མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

“སྲིད་སྐྱོང”དུ་སྤྱི་མོས་གཏན་འབེབས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ “བཀའ་བློན་ཁྲི་པ” ཚབ་ཏུ་ “སྲིད་སྐྱོང” ཞེས་བསྐྱར་བཅོས་གནང་རྒྱུར། བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནང་སྤྱི་མོས་གཏན་འབེབ་བྱུང་སོང་།

དེ་རིང་ཕྱི་ཚེས་ ༢༠ ཉིན་ཏེ།   སྐབས་བཅོ་ལྔ་བའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་བའི་ཉིན་བདུན་པར། བདེ་སྲུང་བཀའ་བློན་འབྲོང་ཆུང་དངོས་གྲུབ་ལགས་ཀྱིས་ཁྲིམས་འཆར་བཏོན་པ་དང་། ནང་སྲིད་བཀའ་བློན་རྒྱ་རི་སྒྲོལ་མ་ལགས་ནས་རྒྱབ་སྐྱོར་གནང་བའི་གཞུང་འབྲེལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༣༩ པའི་ཐོག  ཉིན་ཕྱེད་ལྷག་རིང་གྲོས་ཚོགས་ནང་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་བགྲོ་གླེང་གནང་མཐར། བཙན་བྱོལ་བོད་མིའི་བཅའ་ཁྲིམས་དོན་ཚན་བཅུ་དགུ་པས་མཚོན་པའི་བཅའ་ཁྲིམས་ནང་ “བཀའ་བློན་ཁྲི་པ” ཞེས་པའི་ཚབ་ཏུ་ “སྲིད་སྐྱོང་” ཞེས་བསྐྱར་བཅོས་གནང་རྒྱུ་སྤྱི་མོས་གཏན་འབེབ་བྱུང་སོང་།

སྤྱི་མོས་གཏན་འབེབས་བྱུང་རྗེས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། “གྲོས་ཚོགས་འདིའི་ཐོག་ནས་སྤྱི་མོས་གཏན་ལ་ཕབ་ཐུབ་པ་དེར། ཚོགས་གཙོ་སྦྲེལ་བོའི་ངོས་ནས་སྤྱི་འཐུས་རྣམ་པ་ཚང་མར་བསྔགས་བརྗོད་ཞུ།” ཞེས་གསུངས་ཏེ། བཀའ་བློན་ཁྲི་པའི་ཐ་སྙད་དེ་སྲིད་སྐྱོང་ལ་འགྱུར་བ་བཏང་བའི་རྗེས་འབྲེལ་གྱི་དབང་གིས།  སྲིད་སྐྱོང་གི་འགན་དབང་ལ་འགྱུར་བ་གང་ཡང་འགྲོ་མེད་པ་དང་། དེ་བཞིན། སྲིད་སྐྱོང་དུ་མཚན་བརྗེ་བོ་བརྒྱབ་པའི་རྒྱུ་མཚན་ལ་བརྟེན་ནས། རྒྱལ་ཁབ་རང་གི་དབུ་ཁྲིད་ཆགས་ཀྱིན་མེད་པར། ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་རང་གི་མཚན་གནས་ཐོག་ནས་གནང་བསྡད་ཡོད་པ་གསལ་བཤད་གནང་སོང་། 

 གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༢༣ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

མཆན། 23

  1. སེང་གེ་གནམ་འཆོང། says:
    ལོ་ 14 སྔོན།

    དཔལ་ལྡན་བཀའ་ཤག་གིས་༧གོང་ས་ཆེན་པོའི་བཀའ་བཞིན་བཀའ་བློན་ཁྲི་པ་སྲིད་སྐྱོང་དུ་བསྒྱུར་རྒྱུའི་ཁྲིམས་འཆར་བསྣམས་ལ་ཐུགས་རྗེ་ཆེ་ལོས་ཞུ། ཡིན་ནའང། ༧གོང་ས་མཆོག་གིས་༼ གངས་ལྗོངས་རང་དབང་མང་གཙོའི་སྒྲིག་འཛུགས་སམ་ལྷན་ཁང་༽ཞེས་བཏགས་ན་ག་འདྲ་འདུག་ཅེས་དཔེ་མཚོན་དང་བཅས་བཀའ་གསལ་ཕེབས་ཡོད་པ་མིན་ནམ། དེ་ཡང་རྒྱལ་ཡོངས་ཚོགས་ཆེན་ཚོགས་བཅར་བ་ཡོངས་ཀྱི་མདུན་དུ་གནང་བ་མིན་ནམ། བཀའ་སློབ་ཡིན་པ་འདྲ་འདྲ་ཡིན་ནའང། དེ་ལ་དྲང་ངེས་ཀྱི་གོ་བ་ལེན་དགོས་རྒྱུ་འདྲ་ཡོད་ན་ལས། བཀའ་གཅིག་བརྩིས་ནས་བཀའ་གཅིག་ཟུར་དུ་བཞག་ན་སྣང་བ་འགྲོ་བོ་རང་མ་རེད་བསམས་སོང།

    Reply
  2. ལུང་རྟོགས། says:
    ལོ་ 14 སྔོན།

    འདི་ནི་དོན་བཟང་ཞིག་རེད། གོང་ས་མཆོག་ནས་ཀྱང་སྲིད་སྐྱོང་ཞེས་གསུང་པ་ལས་བཀའ་ཁྲི་ཞེས་གསུང་གི་མི་འདུག དོན་ལ་ཡང་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་གིས་གདམས་པའི་དབུ་ཁྲིད་ལ་གནང་ཟིན་པས་བཀའ་ཁྲི་ཞེས་འབོད་ན་འོས་འཚམས་མ་མཐོང་། བཀའ་ཁྲི་ཞེས་པ་ནི་རྒྱལ་པོ་ལྟ་བུ་ཞིག་གི་བཀའ་སྒྱུར་མཁན་གྱི་བློན་པོའི་མིང་ཡིན་པ་ལས་སྲིད་ཀྱི་དབང་ཆ་མཐོ་ཤོས་འཛིན་མཁན་གྱི་མིང་མ་རེད། ད་དངོས་གནས་མིང་དོན་མཚུང་པ་ཞིག་བྱུང་བ་རེད།

    Reply
  3. ཐོ་རངས། says:
    ལོ་ 14 སྔོན།

    སྐབས་འཚོལ་བ་ཚོས་སོ་སོའི་སྒང་ལ་ཐུགས་དུས་མིང་དེ་གལ་ཆེན་པོ་འཛིན་ཡོད། ཁ་ནས་ག་དུས་ཡིན་ནའང་མིང་གལ་ཆེན་པོ་མིན་པའི་འགྲེལ་བཤད་རྒྱབ་ཏེ་མི་མང་མགོ་སྐོར་གཏོང་གི་ཡོད། སྐབས་ཚོལ་ཁྱེད་ཚོས་༸གོང་ས་མཆོག་གི་བཀའ་རེད་ཅེས་༼བཀའ་ཁྲི་ལ་༽སྲིད་སྐྱོང་ཅེས་བཅོས་སྒྱུར་བཏང་སོང་། ༸གོང་ས་ཚོགས་མི་ཡོངས་ལ་བོད་གཞུང་གི་མི་བརྗེ་འགྱུར་སྐབས་སུ་ཞལ་དྲོན་མོ་ནས་༼གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་སམ་ལྷན་ཚོགས་།༽ཞེས་བཏགས་ན་ཡག་པོ་འདུག་གསུངས་འདུག་ཀྱང་སྐབས་འཚོལ་ཁྱེད་དེའི་སྐོར་གཅིག་ཀྱང་མི་གླེང་བ་ནི་༸གོང་ས་མཆོག་གི་བཀའ་སྒྲུབ་ཀྱི་མེད་པ་མངོན་གསལ་རེད་མི་འདུག་གམ། སོ་སོའི་སྒང་ལ་ཐུག་དུས་མིང་གལ་ཆེན་པོ་འཛིན་ཏེ་བརྗེ་བོ་བརྒྱབས། ༸གོང་ས་མཆོག་གི་བཀའ་དྲོན་མོ་དེར་གནང་མེད་གཏང་། སྐབས་འཚོལ་བ་ནི་་་་་་་་་་་་་་་་་་།

    Reply
  4. སྐྱ་ཀ says:
    ལོ་ 14 སྔོན།

    མིང་འདི་བརྗེ་བོ་རྒྱག་པ་དེ་དོན་འགྱུར་མེད་ཟེར
    གང་ལྟར་མིང་དེ་བརྗེ་དགོས་པའི་རྒྱུ་མཚན་ཟུར་བཀོད་ཙམ་ཡང་མེད་པར་གང་ཞིག་ཡིན་ནམ
    གང་ལྟར་གནད་དོན་ཐག་ཆོད་དེའང་ཉིན་ཞིག་གི་ནང་དེའང་དུས་ཚོད་ཐུང་ཐུང་ནང་དུ་འདི་ལྟར་ཐག་བཅོད་ཐུབ་པ་དེ་བྱོས་ཉེས་ཅི་ཞིག་ཡིན་ནམ
    བརྟན་པོ་ངང་གནས་ན་མི་བཟང་ངམ་

    Reply
  5. ཀླུ་ཚང་། ཨ་འཕྲིན། says:
    ལོ་ 14 སྔོན།

    ༸གོང་ས་མཆོག་གིས་བོད་སྐད་ཡིག་ནང་བོད་གཞུང་ཟེར་བ་ངེས་པར་དུ་བསྒྱུར་དགོས་པའི་བཀའ་གནང་མེད་ཀྱང་། ད་ལྟ་བོད་གཞུང་དང་། བཀའ་བློ་ཁྲི་བ། གཉིས་གནས་དབྱུང་བཏང་འདུག
    ངའི་བསམ་ཚུལ་ལ། ༸གོང་ས་མཆོག་གིས་བོད་སྐད་ཡིག་ཐོག་”བོད་གཞུང”མ་བརྗེས་ཀྱང་ཆོག་པའི་འགྲེལ་བཤད་བསྐྱོན་པ་དེ་དང་། དབྱིན་སྐད་ཐོག་ངེས་པར་བསྒྱུར་དགོས་པ་འདི་གཉིས་ཀྱི་བར་ན་དབུ་མར་གནས་པའི་ཆབ་སྲིད་ཀྱི་འགྲོ་སྟངས་ཤིག་ཡོད་རྒྱུ་རེད་དྲན། དཔེར་ན་༸གོང་ས་མཆོག་གིས་”ང་དང་ངའི་བཀའ་བློན་ཚོ་གང་དུ་ཡོད་ས་དེ་བོད་རྒྱ་ཆེ་མི་མང་གིས་བོད་གཞུང་ལ་ངོས་འཛིན་ཞུ་གི་རེད” ཅེས་གསུང་སྟངས་དེས་ཀྱང་འགྲེལ་བཤད་ཅིག་བསྐྱོན་འདུག བཀའ་གསུངས་ཅི་སྒྲུབ་ཞུ་དགོས་ཀྱང་། ཞུ་སྟངས་མ་ཤེས་པ་འདྲ་ཞིག་མཐོང་གི་འདུག
    གཉིས་ནས། ནང་དོན་གཙོ་བོ་དེ་རྒྱ་གར་གཞུང་དང་། རྒྱལ་སྤྱི་ལ་ཁ་ཕྱོགས་ནས་དབྱིན་ཡིག་ནང་བེད་སྤྱོད་བྱ་སྟངས་དེས། ཁོ་ཚོའི་ཁྲིམས་ཀྱི་འགྲོ་སྟངས་དང་འགལ་ན་དཀའ་ངལ་ཞིག་འཕྲད་ངེས་པ་དེ་ཁོ་ན་རེད། བོད་སྐད་ཡིག་ཐོག་མིང་བརྡ་དེ་སྔར་ལྟར་གནས་ཀྱང་ཁྱད་པར་ཡོད་པ་མ་རེད། ད་ཐེངས་གྲོས་ཚོགས་ཀྱི་ཐག་གཅོད་དེའི་ཁ་ཕྱོགས་ལུགས་ནི། ཕྱི་ནང་གཉིས་ལས་ནང་ལ་དམིགས་པའི་ཐག་གཅོད་ཅིག་རེད་འདོད།
    སྤྱིར་བོད་གཞུང་བོད་མིའི་སྒྲིག་འཛུགས་སུ་བསྒྱུར་ཏེ། བཀའ་བློ་ཁྲི་པར་སྲིད་སྐྱོང་ཞུས་ཀྱང་དོན་གྱི་ཐད་ཁྱད་པར་ཆེན་པོ་ཕྱིན་ཡོད་པ་མ་རེད་འདོད། གཅིག་ནས་ཕྱི་ཚུལ་གྱི་ལོ་རྒྱུས་དང་། གཉིས་ནས་སྐབས་འཕྲད་ཆབ་སྲིད་ཀྱི་ལག་པ་འཆང་ས་ཞིག་དང་། གསུམ་ནས་ང་ཚོའི་སེམས་ཀྱི་ཞེན་སྣང་ཙམ་དང་། འཛིན་སྟངས་ཙམ་རེད་མ་གཏོགས། ནང་དོན་རྒྱལ་སྤྱིའི་ལོ་རྒྱུས་དང་། ངོས་འཛིན་ཐད་ནས་ང་ཚོའི་ལྟ་སྟངས་ལ་འགྱུར་བ་གང་ཡང་བྱུང་ཡོད་པ་མ་རེད། ང་ཚོའི་གནས་བབ་བཙན་བྱོལ་པ་འབུམ་གཉིས་ལྷག་གིས་གྲུབ་པའི་སྤྱིའི་སྒྲིག་འཛུགས་ཤིག་ཏུ་ད་དུང་ཀྱང་གནས་མུས་རེད་ལ། མ་འོངས་པར་གནས་དགོས་པ་ཡང་དོན་དངོས་རེད། གྲོས་ཚོགས་ཀྱི་ཐག་གཅོད་ལ་བློ་ཕམ་ཡོད་ཀྱང་། མི་མང་གིས་ཀྱང་ཐག་ཆོད་གང་བྱུང་བ་དེའི་ཁ་ཕྱོགས་འཛིན་དགོས་པ། ཡང་དག་པའི་དམངས་གཙོའི་འགྲོ་སྟངས་དང་། ད་ལྟའི་ང་ཚོའི་བོད་པའི་ལས་དབང་གིས་ཕྱིར་དུ་རེད། ཨ་འཐས་མཁྲེགས་འཛིན་ཅན་དག་གིས་ལྟ་བ་ཙམ་གྱི་ཆེད་དུ་ལྟ་བ་འཛིན་པར་ཡང་དགོས་པ་མ་མཐོང་།
    དགའ་ལྡན་ཕོ་བྲང་བོད་གཞུང་ལས་ལོག་སུ་ཐོན་པའི་འགྱུར་བ་དེའི་དབང་གིས་ལོ་རྒྱུས་ཐོག་བོད་ཡིག་ནང་བསྒྱུར་དགོས་རྒྱུ་ངོ་མ་དེ་ནི། བོད་རྒྱལ་ཁབ་ཆེན་མོའི་རྒྱལ་གླུར། ”གནམ་བསྐོས་དགའ་བ་བརྒྱ་ལྡན་དབུ་འཕང་དགུང་ལ་རེག” ཟེར་བ་དེ་རེད་འདོད། ཚང་མས་གསུང་དང་། རེད་དམ།

    Reply
  6. བསྟན་འཛིན་འཕགས་པ། says:
    ལོ་ 14 སྔོན།

    དེ་རིང་དངོས་ནས་གྲོས་ཚོགས་ལ་སྙིང་ཐག་པ་ནས་དགའ་བསུ་ཞུ་༸གོང་ས་མཆོག་གི་བཀའ་དགོངས་དང་མཐུན་པའི་གྲོས་ཆོད་བཞག་ཐུབ་པ་འཚམས་འདྲི་ཡོད།
    སྲིད་སྐྱོང་བློ་བཟང་སེང་གེ་རྒྱལ་ལོ

    Reply
  7. བསོད་ནམས་རྒྱ་མཚོ། says:
    ལོ་ 14 སྔོན།

    སྐབས་འཚོལ་ཚོས། བཀའ་བློན་མིང་དེ། སྲིད་སྐྱོང་ལ་སྒྱུར་བ་དེ། ལེགས་ཉེས་ཅིན་ཡིན་ཆ་མ་མཆིས་སོ། ཁོང་ཚོའི་བླ་ཁ་མ་རྫོགས་ན། ༧གོང་ས་མཆོག་གི་བཀའ་དང་འགལ་ན་སྡིག་པ་མིག་བཙུམ་བྱེད་ཀྱང་རེད། ལོ་སྔོན་མ་ནས་རྗེ་མི་དགོས་པའི་རྒྱུ་མཚན་ཅི་ཞིག་ཡོད་ན། སྐབས་འཚོལ་ཕྱོགས་ཞེན་ཅན་འདི་ཚོས་ག་རེ་བྱེད་ཀྱིན་ཡོད་ན། རྦད་དེ་འཐོམ་སོང་ངོ་།

    Reply
  8. བདེན་གཏམ། says:
    ལོ་ 14 སྔོན།

    གང་ཞིག་སྒྲིག་པའམ་གང་ཞིག་འཛུགས་པའི་ཆོས་འདི་འགྱུར་བ་མེད་པ་རྟག་པ་ལྟའུ་གནས་པ་ནི་ག་ལ་སྲིད། གལ་ཏེ་དེ་ལྟར་འདོད་ན་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཟོས་པ་པོ་རྣམས་ཀྱང་རྟག་པ་བ་ཡིན་དགོས། དེ་མི་འདོད་ན། འགྱུར་བ་ཞེས་པ་དེ་ཁེ་ལེན་བྱེད་དགོས། དེ་ཁེ་ལེན་ཡོད་ན། གོང་ཚིགས་ལ་སྨོངས་པའི་སྨོངས་པ་ལས་གྲོལ་དགོས།

    Reply
  9. ཤག་སྒང་པ། says:
    ལོ་ 14 སྔོན།

    དགའ་ལྡན་ཕོ་བྲང་གི་མཚན་ཐམ། བཀའ་ཐམ་སྲིད་ཞུ་བདེ་སྐྱིད་མ། ཡི་མིང་ཡང་བསྒྱུར་དགོས་པ་མ་ཡིན་ནམ།

    Reply
  10. གནས་ཚང་། says:
    ལོ་ 14 སྔོན།

    ད་གཞི་ནས་སྐད་ཆ་འདིའི༼རྒྱལ་ཁབ་རང་གི་དབུ་ཁྲིད་ཆགས་ཀྱིན་མེད་པར། ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་རང་གི་མཚན་གནས་ཐོག་ནས་གནང་བསྡད་ཡོད་པ་གསལ་བཤད་གནང་སོང་། ༽ ཧ་གོ་སོང་། དེ་བས། དྲི་བ་གཉིས་ཞུ་ཆོག་པ་ཞུ།
    ༡ སྲིད་སྐྱོང་ནི་ཆེས་མཐོ་བའི་ཆབ་སྲིད་ཀྱི་དབུ་ཁྲིད་དེ་ཡིན་ནམ་མིན།
    ༢ གལ་སྲིད་མིན་ན། སྲིད་འགན་རྩིས་སྤྲོད་ཀྱི་གོ་དོན་རྡོག་རྡོག་དེ་ཅི་ཞིག་ཡིན་ནམ།

    འདི་དག་མི་མང་དཀྱུས་མ་ཚོས་ཤེས་འདོད་ཅིང་། ཤིན་ཏུ་ནས་གལ་ཆེ་བའི་གནད་དོན་ཞིག་ཡིན།

    Reply
  11. མིག་གསུམ་པ། says:
    ལོ་ 14 སྔོན།

    བཀའ་ཁྲིའི་ཚབ་ལ་སྲིད་སྐྱོང་བཞག་པར་སེམས་གཏིང་ནས་དགའ་ཡོད་་་་་་་་་་་འདི་ད་མྱི་སྐད་ཅིག་རེད།

    Reply
  12. thapkegyatso says:
    ལོ་ 14 སྔོན།

    བཀའ་བློན་ཁྲི་བའི་མཚན་བྱང”སྲིད་སྐྱོང”དུ་བསྒྱུར་བར་གོང་བཀུར་སྙིང་ནས་ཞུའོ།།

    Reply
  13. སྐྲན། says:
    ལོ་ 14 སྔོན།

    ང་ཚོའི་བོད་ལ་གཏམ་དཔེ་ཞིག་ཡོད་པ་དེ་ལས་མ་འདས་སོ།། བོ་ཏི་བབ་ལ་གྲིལ་ན་ཇེ་ཆུང་ཟེར་བ་དེའོ།།
    ད་ལྟ་བོད་ཕྱི་ནང་གཉིས་ན་རེ་བ་བྱ་ས་ཞིག་མེད་པ་དེ་བདེན་ཐོག་ངོ་ཐོག་རེད།༼༸གོང་ས་མཆོག་མི་སྒེར་པ་ཕུད། ༽ ད་ཡང་བསྐྱར་ཡུལ་གྱར་བའི་སྐྱེ་བ་གཞན་ཞིག་ལེན་དགོས་པར་ཁེལ་བ་རེད། ཤུ་་་་་་ཡོད་ཚད་རྫུན་མ་རེད། ཐམས་ཅད་མགོ་སྐོར་རེད།

    Reply
  14. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དོས་འདུན། འདི་དགོས་འདུན་ལ་བཅོས་ནས་ཀློག་རོགས།

    Reply
  15. སྨར་དྷཱིཿཟེར། says:
    ལོ་ 14 སྔོན།

    ད་ནི་ང་ཚོ་ལྟ་ལྟ་་རེག་རེག་ལ་མར་བབ་རྒྱུ་མེད་ན་མ་གཏོགས་བབ་ཚར་སོང། དང་པོ་བོད་རང་བཙན་ནས་དབུ་མའི་ལམ་ལས་བབ། དབུ་མའི་ལམ་ནས་རང་སྲིད་རང་སྐྱོངས་ལ་བབ། རང་སྲིད་རང་སྐྱོངས་ནས་༸གོང་ས་མཆོག་བོད་དུ་གདན་ཞུ་བྱ་རྒྱུ་ལ་བབ་མཐའ་རྒྱ་རྒན་འོག་ཏུ་འཛུལ་བཅུག་རོགས་ཟེར་ནས་སྙན་ཞུ་རྒྱག་སར་མི་བབ་པའི་ངེས་པ་མི་འདུག ད་དུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ནས་བཙན་བྱོལ་བོད་གཞུང་ལ་བབ། བཙན་བྱོལ་བོད་གཞུང་དེ་བོད་མི་སྒྲིགས་འཛུགས་ལ་བབ་བོད་མི་སྒྲིགས་འཛུགས་དེ་རྒྱ་གར་གཞུང་ལ་བདེ་སྐྱིལ་ཟིན་པའི་ཚོགས་པ་ཞེས་ལ་བབ། བཀའ་བློན་ཁྲི་པ་ནས་སྲིད་སྐྱོང་ལ་བབ་སྲིད་སྐྱོང་ནས་བོད་མི་སྒྲིགས་འཛུགས་ཀྱི་ཚོགས་གཙོར་བབ། ད་གྲོས་ཚོགས་ཚོགས་དུས་རྗེས་མ་ག་རེ་ལ་བབ་ཀྱི་ཡོད་དམ།

    Reply
  16. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ལོ་རྒྱུས།
    སྔོན་དུས། བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ།
    བར་དུ། བོད་མིའི་སྒྲིག་འཛུགས།
    དོས་འདུན།
    མཐའ་མར། གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས།
    སྔོན་དུས། སྲིད་སྐྱོང་རྟག་བྲག
    བར་དུ། སྲིད་སྐྱོང་ཟམ་གདོང་།
    མཐའ་མའང་། སྲིད་སྐྱོང་བློ་སེང་།
    དེས་ན།
    དགའ་ལྡན་བོད་མི་གངས་ལྗོངས། །
    གཞུང་མིང་སོ་སོར་བཏགས་ཀྱང་། །
    སྲིད་སྐྱོང་མི་རབས་བརྗེས་ཀྱང་། །
    སྲིད་སྐྱོང་གོ་གནས་བརྗེས་མེད།

    ༸གོང་ས་མཆོག་གིས།
    གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས།
    གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས།
    གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས།

    Reply
  17. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    དོན་འགྲུབ་བཀྲ་ཤིས་ལགས་ཀྱིས།
    ་་་་་༧གོང་ས་མཆོག་གི་དགོངས་བཞེད་ལ་གྲོས་ཚོགས་ཀྱིས་དང་ལེན་མ་བྱས་པའི་གནས་ཚུལ་གཉིས་ཡོད། ༼ སྲིད་སྐྱོང་བ། ༽འདི་རིང་གཞི་ནས་བཙོན་གྲོལ་ཐོབ་སོང་། ད་དུང་ཁྲིམས་བཟོ་ལྷན་ཚོགས་ཀྱི་བཟང་བཙོན་འོག ༼གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས།༽ཞེས་པ་འདི་ལྷག་ཡོད། ཟེར་བ་ནི་ཤིན་ཏུ་བདེན་པས།
    བྱུང་ན། གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཅེས་པ་ཞིག་དགོས་འདུག་གོ །

    Reply
  18. དོན་འགྲུབ་བཀྲ་ཤིས། says:
    ལོ་ 14 སྔོན།

    ན་ནིང་ད་ལོའི་བོད་མིའི་ཆབ་སྲིད་ཀྱི་གཡོ་འཁྱོམ་ཆེན་པོ་འདིའི་ཁྲོད། བལྟས་བལྟས་རིག་རིག་ལ་༧གོང་ས་མཆོག་གི་དགོངས་བཞེད་ལ་གྲོས་ཚོགས་ཀྱིས་དང་ལེན་མ་བྱས་པའི་གནས་ཚུལ་གཉིས་ཡོད། ༼ སྲིད་སྐྱོང་བ། ༽ཞེས་པ་འདི་དེ་རིང་གཞི་ནས་བཙོན་གྲོལ་ཐོབ་སོང་། ད་དུང་ཁྲིམས་བཟོ་ལྷན་ཚོགས་ཀྱི་བཟང་བཙོན་འོག དབུས་བོད་མིའི་སྒྲིག་འཛུགས་ཀྱི་མཚན་བྱང་༼གངས་ལྗོངས་རང་དབང་དམངས་གཙོའི་སྒྲིག་འཛུགས།༽ཞེས་པ་འདི་ལྷག་ཡོད།

    Reply
  19. སྐར་མདའ། says:
    ལོ་ 14 སྔོན།

    སྒྲིག་འཛུགས་ཤིག་གི་མགོ་ཁྲིད་ལ་སྲིད་སྐྱོང་གི་མིང་འདི་ཆེ་དྲགས་པས་ཁར་འོས་བབ་ཡོད་པ་ཞིག་ཏུ་མ་མཐོང་ལ། ལོ་རྒྱུས་རང་བཞིན་ཅན་གྱི་སྲིད་ཐམ་ཙམ་བདག་བཟུང་བྱས་པས་ཀྱང་སྲིད་སྐྱོང་ཡིན་པའི་ངེས་པ་གཏན་ནས་མེད། གང་ལྟར་སྣང་བར་གང་དྲན་གྱི་ཐ་སྙད་ཕཪ་བརྗེ་ཚུར་བརྗེ་མང་བ་དེས་མགོ་བོ་ཡོངས་སུ་འཐོམ་བཅུག་སོང་།

    Reply
  20. ཚ་བ་སྒྲོན་མེ། says:
    ལོ་ 14 སྔོན།

    གྲོས་ཚོགས་རྒྱབ་ཚོགས་སྟོངས་ཚོགས
    གྲོས་ཁ་མཐུན་རྒྱུ་མི་འདུག
    གྲོས་ཆོད་རྒྱབ་བཞག་སྟོངས་བཞག
    ལག་ལྟར་བྱེད་མི་འདུག
    མིང་བྱང་ཕར་བསྒྱུར་ཚུལ་བསྒྱུར
    མིང་ཆད་རག་རོགས་ཡིན་འགྲོ
    མི་མང་གང་བཤད་མེད་ན
    སྤྱི་མཐུན་འདོད་བྱེད་རོགས

    Reply
  21. རས་པ། says:
    ལོ་ 14 སྔོན།

    སྲིད་སྐྱོང་ཞེས་པའི་ཐ་སྙད་ཀྱི་ལྗིད་ཁོག་འདིས་ང་ཚོར་ལོ་རྒྱུས་ཀྱི་རྒྱུན་རིང་པའི་མི་རིགས་ཤིག་གི་འཛིན་སྐྱོང་ངམ་སྲིད་གཞུང་གི་སྒྲོམ་གཞི་དྲན་སྐུལ་བྱེད་ཀྱི་རེད། དགའ་བསུ་ཞུ།

    Reply
  22. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    “བཀའ་བློན་ཁྲི་པ” ཚབ་ཏུ་ “སྲིད་སྐྱོང” ཞེས་བསྐྱར་བཅོས་གནང་བར་རྒྱབ་སྐྱོར་དང་གུས་བཀུར། ཆེ་བསྟོད་ཞུའོ། །

    Reply
  23. གནས་ཚང་། says:
    ལོ་ 14 སྔོན།

    ༼རྒྱལ་ཁབ་རང་གི་དབུ་ཁྲིད་ཆགས་ཀྱིན་མེད་པར། ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འགན་འཛིན་རང་གི་མཚན་གནས་ཐོག་ནས་གནང་བསྡད་ཡོད་པ་གསལ་བཤད་གནང་སོང་། ༽ འདི་ག་རེ་ལབ་ཀྱི་ཡོད་པ་རེད་དམ། སྐྱིད་སྡུག་རང་གི་ངོ་བོར་མར་བབས་ཟིན་པ་རེད་དམ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese