མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་སྲིད་བྱུས་ཤིག་ལས་རྒྱ་གར་གྱི་ལངས་ཕྱོགས་ཤིག་མ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༧
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་སྔ་དྲོ
ར་གངས་སྐྱིད་ཕྱི་དྲིལ་ཚོགས་ཁང་དུ། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཡཱ་ཞི་བན་སིན་ཧཱ་ལགས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་ཏེ། བོད་མི་ཚོར་གདུང་སེམས་མཉམ་སྐྱེད་ཡོད་པ་དང་། བོད་དོན་ཐོག་སྔར་ལྷག་རྒྱབ་སྐྱོར་ཡོང་ཐབས་ལ་འབད་བརྩོན་ཞུ་རྒྱུ་ཡིན་པ་བསྒྲགས་སོང་།

དེ་རིང་ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ།  བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གིས་གོ་སྒྲིག་འོག  བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་། སྤྱི་འཐུས་ཆོས་སྐྱོང་དབང་ཕྱུག་གཉིས་ལྷན་བཞུགས་ཐོག རྒྱ་གར་ཕྱི་སྲིད་བློན་ཆེན་དང་དཔལ་འབྱོར་བློན་ཆེན་ཟུར་པ་དང་། ད་ལྟ་རྒྱ་གར་གྲོས་ཚོགས་ཀྱི་ཚོགས་མི་དང་བྷེ་ཇེ་བྷེ་(BJP)ཚོགས་པའི་མགོ་ཁྲིད་ཡཱ་ཞི་བན་སིན་ཧཱ་(Yashwant Sinha) མཆོག་གིས་གསར་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ།  ཐེངས་འདིར་ཁོང་བཞུགས་སྒར་དྷ་སར་ཕེབས་དགོས་པའི་དམིགས་ཡུལ་དང་།  འདས་པའི་ཉིན་གསུམ་རིང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་རྣམ་པ། དེ་བཞིན། གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་། ས་གནས་བོད་དོན་རྒྱབ་སྐྱོར་ཚོགས་པ། ས་གནས་རྫོང་དཔོན་དང་སྐོར་སྲུང་སྤྱི་ཁྱབ་བཅས་གནད་ཡོད་མི་སྣ་ཁག་དང་མཇལ་འཕྲད་ཀྱིས་ཕན་ཚུན་གླེང་མོལ་དང་བསམ་ཚུལ་བརྗེ་རེས་གནང་བའི་སྐོར་ངོ་སྤྲོད་གནང་རྗེས། གསར་འགོད་པ་དག་གི་དྲི་བར་ལན་འདེབས་གནང་ཡོད།  

ཡཱ་ཞི་བན་སིན་ཧཱ་ལགས་ཀྱིས་ཐེངས་འདིར་ཁོང་དྷ་སར་ཕེབས་དགོས་དོན་གཙོ་བོ་ནི།  བོད་ནང་གི་ད་ལྟའི་ཛ་དྲག་གནས་སྟངས་དང་། ལྷག་པར་དུ་བོད་མི་མང་པོས་རང་ལུས་མེར་བསྲེགས་གཏོང་བཞིན་པ་སོགས་བོད་མིའི་དཀའ་སྡུག་གནས་སྟངས་ལ་གདུང་སེམས་མཉམ་སྐྱེད་དང་། བོད་མིའི་སེམས་ནང་གི་སྡུག་བསྔལ་ང་ཚོས་ཚོར་གྱིན་ཡོད་པའི་རྣམ་འགྱུར་སྟོན་ཆེད་ཡིན་ལ།  དེ་བཞིན། འདི་གར་གནད་ཡོད་མི་སྣ་ཁག་དང་ལྷན་དུ་བཀའ་མོལ་བྱུང་བའི་གནས་ཚུལ་རྣམས་ཕྱིར་ལོག་རྗེས་རྒྱ་གར་གྲོས་ཚོགས་འཐུས་དང་མཉམ་དུ་བཀའ་སྡུར་གནང་སྟེ། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྒྱ་གར་མང་ཚོགས་ནང་གོ་རྟོགས་སྤེལ་རྒྱུ་དང་། རྒྱ་གར་གཞུང་གི་ལས་ཀྱི་སྣེ་མོར་གཏོག་མཁན་དག་དང་། རྒྱ་གར་གྲོས་ཚོགས་ནང་བོད་དོན་ཐད་དོ་སྣང་ཤུགས་ཆེ་རུ་གཏོང་ཐབས་ཀྱི་ལས་རིམ་སོགས་བང་སྒྲིག་འཆར་ཡོད་སྐོར་གསུངས་སོང་།

རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས་སྐོར་གྱི་གསར་འགོད་པའི་དྲི་བར་ལན་འདེབས་གནང་སྐབས། ཡཱ་ཞི་བན་སིན་ཧཱ་མཆོག་གིས། “ང་རང་ཉིད་ཚུད་པའི་རྒྱ་གར་བ་མང་པོ་ཞིག་གིས་ ༡༩༥༠ ལོར་རྒྱ་དཀར་ནག་བར་བཞག་པའི་བོད་ཐོག་གི་སྲིད་ཇུས་དེར་མོས་མཐུན་མེད། རྒྱ་གར་དང་བོད་བར་དུས་ཡུན་རིང་པོའི་སྤྱི་ཚོགས་དཔལ་ཡོན་གྱི་འབྲེལ་བ་ཟབ་མོ་ཡོད་པ་མ་ཟད། བོད་ནི་རྒྱ་གར་གྱི་གྲོགས་པོ་ཡག་པོ་ཞིག་རེད་ལ། དེ་བཞིན་བོད་ནི་རྒྱ་དཀར་ནག་བར་གྱི་འགོག་རྐྱེན་ཞིག་ཀྱང་ཆགས་ཡོད། འགོག་རྐྱེན་དེའི་འོག་ང་ཚོས་འགྲོ་སྟངས་ཤིག་གི་ཐད་ནས་རྒྱ་ནག་དང་འབྲེལ་ལམ་བཟུང་ཡོད་ཀྱང་། ༡༩༦༢ ལོར་འབྲེལ་ལམ་དེའི་མཇུག་འབྲས་ང་ཚོས་མྱངས་ཡོད་པ་རེད། སྐབས་དེར་རྒྱ་གར་ལ་བཙན་འཛུལ་བྱས་ཡོད་པ་མ་ཟད། རྒྱ་གར་ཀྱི་ས་ཁོངས་རྒྱ་ཆེན་པོ་ཞིག་ད་དུང་རྒྱ་ནག་གིས་བཙན་བཟུང་འོག་ཚུད་ཡོད། གང་ལྟར་འགྲིག་ཡོད་ན་འདྲ་ནོར་ཡོད་ན་འདྲ། བོད་དང་ཧོང་ཀོང་། ཐའེ་ཝན་བཅས་རྒྱ་ནག་གི་ཆ་ཤས་ཡིན་པར་རྒྱ་གར་གཞུང་གིས་ངོས་ལེན་བྱས་པ་རེད། ཡིན་ནའང་ ༡༩༦༢ ལོར་རྒྱ་དཀར་ནག་བར་དམག་འཁྲུག་བྱུང་པའི་རྗེས་ནས། ཕྱོགས་གཉིས་པར་བསྐྱར་དུ་དམག་བརྒྱབ་མེད་ཀྱང་། ཛ་དྲག་རང་བཞིན་གྱི་གནས་སྟངས་ཤིག་གི་ཐོག་ནས་ཕན་ཚུན་འབྲེལ་མོལ་མུ་མཐུད་བྱེད་ཀྱིན་ཡོད་པ་རེད། ༢༠༠༣ ལོར་སྐབས་དེའི་རྒྱ་གར་གྱི་སྲིད་བློན་ཝ་ཇི་པཱ་ཡེ་(Atal Bihari Vajpayee)རྒྱ་ནག་ཏུ་ཕྱིན་སྐབས། བསྐྱར་དུ་རྒྱ་ནག་གཅིག་གི་སྲིད་ཇུས་(one China policy) ངོས་ལེན་བྱས་ཡོད་པ་དང་། རྒྱ་ནག་གི་ངོས་ནས་སི་ཀེམ་(Sikkim)རྒྱ་གར་གྱི་ཆ་ཤས་ཡིན་པར་ངོས་ལེན་དང་། ཎ་ཐུ་ལར་ཕྱོགས་གཉིས་བར་ཚོང་འབྲེལ་གྱི་སྒོ་ཕྱེ་པ་རེད།” ཅེས་བརྗོད་ཡོད།

མཇུག་མཐར། ཁོང་གིས་ “དེང་སྐབས་རྒྱ་ནག་དཔལ་འབྱོར་གྱི་སྟོབས་ཤུགས་ཆེན་པོ་ཆགས་ཡོད་སྟབས། ངའི་བསམ་ན་རྒྱ་གར་ཙམ་མ་ཡིན་པར་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། ལྷག་པར་དུ་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་དག་གིས་རྒྱ་ནག་ལ་ཕྱི་འབྲེལ་འཛིན་གྱི་ཡོད་ཀྱང་། རྒྱ་ནག་གི་ཀུན་སློང་ལ་དོགས་ཟོན་བྱེད་ཀྱི་ཡོད་ངེས་རེད། རྒྱ་གར་ཡང་དེའི་ཁོངས་སུ་གཏོགས་ཡོད། དེ་བཞིན། བོད་དེ་རྒྱ་དཀར་ནག་བར་གྱི་སྲིད་བྱུས་ཀྱི་ཆ་ཤས་ཞིག་ཆགས་ཡོད།  རྒྱ་གར་གྱི་ངོས་ནས་དང་ཐོག་རྒྱ་ནག་ལ་འབྲེལ་བ་ཇི་ལྟར་འཛིན་རྒྱུ་དང་། དེ་རྗེས་བོད་ཐོག་འབྲེལ་བ་ཇི་ལྟར་འཛིན་རྒྱུ་ཡིན་མིན་ཐག་གཅོད་རྒྱུ་དང་། ཡང་ན། དེ་ལས་ལྡོག་སྟེ། དང་པོ་བོད་ཐོག་འབྲེལ་བ་ཇི་ལྟར་འཛིན་རྒྱུ་དང་། དེའི་རྗེས་རྒྱ་ནག་ལ་འབྲེལ་བ་ཇི་ལྟར་འཛིན་རྒྱུ་ཡིན་མིན་ཐག་གཅོད་རྒྱུ་དེ་ནི།  རྒྱ་ནག་གིས་ཚུར་འཛིན་པའི་སྲིད་ཇུས་ཤིག་རེད་མ་གཏོགས། རྒྱ་གར་གྱིས་ཕར་འཛིན་པའི་ལངས་ཕྱོགས་ཤིག་མ་རེད། ངའི་རེ་བ་ནི་མ་འོངས་པར་གནད་དོན་དེར་བསྐྱར་ཞིབ་ཐོག རྒྱ་གར་གྱིས་བོད་ཀྱི་རྩ་དོན་ཐད་སྔར་ལས་ལྷག་པར་རྒྱབ་སྐྱོར་གྱི་ལངས་ཕྱོགས་བརྟན་པོ་ཞིག་འཛིན་ཐུབ་རྒྱུ་དང་། རྒྱ་གཞུང་ལ་བོད་ཀྱི་ཆོས་དང་རིག་གཞུང་། མི་རིགས་བཅས་རྩ་གཏོར་བྱེད་པའི་སྲིད་བྱུས་དེར། རྒྱ་གར་དང་རྒྱལ་སྤྱིའི་གནས་བབས་གང་ཐད་ནས་ངོས་ལེན་བྱ་ཐབས་མེད་པ་དེ་ཁ་གསལ་བཟོ་རྒྱུ་དེ་རེད། ” ཅེས་བརྗོད་ཡོད། 

འདས་པའི་ལོ་གཉིས་ཀྱི་སྔོན་ནས་བཟུང་ཡཱ་ཞི་བན་སིན་ཧཱ་ལགས་ཀྱིས། རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་འགན་བཞེས་བཞིན་ཡོད་འདུག    

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

ཆུ་ཚོད་ ༢༣ སྔོན་ལ།
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡
གནས་རི་གཉན་པོ་གཡུ་རྩེ། དྲ་ལམ་གྱི་པར།
Mobile App

གཉན་པོ་གཡུ་རྩེར་གནས་སྐོར་འགྲོ་བར་དམ་དྲག་བྱེད་ཀྱིན་འདུག

༢༠༢༦/༠༧/༣༡

མཆན། 4

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་ བོད་ནི་རྒྱ་གར་གྱི་གྲོགས་པོ་ཡག་པོ་ཞིག་རེད་ལ། དེ་བཞིན་བོད་ནི་རྒྱ་དཀར་ནག་བར་གྱི་འགོག་རྐྱེན་ཞིག་ཀྱང་ཆགས་ཡོད། འགོག་རྐྱེན་དེའི་འོག་ང་ཚོས་འགྲོ་སྟངས་ཤིག་གི་ཐད་ནས་རྒྱ་ནག་དང་འབྲེལ་ལམ་བཟུང་ཡོད་ཀྱང་། ༡༩༦༢ ལོར་འབྲེལ་ལམ་དེའི་མཇུག་འབྲས་ང་ཚོས་མྱངས་ཡོད་པ་རེད། སྐབས་དེར་རྒྱ་གར་ལ་བཙན་འཛུལ་བྱས་ཡོད་པ་མ་ཟད། རྒྱ་གར་ཀྱི་ས་ཁོངས་རྒྱ་ཆེན་པོ་ཞིག་ད་དུང་རྒྱ་ནག་གིས་བཙན་བཟུང་འོག་ཚུད་ཡོད། གང་ལྟར་འགྲིག་ཡོད་ན་འདྲ་ནོར་ཡོད་ན་འདྲ། བོད་དང་ཧོང་ཀོང་། ཐའེ་ཝན་བཅས་རྒྱ་ནག་གི་ཆ་ཤས་ཡིན་པར་རྒྱ་གར་གཞུང་གིས་ངོས་ལེན་བྱས་པ་རེད། ་་་་་་་་་་ཟེར།

    Reply
  2. རིག་རྒྱམ། says:
    ལོ་ 14 སྔོན།

    ོ ང་ཚོའི་རྐང་འོག་གི་ས་འདིའི་བདག་པོ་རྒྱ་གར་ཚང་ཡིན་པའི་ཆ་ནས་ང་ཚོ་ལ་བཀའ་དྲིན་མི་ཆེ་ཟེར་ས་མི་འགྲོ་ཡང་། སྐུ་ཞབས་ཡྭ་ཞི་བན་སིན་ཧྭ་ལགས་ཀྱིས་གཏམ་བཤད་འདིས་རྒྱ་གར་གཞུང་གིས་སྔར་ནས་བོད་ནི། ཐེའུ་ཝན་དང་ཧོང་ཀོང་གཉིས་དང་མཉམ་དུ་རྒྱ་ནག་ལ་བཙོང་ནས་རིན་པའང་ཟོས་ཚར་བ་སླར་ཡང་གསལ་གསལ་ཐང་ཐང་ཞིག་བྱས་པ་ལྟ་བུ་ཞིག་ཆགས་སོང་། རྒྱ་གར་གཞུང་གི་དཔོན་རིགས་ཕོ་ཆེ་སྙིང་མེད་ཚོས་སོ་སོའི་ཁ་ཕོར་མི་འཕྲོག་ན་བོད་དོན་ཞིག་མི་གླེང་ངོ་མ་རེད། དེ་ནི་ལོ་རྒྱས་ཀྱི་ནང་བོད་དང་འབྲེལ་བ་ཟབ་པའི་རྒྱ་གར་གཞུང་ངོ་ནས་ཞབས་འདྲེན་དང་བོད་རང་ཉིད་ལ་ཆེས་བློ་ཕམ་པའི་གནས་ཚུལ་ཞིག་རེད། ད་དུང་སྐུ་ཞབས་ཁོང་གིས་རེད་ཡོད་ན་འདྲ་ནོར་ཡོད་འདྲ་བོད་དང་ཐེའུ་ཝན་དང་ཧོང་ཀོང་སོགས་རྒྱ་ནག་གི་ཆ་ཤས་ཡིན་པ་རྒྱ་གར་གཞུང་གི་ངོས་ལེན་བྱས་ཡོད་ཅེས་གསུངས་སྐབས། ང་ཚོས་ཁྱོད་ཀྱིས་གཟིགས་ན་ལོ་རྒྱས་ཀྱི་ནང་རང་བཙན་གྱི་སྟོབས་ཆེན་རྒྱལ་ཁབ་ཆེན་ཡིན་པའི་རྒྱུ་མཚན་མངོན་གསལ་ཅན་ཞིག་རང་གི་ཁེ་སང་ཆུང་ངུ་ཞིག་གི་དོན་དུ་རྒྱ་ནག་གི་ཆ་ཤས་རེད་ཅེས་བཤད་ན་ནོར་འདུག་གམ་མི་འདུག་ཅེས་དྲི་བ་ཞིག་ཅིའི་ཕྱིར་གཏོང་མི་དགོས། ཁ་གཅིག་གིས་བོད་ནང་གི་ཚེ་སྲོག་གི་སྡུག་མྱོང་ཚད་མེད་མཐོང་ཡོད་པའི་རྣམ་འགྱུར་ཞིག་ཡིན་ཟེར། དེ་འདྲའི་བོད་ལ་ཁ་ཁོག་མེད་པའི་དུང་བ་ཟབ་ན་བོད་ཀྱི་ལོ་རྒྱས་ཀྱི་རང་བཞིན་ལ་འགལ་བ་སྟག་སྤྲྲོད་བྱས་ཡོད་པའི་སྐད་ཆ་དག་ལ་ད་དུང་འཁྲེགས་འཛིན་གྱིས་གཞིས་བྱེས་གཉིས་དང་ཤི་གསོན་གཉིས་སུ་གྱེས་པའི་བོད་མི་ཚོའི་རེ་བ་དང་མངོན་འདོད་རྡོག་རུལ་བཏང་ནས་བློ་ཕམ་དུ་བཅུག་པ་ཡིན། གང་ལྟར་རྒྱ་ནག་ཚང་ཐུགས་དགྱེས་པའི་སྐད་ཆ་དག་དག་གིས་བོད་ལ་རྒྱབ་སྐྱོར་ཡིན་རབ་བཤད་ཀྱང་འཀའ་མོ་རེད།

    Reply
  3. གངས་རྒྱལ། says:
    ལོ་ 14 སྔོན།

    གནས་ཚུལ་འདི་ལ་ལྟོས་ན་རྒྱ་གར་བ་ཚོས་ཚོང་ཆེན་པོ་ཞིག་རྒྱབ་འདོད་སྐྱེ་ཚར་འདུག
    ཁོང་ཚོས་ཁེ་བཟང་ཡོད་དུས་མ་གཏོགས་སྐད་ཆ་བཤད་ཀྱིན་མེད་པ་ཚང་མས་ཤེས་གསལ་ལྟར་རེད།

    Reply
  4. གནས་ཚང་། says:
    ལོ་ 14 སྔོན།

    རྒྱ་གར་པཎ་ཆེན་བོད་ལ་བཀའ་དྲིན་ཆེ། པདྨ་དེ་འཁྲུངས་སྐུ་ལ་འདི་འཁྲུངས་མེད། རྒྱ་གར་སྲིད་དོན་པ་བོདལ་བཀའདྲིན་མི་ཆེ། ཁེ་བཟང་དེ་ཡོད་སྲེད་པ་འདིར་ཡོད་མེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese