མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ངྷ་རམ་ས་ལ་དང་རྒྱལ་ཁབ་ཁག་གི་རྒྱལ་སའི་བར་ཐད་ཀར་འབྲེལ་བ་འཛུཊ་ཐུབ་ན་བསམ་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༡༨
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་གྲོས་ཚོགས་ཚོགས་དུས་བཞི་བའི་ལས་ཉིན་གསུམ་པའི་ཕྱི་དྲོ
ར་བཀའ་ཁྲི་བློ་བཟང་སེང་གེ་མཆོག་གིས་༧གོང་ས་མཆོག་ཐུགས་ཕམ་གྱི་གནས་ཚུལ་དང་། འདས་པའི་ཟླ་དྲུག་རིང་གི་བཀའ་ཤག་གི་ལས་དོན་དང་མ་འོངས་ལས་འཆར་སྐོར་ཞིག་ངོ་སྤྲོད་གནང་སོང་།  

བཀའ་ཁྲི་མཆོག་གིས་༧གོང་ས་མཆོག་ཐུགས་ཕམ་སྐོར་ལ་ནན་གྱིས་གསུངས་རྒྱུར། རྒྱལ་སྤྱིའི་ཐོག་དང་གསར་འགྱུར་བརྒྱུད་ལམ་ཁག གནད་ཡོད་མི་སྣར་མཇལ་འཕྲད་སྐབས་སོགས་སུ་བོད་མིའི་སྒྲིག་འཛུཊ་སྔོན་མ་ལྟར་གནས་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ལྷག་པར་དུ་གསར་འགྱུར་བརྒྱུད་ལམ་ཁག་གིས་སྔོན་མ་ལས་ལྷག་པའི་ཁྱབ་བསྒྲཊ་གནང་གི་ཡོད་ཀྱང་མི་ཉུང་ཤས་ཤིག་གིས་ཐ་སྙད་ཅིག་བརྗེ་བོ་བརྒྱབ་པར་གནས་ཚུལ་ཆེན་པོ་བཟོས་ཏེ་གཞུང་མ་རེད་སྒྲིག་འཛུཊ་རེད་ཟེར་བ་དང་། འདོད་པ་མེད་པའི་རྣམ་འགྱུར་སྟོན་མཁན་དེ་རིགས་ལ་བློ་ཕམ་ཆེན་པོ་ཡོད་སྐོར་གསུངས་སོང་ལ། བོད་མིའི་སྒྲིག་འཛུཊ་དེ་ལོ་རྒྱུས་ཐོག་མུ་མཐུད་ཀྱི་ཡོད་པའི་དཔང་རྟགས་ལ། ཁོང་གི་བཀའ་ཁྲིའི་དམ་འབུལ་ཉིན་བཀའ་ཁྲི་ཟམ་གདོང་རིན་པ་ཆེས་ཕྱག་ནས་བཀའ་ཐམ་སྲིད་ཞུ་བདེ་སྐྱིད་མ་འབུལ་བཞེས་གནང་བ་དང་། ཁྲིམས་མཐུན་གྱི་བདག་དབང་མུ་མཐུད་ཀྱི་ཡོད་པའི་དཔང་རྟགས་ལ་ཕྱི་ཕྱོཊ་ཀྱི་བོད་མི་ཚོས་བཀའ་བློན་ཁྲི་པ་དམངས་གཙོའི་འོས་བསྡུའི་ལམ་ནས་བདམས་པ་དེར་རྒྱལ་སྤྱིའི་ཐོག་ནས་ངོས་ལེན་བྱེད་ཀྱི་ཡོད་སྐོར་སོགས་གསུངས་སོང་།

བཀའ་ཁྲི་མཆོག་གིས། “གསར་འགྱུར་བརྒྱུད་ཁག་ལ་མཚོན་ན། ཕྱི་རྒྱལ་དང་རྒྱ་གར་གསར་འགྱུར་ཙམ་མིན་པར། རྒྱ་སྐད་ཀྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་བོད་མིའི་སྒྲིག་འཛུཊ་ཀྱིས་བོད་མིའི་ཚབ་མཚོན་གྱི་ཡོད་པ་གསལ་བོར་བསྟན་ཡོད། མི་ཉུང་ཤས་ཤིག་གིས་ད་ཆར་ཡང་ངོས་ལེན་མེད་མདོག་མདོག་གི་བཀའ་མོལ་དེ་འདྲ་གནང་བར་བཀའ་ཤག་གི་ངོས་ནས་བློ་འཚབ་ཚད་མེད་ཡོད། མི་མང་ལའང་བློ་འཚབ་ཚད་མེད་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད། ཐ་སྙད་འགྱུར་བ་བཏང་བ་དེ་གྲོས་ཚོགས་ར་བ་འདིའི་ཐོག་ནས་སྤྱི་མོས་ཀྱི་ལམ་ནས་བཏང་ཡོད་སྟབས་ཚང་མས་ངོས་ལེན་ཡོད་པ་ཞིག་ཆགས་ཡོད” ཅེས་དང་། “ བོད་མིའི་ནང་ཆིག་སྒྲིལ་གྱི་རྣམ་པ་དང་བོད་ཕྱི་ནང་གཉིས་ཀྱི་བོད་མིའི་ལ་རྒྱ། བོད་དོན་ཆེད་རྒྱལ་སྤྱིའི་རྒྱབ་སྐྱོར་བཅས་ཚད་མཐོ་བོར་བསླེབས་ཡོད། ནང་ཆོས་དང་རིག་གཞུང་ཐོག་བཤད་མ་དགོས་པ་རེད། དེ་དག་ཚང་མ་༸གོང་ས་མཆོག་གི་བཀའ་དྲིན་ཡིན་སྟབས་༧གོང་ས་མཆོག་བློ་ཕམ་གྱི་གནས་ཚུལ་ཆགས་སྐབས། མ་འཚམ་པ་ཞིག་དང་བཀའ་དྲིན་བསམ་ཤེས་མེད་པར་ངོས་འཛིན་བྱེད་ཀྱི་ཡོད། དེར་བརྟེན། གྲོས་ཚོགས་འདི་བརྒྱུད་དེ་སྤྱི་དམངས་ཚང་མར་གཟབ་གཟབ་གནང་རོགས་ཞེས་ཞུ་རྒྱུ་ཡིན། ང་ཚོས་གཟབ་གཟབ་མ་གནང་ན་བཀའ་མོལ་དེ་དག་རེ་གཉིས་བྱས་ཏེ་སྤྱི་ཚོགས་ནང་དཀྲོགས་གཏམ་ཆགས་པའི་ཉེན་ཁ་འདུག དེ་བཞིན། དྲ་རྒྱའི་ནང་སོ་སོའི་མཚན་མེད་པར་མཆན་རྒྱག་མཁན་དང་རྩོམ་བྲིས་པའི་ནང་འདྲ་མིན་སྣ་ཚོཊ་འབྲི་བཞིན་འདུག དྲ་རྒྱའི་བདག་པོ་ཚོར་འགན་ཡོད་པ་རེད། འགན་དྲན་གསོས་ཆེད་ཡི་གེ་རེ་འབུལ་རྒྱུ་ཡིན། དེ་ང་ཚོའི་ལངས་ཕྱོགས་གསལ་བོ་བཟོ་བར་གལ་ཆེན་དུ་མཐོང་གི་ཡོད”ཅེས་གསུངས་བྱུང་།

བཀའ་ཁྲི་མཆོག་གིས་བཀའ་ཤག་གི་ལས་འཆར་སྐོར་ལ“ ད་ལྟའི་བར་བཀའ་བློན་ཁྲི་པ་གཙོས་པའི་བཀའ་བློན་རྣམ་པ་ཕྱི་རྒྱལ་དུ་ཕེབས་སྐབས་ཕུཊ་ཀྱི་རེ་བར། ངྷ་རམ་ས་ལ་དང་རྒྱལ་ཁབ་ཁག་གི་རྒྱལ་སའི་བར་ཐད་ཀར་འབྲེལ་བ་ཞིག་འཛུགས་ཐུབ་ན་བསམ་གྱི་ཡོད། དེ་གཞིར་བྱས་ཏེ་རིམ་བཞིན་ཝ་ཤིན་ཊོན་ཌེ་སེ་རང་དུ་བོད་མིའི་སྒྲིག་འཛུཊ་དང་ཕར་ཕྱོཊ་ཐད་ཀར་འབྲེལ་བ་གནང་སའི་ལས་ཁུངས་ཤིག་གི་འཆར་གཞི་ཡོད” ཅེས་གསུངས་སོང་།

ཡང་བཀའ་ཁྲི་མཆོག་གིས་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་འོག་གི་བོད་མིའི་སློབ་གྲྭ་ཁག་རྩིས་ལེན་གནང་ཕྱོགས་སྐོར་ལ། ང་ཚོས་རེ་འདུན་ཞུས་པ་ལྟར་རྒྱ་གར་དབུས་བོད་སློབ་འཛིན་ཚོགས་ཀྱིས་སློབ་གྲྭ་ཁག་ཚང་མ་རྩིས་ལེན་བྱེད་ཕྱོགས་ཀྱི་འཆར་གཞི་འཁྱེར་ཤོག་གསུངས་ཡོད་པ་དང་། ཤེས་རིག་ལས་ཁུངས་ཀྱིས་འཆར་གཞི་ཆ་ཚང་ཞིག་ཕུལ་བའི་ཐོག་ཁོང་ཚོས་བཀའ་བསྡུར་གནང་མཐར་སློབ་གྲྭ་ཁག་ཆ་ཚང་རྩིས་སྤྲོད་བྱ་རྒྱའི་ཐག་གཅོད་བྱུང་ཡོད་པ་མ་ཟད། ལས་འཆར་དེ་རྒྱ་གར་ཤེས་རིག་ལས་ཁུངས་ལ་ཕུལ་ཏེ་ཤེས་རིག་བློན་ཆེན་མཆོག་གིས་མཚན་རྟགས་བསྐྱོན་ཏེ་ད་ཆར་རྒྱ་གར་བཀའ་ཤག་ནང་འགྲོ་བཞིན་ཡོད་ཅིང་། ད་སྔ་ལས་གཞི་དེའི་ཐོག་དགག་པ་རྒྱག་མཁན་མི་གཅིག་ཀྱང་བྱུང་ཡོད་མི་འདུག འཆར་ཟིན་དེའི་ནང་རྒྱ་གར་གྱི་དགེ་རྒན་ཚོའི་ཐོབ་ཐང་དང་ཕོགས་ཐོབ་ལ་འགྱུར་བ་མེད་པར་སྔར་བཞིན་ཡིན་པ་དང་། དེ་སྔོན་རྒྱ་གར་གཞུང་གིས་གཏོང་བཞིན་པའི་འགྲོ་སོང་བརྒྱ་ཆ་བརྒྱ་དེ་མུ་མཐུད་གཏོང་དགོས་པའི་སྟེང་ལ་བརྒྱ་ཆ་ ༥ ཞིག་འཐོལ་པ་ཞུས་ཡོད་འདུག 

བཀའ་ཁྲི་མཆོག་གིས་བོད་ནས་གསར་དུ་འབྱོར་བ་ཚོའི་སྐོར་ལ། “ད་ལྟའི་ཆར་ཤེས་རབ་དགའ་ཚལ་སློབ་གླིང་གི་ལོ་ཡུན་ ༥ ཡིན་པ་དེའི་ཐོག་འགྱུར་བ་གཏོང་རྒྱུའི་འཆར་གཞི་ཐོག་གྲོས་བསྡུར་གནང་བཞིན་པ་ཡིན། དེའི་རྒྱུ་མཚན་གཙོ་བོ་ཤེས་རབ་དགའ་ཚལ་སློབ་གླིང་ནང་སློབ་ཕྲུག་འཛུལ་རྗེས་བརྒྱ་ཆ་ ༨༠ ཡས་མས་ལོ་ལྔ་མ་ལོན་སྔོན་ལ་རྩ་དགོངས་ཞུ་བཞིན་འདུག དེར་བརྟེན། ཤེས་རབ་དགའ་ཚལ་གླིང་ལ་སློབ་མ་ཚོའི་འདོད་པ་དང་བསྟུན་ཅི་ཐུབ་གནང་རྒྱུའི་ཐོག་འབད་བརྩོན་བྱས་ཏེ། འཆར་གཞི་གཏོང་བཞིན་ཡོད་ལ་གོ་སྐབས་གཉིས་པ་ཕུལ་མིན་ཐོག་ལའང་བཀའ་ཤག་གིས་གྲོས་བསྡུར་བྱེད་བཞིན་ཡོད།  བོད་ནས་གསར་དུ་འབྱོར་བ་ཚོ་ཤེས་རབ་དགའ་ཚལ་སློབ་གླིང་དང་། མེག་ལོར་དང་ལྡི་ལི་སོགས་སུ་ལྷག་ཡོད་པ་ཚོར་ལག་ཤེས་སོགས་སློབ་རྒྱུ་ག་རེ་ཡོད་མེད་ཐོག་གྲོས་བསྡུར་བྱེད་བཞིན་ཡོད” ཞེས་གསུངས་བྱུང་།

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

ཆུ་ཚོད་ ༦ སྔོན་ལ།
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

ཆུ་ཚོད་ ༨ སྔོན་ལ།
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༡༡ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

༢༠༢༦/༠༨/༡༢
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢

མཆན། 3

  1. སྣང་རྒྱལ་ཤེར་དགེ says:
    ལོ་ 14 སྔོན།

    (བཀའ་ཐམ་སྲིད་ཞུ་བདེ་སྐྱིད་མ།) ཟེར་བ་འདི་དགའ་ལྡན་ཕོ་བྲང་གི་ཐམ་ཀ་ཞིག་རེད། ད་འུ་ཚང་གིས་མགོ་ལུས་མཚུངས་པ་ཞིག་བྱས་ན་ཡག་པོ་མི་འདུག་གམ།

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    བར་སྐབས་ཤིག་ནས་ཁུག་རྟས་མི་སྐད་བཤད་འགོ་ཚུགས་པ་དེར་སེམས་པ་དགའ་ནས་ཡོད། ཨ་དང་སྐུ་རྩེད་ཞུ་པ་ཡིན་དཱ་ཨ་ཇོ་དབུ་མ་པ་ལགས།

    དེ་རིང་ཡང་ཕྱི་ཁོག་གིས་བཏུམས་པའི་ཛ་དྲག་ཅན་གྱི་གསུང་སྐད་དེ་བགྲོ་ཚོགས་ནང་དུ་ཡང་བཀྱལ་ནས་འདུག

    ད་ལྟའི་དུས་སྐབས་འདིར་༧གོང་ས་མཆོག་གི་ཐུགས་བཞེད་དཀྲུགས་པའི་སྐད་ཆ་ཤོད་མཁན་གྱི་མི་དང་སྒེར་ཚོགས་དེ་དག་སུ་ཞིག་རེད།

    ཕྱི་གསལ་ནང་གསལ་གྱིས་ཐ་ཚིག་ཏུ་བཀར་ནས་ཕུང་འདྲེ་དེ་དག་ཐེར་འདོན་དགོས་པ་ལས། འདི་ལྟར་ལྐོག་ནས་གསུང་སྐད་བཀྱོན་པས་མི་གོ་ཐག་གཅོད་རེད་སྙམ།

    བཟོད་པ་ཟེར་བ་ལའང་མཐའ་མཚམས་ཤིག་མེད་ན་ཐམས་ཅད་ངན་ལངས་སུ་ཤོར་ངེས་རེད་དཱ།

    Reply
  3. ཤར་ཕྱོགས་ཁུག་རྟ། says:
    ལོ་ 14 སྔོན།

    ཁ་ཚ་དགོས་གཏུག་ཅིག་ནི་གསོག་སྒར་སློབ་གྲྭར་འགྲོ་སྟངས་ཤིག་བཟོ་དགོས་པ་དེ་གལ་ཆེན་རེད། ལོ་ལྔ་དེས་ཁྱོན་ནས་ཡོང་གི་མེད་པ་གསལ་བོ་རེད། གསོག་སྒར་སློབ་གྲྭའི་བསླབ་གཞི་དང་དམིགས་ཡུལ་ཁྱོན་ཡོངས་ལ་འགྱུར་བ་བཏང་བ་ཡིན་ན། བོད་ནང་དུ་སྒུལ་ཤུགས་ཐེབས་ཡུལ་ཅིག་བརྒྱུད་ལམ་འདི་ལས་མེད་པ་གསལ་བོ་རེད། ལྷག་པར་བོད་ཕྱི་ནང་གཉིས་ཀྱི་དམ་ཚིག ཆབ་སྲིད་ཐད་ནས་རྒྱ་ནག་དང་ལངས་ཕྱོགས་ཅི་ཞིག་འཛིན་གྱི་ཡོད་མེད་སོགས་ཀྱང་བརྒྱུད་ལམ་འདི་ནས་གོ་བརྡ་འཕྲོད་པ་ཡིན་ན་ཞེ་དྲག་བརྟན་པོ་ཆགས་ཀྱི་རེད། འདི་ནི་ང་ཚོས་བྱེད་ཐུབ་པ་དང་བརྒྱ་ཆ་བརྒྱ་འཇོན་པའི་ལས་ཀ་ཞིག་ཀྱང་རེད་འདོད་པས། བཀའ་ཤག་གི་དགོངས་གཞི་དེ་རེ་བ་ཆེན་པོས་སྒུག་གི་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese