མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམིཊ་བསལ་ཚོགས་ཆེན་དང་སྤྱི་འཐུས་གྲོས་ཚོགས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

ཐུབ་བསྟན་དབྱིག་གཉེན། 

ད་ལམ་སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་དེ་བོད་ནང་བོད་མི་ ༥༡ གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་བྱས་པ་དང་། བོད་ནང་རྒྱ་ནག་གིས་སྲིད་བྱུས་དམ་དྲག་ཆེ་རུ་བཏང་ནས་བོད་ནང་གི་གནས་སྟངས་ཛ་དྲག་ཆེ་བའི་དུས་ཚོད་འདིར་བསྐོང་ཚོགས་གནང་བ་ཞིག་ཡིན་པ་མ་ཟད། ཉིན་ཤས་རྗེས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གཞིགས་ཏེ་རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས་ལ་བསམ་བསྡུར་བྱ་རྒྱུར་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འཚོགས་རྒྱུ་ཡིན་པ་རེད། དམིགས་བསལ་ཚོགས་ཆེན་གྱི་གྲོས་གཞི་དང་དུས་ཚོད་ཀྱི་གལ་ཆེའི་རང་བཞིན། གལ་གནད་བཅས་ལ་གཞིགས་ན་ཚོགས་ཆེན་དེའི་ཆེད་བོད་མི་མང་སྤྱི་འཐུས་གྲོས་ཚོགས་ནས་ལམ་སྟོན་དང་གྲོས་སྒོ་གངཙམ་ཡོང་རྒྱུར་ཚོད་དཔག་དང་རེ་བ་བྱས་ཀྱང་། མངོན་གསལ་དོད་པའི་ལམ་སྟོན་དང་ཚོགས་འདུའི་དགོས་དབང་དང་། གལ་ཆེའི་རང་བཞིན་བཅས་ཀྱི་སྐོར་ལ་གྲོས་ཚོགས་ནང་དེ་ཙམ་བགྲོ་གླེང་གནང་མེད་པའི་ ཁར། བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་ངོ་བོར་དམིགས་བསལ་ཚོགས་ཚོགས་ཆེན་གྱི་རྒྱབ་གཉེར་དོན་ཚན་རྣམས་ལག་ལེན་དོན་འཁྱོལ་ཐུབ་ཐབས་ལ་བཀའ་ཤག་དང་སྤྱི་འཐུས་རྒྱུན་ལས་ཀྱིས་མཇུག་བསྣོན་གནང་དགོས་པའི་གྲོས་འཆར་ཞིག་གྲོས་ཚོགས་ལ་ངོ་སྤྲོད་གནང་ཡོད་ནའང་། གྲོས་ཆོད་གྲོས་འཆར་དེར་གྲོས་ཚོགས་ནང་བགྲོ་གླེང་གང་ཙམ་གནང་རྗེས་གྲོས་ཆོད་འཇོག་རྒྱུར་སྤྱི་འཐུས་ཀྱི་མང་མོས་རྒྱབ་སྐྱོར་མ་ཐོབ་པར་བརྟེན་གྲོས་འཆར་དེ་ཟག་པ་རེད།

སྤྱི་འཐུས་རྣམས་པས་གནད་དོན་དེར་བགྲོ་གླེང་གནང་སྐབས་སོ་སོའི་དགོངས་འཆར་སྣ་ཚོགས་གསུངས་གནང་ཞིང་། སྤྱི་འཐུས་མང་པོས་དེའི་གོང་དམིགས་བསལ་ཚོགས་ཆེན་དང་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་སོགས་ཀྱིས་རྒྱབ་གཉེར་དོན་ཚན་རྣམས་ལག་ལེན་འགེལ་ཐུབ་པ་བྱུང་ཡོད་ལུགས་གསུངས་པ་ཙམ་ལས། ལག་ལེན་བསྟར་མ་གནང་བར་དེ་མུར་བཞག་པ་མེད་སྐོར་གསུངས་མཁན་མང་པོ་འདུག ཡ་ཚན་ཤོས་གཅིག་ལ་སྤྱི་འཐུས་གྲོས་ཚོགས་ཀྱི་ཚོགས་ཐེངས་འདིའི་ལས་ཉིན་དང་པོར་བོད་ནང་ཛ་དྲག་གནས་སྟངས་དང་རང་ལུས་བསྲེགས་གཏོང་མཁན་རྣམས་ལ་གདུང་སེམས་མཉམ་སྐྱེད་ཀྱི་གཞུང་འབྲེལ་གྲོས་ཆོད་གྲོས་འཆར་ལ་བགྲོ་གླེང་གནང་སྐབས་དམིགས་བསལ་ཚོགས་ཆེན་དང་པོའི་རྒྱབ་གཉེར་ཡིག་ཆར་བདག་པོ་བརྒྱབ་མ་སོང་ཞེས་དགོངས་འཆར་གསུང་མཁན་སྤྱི་འཐུས་དེས་ད་ལམ་གྱི་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དེར་འགག་པ་གནང་བ་མ་ཟད། འོས་ཤོག་བསྡུ་སྐབས་རྒྱབ་སྐྱོར་མེད་པའི་ཕྱག་བརྐྱངས་སོང་། དེ་ནི་སྤྱི་འཐུས་རྣམས་པས་གྲོས་ཚོགས་ནང་གནད་དོན་གང་ཞིག་ལ་བཀའ་བསྡུར་བགྲོ་གླེང་གནང་སྐབས་དང་། གྲོས་ཆོད་འཇོག་སྐབས་དོན་ལ་མ་གཟིགས་པར་གྲོས་འཆར་འདོན་མཁན་སྤྱི་འཐུས་བྱེ་བྲག་པར་དགོངས་པ་བཞེས་ནས་ཐག་གཅོད་གནང་གི་མེད་དམ་སྙམ་པའི་ཚོར་སྣང་བྱུང་།

གྲོས་ཚོགས་ཀྱི་ལས་ཉིན་དང་པོར་བགྲོ་གླེང་གནང་བའི་གནད་དོན་དང་སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ལ་འབྲེལ་བ་གཏིང་ཟབ་ཡོད་པ་དང་། ལྷག་པར་གྲོས་ཆོད་གྲོས་འཆར་དེར་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱབ་སྐྱོར་གནང་ཐུབ་ཡོད་ན་རིང་མིན་འཚོགས་རྒྱུའི་དམིགས་བསལ་ཚོགས་ཆེན་གྱི་རང་བཞིན་དང་གནད་འགག་བཅས་ཤུགས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་བྱེད་ཐུབ་ཡོད་ནའང་། སྤྱི་འཐུས་རྣམས་པས་གྲོས་ཆོད་གྲོས་འཆར་དེར་མང་མོས་རྒྱབ་སྐྱོར་ཐོབ་མེད། དེ་ལྟར་ཐག་གཅོད་གནང་བ་དེས་བོད་མི་མང་སྤྱི་འཐུས་རྣམས་ཀྱིས་དམིགས་བསལ་ཚོགས་ཆེན་དེ་གལ་གནད་ཆེ་ཆུང་གང་འདྲ་ཞིག་ལ་ངོས་འཛིན་གནང་ཕྱོགས་ལ་ཐེ་ཚོམ་བྱུང་། སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་དེར་བགྲོ་གླེང་གནང་སྐབས་སྤྱི་འཐུས་ རྣམས་ཀྱིས་དམིགས་བསལ་ཚོགས་གྱི་གནད་འགག་དང་གལ་ཆེའི་རང་བཞིན་བཅས་ཀྱི་སྐོར་ལ་དགོངས་འཆར་དེ་ཙམ་གནང་མེད་ཅིང་། བཀའ་ཤག་ནས་ཀྱང་དམིགས་བསལ་ཚོགས་ཆེན་གཉིས་པའི་གནད་འགག་སྐོར་འགྲེལ་བཤད་ཚིག་གཅིག་གསུངས་མེད།

སྤྱི་ཚོགས་ནང་དམིགས་བསལ་ཚོགས་ལ་དོ་སྣང་དང་རྒྱབ་སྐྱོར་གྱི་གནས་སྟངས་གང་འདྲ་མེད་ཐད་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་ཐུགས་ཞིབ་གནང་གི་ཡོད་རེ་དང་། རྒྱ་བལ་འབྲུག་གསུམ་གྱི་ས་གནས་འཐུས་ཚོགས་དང་རང་དབང་བདེན་པའི་ལས་འགུལ་གྱི་མི་འཐུས། ས་གནས་མགོ་འཛིན་རྣམས་གཞུང་འབྲེལ་བཀའ་རྒྱའི་དགོངས་དོན་བཞིན་དམིགས་བསལ་ཚོགས་ཆེན་ལ་ཚོགས་བཅར་མ་གནང་ཀ་མེད་ཡིན་པ་དང་། དམིགས་བསལ་ཚོགས་ཆེན་ལ་མང་ཚོགས་ཀྱི་རྒྱབ་སྐྱོར་དང་དོ་སྣང་ཡོད་མེད་གཙོ་བོ་གཅིག་ནི་ཕྱོགས་མཐར་བཞུགས་པའི་བཀའ་ཟུར་རྣམ་པ་དང་སྤྱི་ཟུར་ཁོངས་ནས་ཚོགས་ཞུགས་གནང་མཁན་ཇི་ཙམ་ཡོད་དང་། བོད་དོན་ལ་དོ་སྣང་ཅན་གྱི་མི་སྣའི་ཁོངས་ནས་ཚོགས་བཅར་གནང་ཇི་ཙམ་ཡོད་པ་བཅས་ནས་ གསལ་རྟོགས་ཐུབ་སྙམ། ད་བར་གྱི་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན་ཚན་པ་དེ་དག་ནས་ཚོགས་བཅར་བ་གྲངས་ཚད་ཉུང་ཙམ་ཡོད་སྐད་དང་། མང་ཚོགས་ནང་དམིགས་བསལ་ཚོགས་ཆེན་ཆེད་བསམ་འཆར་བསྡུ་ལེན་གྱི་ཚོགས་འདུར་མཉམ་ཞུགས་བྱེད་མཁན་གྱི་གྲངས་འབོར་ཐད་དམིགས་བསལ་ཚོགས་ཆེན་དང་པོ་དང་བསྡུར་ན་ཁྱད་པར་ཆེན་པོ་ཡོད་པ་དེ་ལའང་ཐུགས་སྣང་གནང་དགོས།

 

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་གིས་དྲག་གནོན་དང་། དེའི་རིགས་ལ་སྒྱུ་རྩལ་དང་གསར་འགོད་ལས་རིགས་བརྒྱུད་གདོང་ལེན་ཇི་འདྲ་བྱེད་ཀྱི་ཡོད་པའི་སྐོར་ལ་མཁས་པའི་གཏམ་བཤད་ལས་རིམ་འཚོག་བཞིན་པ། ༢༠༢༦།༣།༡༡ དུས་བབ་གསར་ཁང་གི་པར།
Mobile App

རྒྱ་ནག་གི་དྲག་གནོན་སྐོར་ལ་མཁས་པའི་གཏམ་བཤད་ཀྱི་ལས་རིམ་འཚོགས།

ཆུ་ཚོད་ ༣ སྔོན་ལ།
The third plenary meeting of the fourth session of the 14th National Committee of the Chinese People's Political Consultative Conference (CPPCC) is held at the Great Hall of the People in Beijing, capital of China, March 8, 2026. (Xinhua/Cao Yiming)
Mobile App

ཕྱི་ཟླ་ ༩ པའི་བདུན་ཕྲག་བཞི་པ་དེ་མི་རིགས་མཐུན་སྒྲིལ་ཡར་སྐུལ་གྱི་བདུན་ཕྲག་ཏུ་གཏན་འབེབ་བྱ་འཆར་འདུག

ཆུ་ཚོད་ ༤ སྔོན་ལ།
བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་དུ་རྒྱ་གཞུང་གིས་དམག་མི་མང་པོ་འགྲེམས་འཇོག་བྱས་ཏེ་སྔར་ལས་དམ་དྲག་བྱས། ༢༠༢༦།༠༣།༡༠ དྲ་ལམ་གྱི་པར།
Mobile App

གསུམ་བཅུ་དུས་དྲན་སྐབས་རྒྱ་གཞུང་གིས་སྔར་ལྷག་དམ་དྲག་བྱས།

ཆུ་ཚོད་ ༤ སྔོན་ལ།
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ལ་སྙིང་རྗེའི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་སོང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

གཅེས་ཕྲུག་གསུམ་ལ་ཨ་མའི་སྙིང་གཏམ།

ཆུ་ཚོད་ ༩ སྔོན་ལ།
པར་འགྲེལ། བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོག་བཞིན་པ། ༢༠༢༦།༣།༡༠ དུས་བབ་གསར་ཁང་གི་པར།
Mobile App

གསུམ་བཅུའི་དུས་དྲན་ཐེངས་ ༦༧ པའི་གཞུང་འབྲེལ་མཛད་སྒོ་འཚོགས།

༢༠༢༦/༠༣/༡༠

མཆན། 4

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 13 སྔོན།

    སུ་ཡིན་ན་ཡང་གལ་གནད་དམ་བཟུང་དང་ཟུར་འདོན་བྱས་ནས་བཤད་རྒྱུ་ཧ་ཅང་གལ་ཆེན་རེད། དེས་དངོས་དོན་གང་མང་ལ་ངོ་སྤྲོད་ཐུབ་པ་མ་ཟད། རང་ནོར་རང་ལ་ངོ་འཕྲོད་པར་ཡང་ཕན་པ་ཆེའོ།། དཔེར་ན། དམིགས་བསལ་ཚོགས་ཆེན་དང་བོའི་རྒྱབ་གཉེར་ཡིག་ཆར་བདག་པོ་བརྒྱབ་མ་སོང་ཟེར་མཁན་སྤྱི་འཐུས་དེས། སྤྱི་འཐུས་སྒེར་གྱིས་གྲོས་ཆོད་གྲོས་གཞི་ལ་དགག་པ་བརྒྱབ་པ་གཉིས་ཞིབ་བསྡུར་གྱིས་དཔྱད་གླེང་གནང་དགོས་པ་ལྟ་བུ་རེད།

    Reply
  2. sangkye says:
    ལོ་ 13 སྔོན།

    ཐུགས་རྗེ་ཆེ། མིང་ཡག་པོ་འདུས་དམིགས་གསལ་ཚོགས་ཆེན་ཟེར་བ་དེ་ཡག་པོ་འདུས། ཡིན་ན་ཡང་དམིགས་གསལ་ཚོགས་ཆེན་ཡིན་འགྲིག་གི་རེད། དོན་འབྲས་ཡོད་པ་གལ་ཆེན་རེད། ང་མཐོ་ང་ཆེ་བསམ་ན་བོད་མི་དམངས་ལ་ཕན་ཐོགས་ཀྱི་མ་རེད། དེ་མ་ཡིན་པར་གནས་ཚུལ་དངོས་ཡོད་གྱིས་ལས་ཀ་བྱེད་པ་ཐུགས་རྗེ། སྟེང་མཐོ་ས་དང་འོག་དམའ་ས་གཉིས་ཀྱིས་ཐུགས་མདུན་གཟབ་གཟབ་གནང་། དོན་འབྲས་ཡོངས་བར་སྨོན། རང་སྒེར་ངོས་ནས་བྲས་པ་ཡིན།

    Reply
  3. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    གྲོས་ཚོགས་ནང་ཕན་ཚུན་ནང་འཁྲུགས་མ་བརྒྱབ་ན་ཨོའོ་ཙི་མ་རེད་པས། དེ་འདྲའི་རིགས་ནི་འཆར་ཅན་འདྲ་ཞིག་རེད། སྐབས་སྔོན་མའི་མཇུག་སྐྱོང་བ་ནི་གཏན་འཁེལ་རེད། མིང་ལ་ནི་དམིགས་བསལ་ཚོགས་ཆེན་དམིགས་བསལ་ཚོགས་ཆེན། འཆར་ཅན་ཚོགས་ཆེན་ཟེར་ན་ཆོག།

    Reply
  4. སྐར་མདའ། says:
    ལོ་ 13 སྔོན།

    ད་བར་དུ་ཁ་ནས་ཅིག་བཤད་ཀྱིན་ལག་ནས་གཞན་ཞིག་བྱས་བསྡད་པ་རེད། གྲོས་ཆོད་ནི་མ་ཎི་གསོག་གསོག་ལྟར་བྱས་ཀྱང་ལག་ལེན་ནི་གསེར་གྱི་ཐིགས་པ་རང་རེད། དོན་དུ་༧གོང་ས་མཆོག་གི་བཀའ་མི་བརྩི་མཁན་ནི་ལས་ཀྱི་སྣེ་མོར་གཏོགས་པ་འདི་ཚོ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese