བུ་ཡིན་པ། བོད་པའི་རྩ་དོན་འཐབ་རྩོད་ཀྱི་ལམ་ཁ་མང་པོ་ཞིག་རྒྱ་གར་ནས་བྱུང་ཡོད་སྐོར། གཞན། ཡ་ཤི་ཝན་ཊི་ལྟ་བུའི་ཧ་ཅང་དཀོན་པའི་མི་སྣ་རླབས་ཆེན་ཞིག་བོད་པའི་གྲོགས་པོར་གྱུར་པ་ནི། བོད་མི་ཚོའི་བསོད་ནམས་ཡིན་ཚུལ་སོགས་གསུངས་སོང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

མཆན། 2

  1. དུག་མདུང་རྩེ་དགུ། says:
    ལོ་ 14 སྔོན།

    བོད་མི་ཚོར་སྤུན་མཆེད་ཀྱི་འདུ་ཤེས་བཟུང་ཡོད། བོད་མི་ཚོ་ང་ལྟོགས་དུས་ཀྱི་ཟ་མ་ཡིན། འཁྱག་དུས་ཀྱི་གྱོན་པ་ཡིན། ང་རྒུད་དུས་ཐལ་མོ་སྦྱོར་ཡུལ་ཡིན། ང་དར་དུས་རྒྱབ་ལག་བཅའ་ས་ཡིན། །

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གཅིག་གིས་སྤུན་མཆེད་གསར་པ་བཟོས། གཞན་གཅིག་བསོད་བདེ་ཆེན་པོ་གྱུར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese