མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆོལ་གསུམ་གཞུང་མང་མཉམ་འབྲེལ་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ཡོང་ཐབས་སྐོར

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp

༄༅ །། སུད་སིར་བརྟེན་གཞི་བྱས་པའི་བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག བཞུགས་སྒར་ངྷ་རམ་ས་ལར་སྤྱི་འཐུས་སྐབས་བཅོ་ལྔ་པའི་ཚོགས་དུས་བཞི་པ་འཚོགས་བཞིན་ཡོད་པ་དང་། མི་འགྱངས་པར་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་དམངས་གཉིས་ཀྱིས་གདོང་ལེན་གནང་ཕྱོགས་ཐོག བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཚོགས་འཆར་ཡོད་པའི་གོ་སྐབས་བཅས་ལ་བསྟུན་ཏེ། ཁ་བྱང་ལ་༼ ཆོལ་གསུམ་གཞུང་མང་མཉམ་འབྲེལ་དང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་གཅིག་སྒྲིལ་ཡོང་ཐབས་སྐོར། ༽ཞེས་པའི་བརྗོད་གཞིའི་ཐོག བཞུགས་སྒར་ཁུལ་གྱི་གཞུང་འབྲེལ་མིན་པའི་ཆབ་སྲིད་ལས་འགུལ་ཚོགས་པ་ཁག་དང་ཆོལ་ཁ་གསུམ་གྱི་སྐུ་ཚབ་བོད་མི་མང་སྤྱི་འཐུས་རེ་བཅས་ཀྱི་བགྲོ་གླེང་ཞིག་གོ་སྒྲིག་ཞུ་རྒྱུ་ལེགས་ན། སྐུ་མགྲོན་གང་མང་མང་བགྲོ་གླེང་ལ་གསན་གཟིགས་དང་དྲི་བ་དྲིས་ལན་གྱི་ཆ་ཤས་བཞེས་པར་ཕེབས་གནང་ཡོང་རྒྱུར་ངེད་མཐུན་ཚོགས་ཀྱི་ངོས་ནས་དགའ་བསུ་ཞུ་བཞིན་ཡོད།

ཚོགས་ཡུལ། ངྷ་ས་ཉིན་མོའི་སློབ་གྲྭའི་རྒྱལ་ཡུམ་ཆེན་མོའི་ཚོགས་ཁང་།

ཚོགས་དུས། ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༢༣ ཉིན། ཕྱི་དྲོའི་ཆུ་ཚོད་ ༥།༣༠ ། གཟའ་ཉི་མ།

གཏམ་བཤད་པ།

ཐུབ་བསྟན་ལུང་རིགས། ་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་མདོ་སྨད་སྤྱི་འཐུས།
པདྨ་འབྱུང་གནས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དབུས་གཙང་སྤྱི་འཐུས།
འབའ་བ་སྐལ་བཟང་རྒྱལ་མཚན།
་་་་་་་་་་་་་་་་་་་་་་་་་་་་་་་་་མདོ་སྟོད་སྤྱི་འཐུས།
ཚེ་དབང་རིག་འཛིན།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བོད་ཀྱི་གཞོན་ནུའི་ཚོགས་གཙོ།
པདྨ་ཆོས་སྒྲོན།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བོད་ཀྱི་བུད་མེད་ལྷན་ཚོགས་ཀྱི་དྲུང་ཆེ།
ཀླུ་མཁར་བྱམས།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དགུ་བཅུ་གསུམ་ལས་འགུལ་ཚོཊ་པའི་ཚོཊ་གཞོན།
དགེ་ལེགས་འཇམ་དབྱངས།་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བོད་རྒྱལ་ཡོངས་མང་གཙོ་ཚོགས་པའི་ཚོགས་གཙོ།

རྡོ་རྗེ་ཚེ་བརྟན།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་ཚོགས་གཙོ།
བློ་བཟང་ཆོས་འབྱོར།
་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་དྲུང་ཆེ།

༼ བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས་ངོ་སྤྲོད ༽

            བོད་ཀྱི་མི་རབས་གསར་པའི་མཐུན་ཚོགས་ཞེས་པའི་ཚོགས་པ་འདི་ནི་བཙན་བྱོལ་སྤྱི་ཚོགས་ནང་བོད་དོན་ལ་ཤ་ཚ་སེམས་ཁུར་ཡོད་པའི་བོད་མི་སྐོར་ཞིག་ཉམས་རུབ་བྱས་ཏེ། གོང་ས་མཆོག་གི་ཐུགས་དགོངས་དང་དབུས་བོད་མིའི་བསྒྲིགས་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་གང་ཡིན་ལ་རྒྱབ་སྐྱོར་གཙང་མ་ཡོད་པའི་ཐོག  བཙན་བྱོལ་སྤྱི་ཚོགས་ནང་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ཁ་འཐོར་དུ་འགྲོ་གཞིའི་ལས་རིགས་སྔོན་འགག་དང་། བོད་རིགས་ནང་ཁུལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་ཡོང་ཐབས་ཐད་ལས་འགུལ་ཅི་འོས་སྤེལ་བའི་ཚོགས་པ་ཞིག་ཡིན་ལ།

ཚོགས་པ་འདི་བཙུགས་ཏེ་མི་ལོ་གཅིག་ལྷག་འཁོར་བའི་ནང་ཚོགས་པ་གཏན་སྡོད་བྱེད་སའི་སུད་སིའི་བོད་རིགས་མི་མང་ཁྲོད་ལས་འགུལ་སྣང་མང་སྤེལ་ཞིང་། ལས་འགུལ་དེ་རིགས་བརྒྱུད་སུད་སི་གཙོས་ཡུ་རོབ་སྤྱི་ཚོགས་ཁག་ལ་བོད་དོན་ཁྱབ་བསྒྲགས་དང་། ཡུ་རོབ་བོད་རིགས་མི་མང་ཁྲོད་བོད་དོན་ཐད་སེམས་ཤུགས་དང་ངེས་ཤེས་བཅས་ཡོང་བར་སྐུལ་འདེད་གང་འཚམ་ཐོན་པ་བྱས་ཡོད།  ད་དུང་ཚོགས་པའི་ངོས་ནས་མུ་མཐུད་བཙན་བྱོལ་སྤྱི་ཚོགས་ནང་མུ་མཐུད་ལས་འགུལ་ཅི་འོས་སྤེལ་རྒྱུའི་ལས་འཆར་སྒྲིག་བཞིན་ཡོད།

ཚོགས་པའི་ངེས་ཤེས།

            བོད་ཀྱི་དངོས་ཡོད་སྤྱི་ཚོགས་ཀྱི་དཀའ་ངལ་སྤྱི་དང་། སྒོས་སུ་བོད་ཀྱི་རིགས་གནས་དང་གོམས་སྲོལ། ཉེ་རབས་ལོ་རྒྱུས་དང་འདུ་ཤེས་སེམས་ཁམས་སོགས་ལ་ཕྱིར་བལྟ་དང་། ད་ལྟའི་ཛ་དྲག་གི་སྤྱི་ཚོགས་གནས་བབ་ཉག་ཕྲ་བ་མང་པོ་ཞིག་ལ་བསམ་ཞིབ་གང་ལེགས་བྱས་ཏེ་གླེང་ན། སྤྱིར་མི་རིགས་ཞིག་གི་རང་དབང་འཐབ་རྩོད་ཀྱི་རྒྱུད་རིམ་ཁྲོད་ཆབ་སྲིད་ཀྱི་ལྟ་བ་མི་མཐུན་པ་དང་། ལངས་ཕྱོགས་མི་མཐུན་པ། དེ་བཞིན་འཐབ་རྩོད་ཀྱི་རྣམ་པ་མི་འདྲ་བ་སོགས་མང་དྲག་པ་ནི་ལས་དོན་ལམ་ལྷོང་མི་ཡོང་བའི་རྐྱེན་གཙོ་བོ་ཞིག་ཡིན་པ་བོད་ཀྱི་འདས་པའི་ལོ་རྒྱུས་བྱུང་རབས་ལས་ཉམས་མྱོང་ལེན་ཐུབ་པ་ཞིག་ཡིན་པ་དང་། ཁྱད་པར་ང་ཚོའི་མིག་མདུན་གྱི་གཉན་ཕྲེང་གི་དུས་སྐབས་འདི་དང་དཀའ་ངལ་རིམ་བརྩེགས་ཀྱི་དུས་ཚོད་འདི་ལ། སྤྱི་བའི་བསྒྲིགས་འཛུགས་ཀྱི་གལ་ཆེན་རང་བཞིན་ངོས་མ་ཟིན་པར་མི་སྒེར་དང་ཚོགས་པ་སྒེར་གྱི་བསམ་ཚུལ་ཙམ་གཙོ་བོ་བྱས་ཏེ། རང་ཉིད་ཀྱི་རྐང་པ་སྤོ་སའི་སྤྱི་ཚོགས་ཀྱི་གནས་བབ་ལས་བརྒལ་བའི་འུར་གཏམ་ཅི་ཆེ་སྒྲོག་པ། སྤྱིི་བའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་ལྟ་བར་སྣང་འཇགས་མི་བྱེད་པ། དེ་བཞིན་ཆོལ་ཀ་དང་ཆོས་ལུགས། ལུང་ཚན་དང་གང་ཟག་སྒེར་གྱི་ལྟ་བའམ་ཚོར་བའི་ཞེན་ཁོག་ཤུགས་དྲག་སྤེལ་བ་ལས། དངོས་ཡོད་སྤྱི་ཚོགས་ཀྱི་གནས་སྟངས་ངོ་མར་འགན་མི་འཁུར་བའི་ཤེས་ཡོན་པ་དང་མི་སྣ་གང་མང་མངོན་འདོད་དང་མངོན་འདོད་མ་ཡིན་པའི་གནས་ཚུལ་འོག་བྱུང་དང་འབྱུང་བཞིན་ཡོད་པ་བཅས་ནི། ཆབ་སྲིད་འཐབ་རྩོད་ཀྱི་རྩ་བའི་ལངས་ཕྱོགས་གཅིག་སྒྲིལ་ལ་ཉེན་ཚབ་ཆེ་བ་དང་།   དེ་བཞིན་བོད་ཀྱི་ཉེ་རབས་ལོ་རྒྱུས་ཁྲོད་འདས་ཚར་ཞིང་རུལ་ཚར་པའི་སྐུ་དྲག་དང་དཔོན་འཛིན་རིང་ལུགས་པའི་ལོ་རྒྱུས་ཙམ་བསྐྱར་ཟློས་ཁོ་ན་བྱས་ཏེ། བོད་ཀྱི་འབྱུང་འགྱུར་མི་རབས་གསར་པ་གང་མང་ཞིག་ལ་རིགས་ཞེན་གྱི་འདུ་ཤེས་དང་། གཅིག་སྒྲིལ་གྱི་བག་ཆག མཉམ་ལས་ཀྱི་གོམས་གཤིས་བཅས་འབྱུང་བར་གཏོར་བཤིག་ཚད་མེད་གཏོང་བཞིན་པ་དང་། སྤྱི་ཚོགས་ཀྱི་ཆབ་སྲིད་གོ་རྟོགས་ཤིན་ཏུ་སྐྱོ་བའི་ཁོར་ཡུག་གི་གནས་བབ་བེད་སྤྱད་དེ། གཞུང་དང་མི་མང་གཉིས་ཀྱི་བར་ཐག་རིང་དུ་གཏོང་བ་སོགས་བོད་ཀྱི་ཆབ་སྲིད་ལངས་ཕྱོགས་གཅིག་སྒྲིལ་ཐད་འགག་རྐྱེན་ཅི་ཆེ་སྤྲོད་ཀྱིན་པ་རྣམས་ནི་བོད་དོན་འཐབ་རྩོད་ལམ་ལྷོང་མི་ཡོང་པའི་ནང་རྐྱེན་གཙོ་བོ་ཞིག་ཏུ་ངོས་འཛིན་བྱས་ཡོད།

ཚོགས་པའི་དམིགས་ཡུལ།

དང་པོ། ༧གོང་ས་མཆོག་གི་ཐུགས་ཀྱི་བཞེད་དགོངས་དང་། དབུས་བོད་མིའི་སྒྲིགས་འཛུགས་ཀྱི་སྲིད་བྱུས་ལངས་ཕྱོགས་ལ་རྒྱབ་སྐྱོར་གཙང་མ་བྱ་རྒྱུ།
གཉིས་པ།  ཆོལ་ཁའི་འཐེན་ཁྱེར་དང་ཆོས་ལུགས་ཀྱི་ཞེན་ཁོག་རྩོད་མཁན། གཞུང་གི་དབང་གཅོད་དང་གོ་མིང་བེད་སྤྱོད་ཀྱིས་གཞུང་དང་སྤྱི་ཚོགས་ལ་བརྡབ་གསིག་གཏོང་མཁན།དེ་བཞིན་བོད་ཀྱི་སྤྱི་ཚོགས་རྡོག་རྩ་གཅིག་སྒྲིལ་ལ་གཏོར་བཤིག་གཏོང་མཁན་མཐའ་དག་ལ་ཁ་གཏད་དང་གནས་ལུགས་གསལ་བརྗོད་བྱ་རྒྱུ།
གསུམ་པ།  བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་ཀྱི་བདེན་དོན་དང་འཐབ་རྩོད་ལ་ཤ་ཚ་ཞེན་ཁོག་ཡོད་མཁན་གང་མང་མཉམ་རུབ་ཡོང་ཐབས་དང་།  ལངས་ཕྱོགས་གཅིག་གྱུར་གྱི་ཐོག་ནས་བོད་ཀྱི་རྩ་དོན་འཐབ་རྩོད་ལ་ནུས་ཤུགས་གང་ཡོད་འདོན་ཐབས་བྱ་རྒྱུ།
བཞི་བ།  བཙན་བྱོལ་ཁག་གཙོས་བའི་བོད་ཀྱི་སྤྱི་ཚོགས་ནང་ཆབ་སྲིད་ཀྱི་གོ་རྟོགས་གོང་འཕེལ་གཏོང་ཐབས་དང་། སྤྱི་ཚོགས་ཀྱི་ཆབ་སྲིད་གོ་རྟོགས་ལམ་འགག་མ་ནོར་བ་ཞིག་ལ་འཁྲིད་ཐབས་བྱ་ཆེད་ལས་འགུལ་གང་འོས་སྤེལ་རྒྱུ།
ལྔ་བ།  བཙན་བྱོལ་སྤྱི་ཚོགས་ནང་མི་ཤེས་ཡོན་དང་ལྷག་བསམ་རྣམ་དག་ཡོད་མཁན་རྣམས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གོ་གནས་ལ་འགོད་ཐབས་ཐད་ལས་འགུལ་སྣ་མང་སྤེལ་རྒྱུ།
དྲུག་པ།  སྤྱི་ལོ༡༩༤༩ནས་ད་བར་དུ་བོད་མི་རིགས་དང་རྒྱལ་ཁབ་གྱི་དོན་དུ་ཚེ་སྲོག་ཤོར་བ་རྣམས་དང་མནར་གཅོད་མྱོང་མཁན་རྣམས་ལ་དྲན་གསོ་དང་། དེང་སྐབས་བོད་དོན་ཆེད་དཀའ་ལས་རྒྱག་བཞིན་པ་རྣམས་ལ་གུས་བརྩི་དང་རྒྱབ་སྐྱོར་ཡང་དག་བྱ་རྒྱུ།
བདུན་པ།   བོད་ཀྱི་རིག་གཞུང་དང་སྐད་ཡིག་སྲུང་སྐྱོབ་སོགས་སྤྱི་ཚོགས་ཀྱི་དགོས་མཁོ་གང་ཡོད་དང་བསྟུན་ནས་ལས་འགུལ་འདྲ་མིན་སྤེལ་རྒྱུ།
བརྒྱད་པ།  ཚོགས་པ་འདིའི་དམིགས་ཡུལ་དང་ལས་འགན་གལ་ཆེན་དུ་བརྩིས་ཏེ་ཚོགས་མི་ཚང་མ་སྤུན་མཆེད་ཀྱི་འདུ་ཤེས་ཐོག གཅིག་གྲོགས་གཅིག་ཕན་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་ལས་དོན་ལམ་ལྷོང་ཡོང་བ་བྱ་རྒྱུ།

 བོད་ཀྱི་མི་རབས་གསར་བའི་མཐུན་ཚོགས།

སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༩ ཚེས་ ༢༣ ཉིན།

 

འབྲེལ་ཡོད་གསར་འགྱུར།

Mobile App

མཉམ་འབྲེལ་གྱི་གཞི་རྩའི་ནང་བསམ་བློ་མཉམ་འབྲེལ་གྱིས་མཐུན་སྒྲིལ་རྡོག་རྩ་ཆིག་སྒྲིལ་དང་གཅིག་ཕན་གཅིག་རོགས་དགོས་གལ་ཆེ་སྐོར་གསུངས།

ཆུ་ཚོད་ ༡༣ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

ཆུ་ཚོད་ ༡༤ སྔོན་ལ།
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

ཆུ་ཚོད་ ༡༨ སྔོན་ལ།
 (Image: Cheng Xin/Getty Images)
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་འགྲོ་འོང་གི་ཁྲིམས་ཡིག་གསར་པ་ཞིག་ལག་བསྟར་བྱ་རྒྱུ་ཡིན་འདུག

༢༠༢༦/༠༨/༢༦
The Gao brothers (pictured) rose to prominence in China's art scene during the 1990s and 2000s, earning a global reputation for works that skewered the politics of their homeland
Mobile App

མའོ་ཙེ་ཏུང་ལ་ཟུར་ཟ་བྱས་པའི་ཉེས་མིང་འོག་སྒྱུ་རྩལ་བ་ཞིག་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༦/༠༨/༢༦
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese