མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལོ་འཁོར་ལས་བསྡོམས་སྙན་སྒྲོན།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༦
Share on FacebookShare on TwitterShare on EmailShare on Whatsapp


གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་གཉིས་པའི་
ཉིན་བོད་མིའི་སྒྲིག་འཛུགས་ལྷན་ཁང་མ་ལག་དང་བཅས་པའི་ ༢༠༡༡ ནས་ ༢༠༡༢ ལོའི་བར་གྱི་ལས་བསྡོམས་སྙན་སྒྲོན་ཞུས་སོང་།   

ཁ་སང་ཕྱི་ཚེས་ ༡༥ ཉིན་སྟེ། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་ཚོགས་དུས་བཞི་པའི་ལས་ཉིན་གཉིས་པའི་ཞོགས་པར་སྤྱི་འཐུས་རྣམ་པ་སྐུ་བཞེངས་ཐོག འདི་ལོའི་ཕྱི་ཟླ་ ༣ པའི་ཚེས་ ༢༦ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཇན་ཏར་མན་ཏར་ས་གནས་སུ་རང་ལུས་མེར་བསྲེཊ་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་སྐད་འབོད་གནང་སྟེ་འདས་གྲོངས་སུ་ཕྱིན་པའི་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་སུ་སྐར་མར་གཅིག་རིང་ངག་བཅད་མྱ་ངན་གནང་རྗེས། དབུས་བོད་མིའི་སྒྲིག་འཛུགས་ལྷན་ཁང་ཁག་གི་བཀའ་བློན་རྣམ་པས་གོ་རིམ་བཞིན། ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༤ པའི་ཚེས་ ༡ ནས་ཕྱི་ལོ་ ༢༠༡༢ ལོའི་ཕྱི་ཟླ་ ༣ པའི་ཚེས་ ༣༡ བར་གྱི་ལས་ཁུངས་ཁག་གི་ལས་བསྡོམས་གྲོས་ཚོགས་ལ་སྙན་སྒྲོན་དང་། བོད་མིིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་ལས་བསྡོམས་རྒྱས་པར་སྤྱི་འཐུས་རྒྱུན་ལས་ནས་བལྟ་ཞིབ་བྱས་པའི་གྲུབ་དོན་སྙན་ཐོའི་སྔོན་གླེང་། ཆབ་སྲིད་སྡེ་ཚན་དང་འཛིན་སྐྱོང་རྟོགས་ཞིབ་སྡེ་ཚན། རྒྱུན་འབྲེལ་སྡེ་ཚན་བཅས་གསུམ་གྱིས་ལས་ཁུངས་རེ་རེའི་ལས་བསྡོམས་ཐད་དོགས་འདྲི་དང་རེ་སྐུལ། མཐོང་ཚུལ་ཁག་སོགས་གྲོས་ཚོགས་ལ་སྙན་སྒྲོན་ཞུས་ཤིང་། དེའི་ཐོག་གཞུང་འབྲེལ་གྲོས་འཆར་གྲོས་ཆོད་བཅས་བཞག་སོང་།

མཇུག་ཏུ་ཚོགས་དྲུང་མཆོག་གིས་ཐེངས་འདིའི་གྲོས་ཚོགས་ཀྱི་དགོངས་ཤོག་སྙན་སྒྲོན་གནང་བ་ལྟར་ན། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས། ཡུ་རོབ་ཀྱི་ཁུལ་གྱི་བདེན་པའི་མེ་ལྕེ་སྐོར་སྐྱོད་ལས་འགུལ་གོ་སྒྲིག་སྣེ་ཁྲིད་ཀྱི་ལས་དོན་ཆེད་གྲོས་ཚོགས་ཆ་ཚང་ལ་དགོངས་ཞུ་དང་། སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་སྐུ་གཟུགས་བདེ་མིན་གྱི་དབང་གིས་གྲོས་ཚོགས་ཆ་ཚང་ལ་དགོངས་ཞུ།  སྤྱི་འཐུས་ཟླ་བ་ཚེ་རིང་ལགས་ཕྱི་ཚེས་ ༡༤ ནས་ ༡༧ བར་གྱི་ཉིན་བཞིའི་རིང་དགོངས་ཞུ། སྤྱི་འཐུས་འོད་དཀར་ཚང་གཡུ་སྒྲོན་ལགས་ཕྱི་ཚེས་ ༡༤ དང་ ༡༥ ཉིན་གཉིས་ལ་དགོངས་ཞུ། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུགས་ཕྱི་ཚེས་ ༡༤ དང་ ༡༥ བཅས་ཉིན་གཉིས་ལ་དགོངས་ཞུ། སྤྱི་འཐུས་སྨན་པ་མཁྱེན་རབ་རྒྱ་མཚོ་ཕྱི་ཚེས་ ༡༥ ཉིན་རྒྱབ་ཀྱི་ཚོགས་ཐེངས་གཉིས་པར་དགོངས་ཞུ་གནང་ཡོད་འདུག

 

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

TTT
Mobile App

སྲི་ཞུའི་ལས་བྱེད་གཉིས་ལ་ཕྱི་ལོ་ ༢༠༢༥ ལོའི་ལས་དོན་གཟེངས་ཐོན་གྱི་གཟེངས་རྟགས་དབུལ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༢ སྔོན་ལ།
Mobile App

རྒྱ་གར་གྱིས་རྒྱ་ནག་ལ་བརྟེན་མི་དགོས་པར་རང་སྐྱ་འཕེར་བའི་ཉི་གློག་བཟོ་སྐྲུན་གྱི་སྲིད་ཇུས་གསར་པ་ཞིག་སྤེལ་རྒྱུ་རེད།

ཆུ་ཚོད་ ༡༢ སྔོན་ལ།
TT
Mobile App

ཚོགས་གཙོ་སྒྲོལ་མ་ཚེ་རིང་མཆོག་གིས་ཨ་རིའི་གཞུང་ཚབ་ཁང་གི་ཆབ་སྲིད་སྡེ་ཚན་གྱི་ལས་བྱེད་དང་མཇལ་འཕྲད་གནང་།

ཆུ་ཚོད་ ༡༢ སྔོན་ལ།
Sakkar Tashi’s profile on X. Screenshot taken on 24 June 2026.
Mobile App

རྒྱ་ནག་གཞུང་གིས་ས་དཀར་བཀྲ་ཤིས་ལགས་ཀྱི་བོད་ནང་གི་ནང་མི་རྣམས་ནག་ཉེས་ཅན་གྱི་ཐོ་གཞུང་དུ་བཅུག་འདུག

ཆུ་ཚོད་ ༡༣ སྔོན་ལ།
སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཀྱི་གཞུང་འབྲེལ་ཕྱོགས་ཕེབས་མཇུག་བསྒྲིལ། བོད་ཀྱི་དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས། ༢༠༢༦།༦།༢༤
Mobile App

སྲིད་སྐྱོང་མཆོག་གི་ཨ་རི་དང་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་མཇུག་བསྒྲིལ། 

ཆུ་ཚོད་ ༡༧ སྔོན་ལ།
Some Chinese students celebrate graduation in New York. Photo: IC
Mobile App

རྒྱ་ནག་དང་འབྲེལ་འདྲིས་ཡོད་པའི་ཨ་རིའི་སློབ་ཆེན་ཁག་ལ་རོགས་དངུལ་སྤྲོད་ལེན་མི་ཆོག་པའི་ཁྲིམས་འཆར་བཏོན།

༢༠༢༦/༠༦/༢༣

མཆན། 4

  1. ཤག་སྒང་པ། says:
    ལོ་ 14 སྔོན།

    སྤྱི་འཐུས་ཡིན་པའི་ལས་འགན་ཆེ་ཤོས་ནི་ལོ་འཁོར་གཅིག་གི་བགྲོ་ཚོགས་རྐང་གཉིས་པོར་རང་ཉིད་ངོ་བཅར་དགོས་པ་དེ་ཡིན་པས། དེ་ལའང་མེད་པའི་རྫབ་ཆེན་རིགས་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པར་ཕྱིར་འཕུད་བཏང་དགོས་པ་རེད།

    ཕ་གི་ན་མི་གསོན་པའི་སྟེང་ནས་མེ་འབར་གྱིན་རེད། འདི་ཚོས་་་་་

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལས་བསྡོམས་ལ་ལས་སྡོམ། ཁ་སང་འདི་མདང་། མེར་བསྲེཊ་ལ་མེར་བསྲེགས། སྤྱི་འཐུས་རྒྱུན་ལས་ནས་བལྟ་ཞིབ་བྱས་པ་་་་ འདི་ཡང་། སྤྱི་འཐུས་རྒྱུན་ལས་༼ནས་༽པས་བལྟ་ཞིབ་བྱས་པ་་་་

    Reply
  3. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    མདོ་སྨད་ཆོལ་ཁའི་ངོས་ཀརྟི་སྒྲོལ་དཀར་ལྷ་མོ་སྤྱི་མཐུས་ནས་དགོངས་ཞུ་བྱ་རྒྱུའི་འཆར་དགོས་བྱས་པ་དང། རང་ཉིད་ནས་ཀྱང་བཟང་སྤྱོད་ཀྱིས་དགོངས་ཞུ་བྱས་མེད་པ་དཔེ་རེད་ད། ཆོལ་ཁ་གཞན་གྱི་མི་ཞིག་ཡིན་ན་ད་ཆ་ཕྱིར་འབུད་བྱས་མ་ཟད་སྤྱི་ཚོགས་མིང་ཆད་མང་པོ་བྱུང་ཡོད་ངེས། མ་འོངས་གཞུང་ཞབས་དང་། སྤྱི་ལས་བྱ་མཁན་ཚོར་བློ་སྟོབས་སྤྲོད་རྒྱུའི་ལས་སྤྱོད་ཅིག་མ་ཡིན་ནམ། ད་དུང་ཡང་སྤྱི་འཐུས་ཀིརྟི་སྒྲོལ་དཀར་ལྷ་མོ་ལགས་སྐུ་གཟུགས་བདེ་མིན་གྱི་དབང་གིས་གྲོས་ཚོགས་ཆ་ཚང་ལ་དགོངས་ཞུ། ཞུ་སྟངས་དང་སྤྲད་སྟངས་ལྟོས་དང།

    Reply
  4. སྐར་མདའ། says:
    ལོ་ 14 སྔོན།

    རྒྱལ་གཅེས་དཔའ་བོ་བྱེ་བྲག་པ་ལོགས་སུ་བཀར་ནས་ངག་བཅད་མྱ་ངན་ཞུས་དོན་གང་ཡིན་ནམ་སྙམ་བཞིན་ཡོད།
    དེ་ནས་སྤྱི་དོན་ལས་རང་དོན་གལ་ཆེར་བརྩི་མཁན་གྱི་སྤྱི་འཐུས་དགོངས་ཞུ་མཁན་དེ་ཚོ་ལ་མཐའ་གཅིག་ཏུ་དགག་བྱ་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese