མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཞལ་ཆེམས་ཞིབ་ཏུ་ཀློགས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་དུས་བབ་གསར་ཤོག་སྤྱིའི་འདོན་ཐེངས་ ༥༦༧ སྟེང་གི་རྩོམ་སྒྲིག་པའི་གཏམ།

དྷ་རམ་ས་ལར་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་སྐོང་རྒྱུ་རེད། བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ཀྱིས་གདོང་ལེན་གནང་སྟངས་ལ་གྲོས་ཁ་བསྡུར་རྒྱུ་རེད། བོད་ནང་ཛ་དྲག་ཡིན་པ་ཤེས་འདུག ཛ་དྲག་གནས་སྟངས་ལ་རྒྱབ་དཔུང་གི་ལས་འགན་ཡོད་པའང་རྟོགས་འདུག ཉིས་སྟོང་བརྒྱད་ཚུན་ལ་དམིགས་བསལ་ཚོགས་ཆེན་ཐེངས་གཅིག་དང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་ཚོགས་སོང་། དམིགས་བསལ་ཚོགས་ཆེན་དང་པོར་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་རེད། རྒྱལ་ཡོངས་ཚོགས་ཆེན་དང་པོར་བཙན་བྱོལ་བོད་མིའི་སྲིད་འབྱོར་རིག་གསུམ་སྐོར་དང་། གཉིས་པར་༧གོང་ས་མཆོག་གིས་ཆབ་སྲིད་ཐུགས་འགན་བཞག་རྗེས་ཀྱི་བཅའ་ཁྲིམས་བསྐྱར་བཅོས་ཐག་གཅོད་རེད། ད་ཐེངས་སླར་ཡང་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་བསླེབས་སོང་། 

    བོད་ཀྱི་དུས་བབ་ཚང་གིས་དེ་སྔའི་དམིགས་བསལ་ཚོགས་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་རིམ་པའི་གྲུབ་འབྲས་དང་། ད་རེབ་འཚོགས་འཆར་གྱི་གྲོས་གཞིའི་ཐོག་ལ་བཙན་བྱོལ་ནང་གི་ཤེས་ཡོན་ཅན་དང་ལས་འགུལ་བ་སྐོར་ཞིག་ལ་དགོངས་ཚུལ་དྲིས་ཡོད། འགའ་རེས་དེ་སྔའི་ཚོགས་ཆེན་དག་ལ་གྲུབ་འབྲས་གང་ཡང་མ་ཐོན་ལ། ད་རེབ་ཀྱང་རེ་བ་མེད་སྐོར་བཤད་སོང་། འགའ་རེས་གྲུབ་འབྲས་རྡོག་རྡོག་སྟོན་རྒྱུ་མེད་ཀྱང་དངོས་ཤུགས་བརྒྱུད་གསུམ་ནས་ཐོན་ཡོད་པའི་ཡིད་ཆེས་ཡོད་ཟེར། ཡང་ཁག་ཅིག་གིས་རྒྱ་ནག་དང་རྒྱལ་སྤྱིར་བརྡ་ལན་གསལ་པོ་སྤྲད་དེ་གྲུབ་འབྲས་ཆེན་པོ་བླངས་ཚུལ་བཤད། ཚོགས་ཆེན་འདི་དག་གིས་ནང་དོན་ལས་རྣམ་འགྱུར་གཙོར་བཟུང་བྱེད་ཀྱི་ཡོད་ན། ནམ་ཞིག་རྔམ་རྔམ་རྫིག་རྫིག་གི་རྣམ་འགྱུར་དེ་ཡང་ཁུ་སིམ་བདེ་འཇམ་གྱི་སྣང་ཚུལ་ཞིག་ཏུ་གྱུར་ཏེ། རྒྱ་ནག་དང་རྒྱལ་སྤྱིར་བརྡ་ལན་འཁྱོལ་རྒྱུ་ཕར་ཞོག བོད་པ་ནང་ཁུལ་ནས་ཀྱང་སུན་སྣང་དང་ཁྲེལ་དགོད་བྱེད་མཁན་འབྱུང་སྲིད།     

    ད་རེབ་དམིགས་བསལ་ཚོགས་ཆེན་གྱིས་བོད་ཕྱི་ནང་གཉིས་སུ་རང་ལུས་མེར་བསྲེགས་གནང་མཁན་རྣམ་པའི་འབོད་སྒྲར་གཟབ་ནན་གྱིས་ཉན་དགོས། འདས་པོའི་ཞལ་ཆེམས་ཞིབ་ཚགས་ཀྱིས་ཀློག་དགོས། ལུས་པོ་མེ་ལ་བསྒྲོན་ཏེ་ཁུ་ཚུར་གནམ་ལ་འཕྱར་ནས་ “བོད་ལ་རང་དབང་དགོས” ཞེས་པའི་ལ་རྒྱའི་ཀི་རིང་དེ་དག་རྒྱ་གཞུང་ལ་བཏབས་པ་ཡིན་དུ་ཆུགས་ཀྱང་། “རྒྱལ་བ་རིན་པོ་ཆེ་བོད་ནང་ཕེབས་དགོས” ། “རྒྱལ་བ་རིན་པོ་ཆེ་བོད་ནང་གདན་འདྲེན་ཞུ་དགོས”ཞེས་པའི་དགོས་འདུན་འདི་དག་ངྷ་རམ་ས་ལའི་གཞུང་དང་པེ་ཅིན་གཞུང་གང་གིས་གོ་དགོས་ད་དུང་ཞིབ་ཏུ་དཔྱད་དགོས།

            བཤད་ཐུབ་པའི་སྡུག་བསྔལ་དེ་སྡུག་བསྔལ་མིན་ཟེར་བ་ལྟར། འབོད་ཚིག་འདི་དག་གི་རྒྱབ་ཏུ་བརྗོད་མི་བཏུབ་པའི་སྡུག་བསྔལ་ཅི་ཞིག་སྦེད་ཡོད་མེད་ཞིབ་ཏུ་སྔོག་དགོས། དཔའ་བོ་དཔའ་མོ་འདི་དག་བཞུད་ཁར་ཤོག་བུ་དཀར་པོའི་སྟེང་ལ་སྣག་རིས་ནག་པོར་འཁོད་པའི་ཛ་དྲག་གི་ཞུ་ཚིག་དེ་དག་བསྐྱར་དུ་ཀློག་དགོས།“བོད་པ་ནང་ཁུལ་མཐུན་ལམ་རྡོག་རྩ་ཆིག་བསྒྲིལ་བྱོས་”ཞེས་པ་འདི་གཞིས་སྲུང་སྤུན་ཟླའི་པུས་མོའི་ལྷ་ང་ས་ལ་བཙུགས་ཏེ་བྱེས་གྱར་བོད་མིར་ཞུ་བ་འཐེན་པའི་འདས་ཁའི་ཞལ་ཆེམས་རེད་ལ། ཆོལ་ཁ་ཆོས་ལུགས་ཕྱོགས་འཐེན་ཅན་ཚོར་ཨ་ཐང་ཆད་པའི་ཐ་ཚིག་ཀྱང་རེད། ད་རེབ་དམིགས་བསལ་ཚོགས་ཆེན་ཐོག་འདས་པོའི་ཞལ་ཆེམས་འདི་དག་གཞུང་ཚོགས་སྒེར་གསུམ་གྱིས་ལག་ལེན་བསྟར་ཕྱོགས་ལ་གྲོས་བསྡུར་བྱེད་དགོས། གྲོས་ཆོད་འཇོག་དགོས། ལས་རིམ་བསྒྲིག་དགོས། མནའ་གན་འཇོག་དགོས། འདི་བོད་ཕྱི་ནང་གཉིས་ཀྱི་ཛ་དྲག་གནས་སྟངས་ལ་གདོང་ལེན་གནང་ཕྱོགས་ངོ་མ་དེ་ཡིན།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese