མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་ནི་མི་མང་ལ་ཁ་ལོ་སྒྱུར་མཁན་ཤེས་ཡོན་པའི་ཚོགས་སྡེ་ཆཊ་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༡
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཚོམས་ཆེན་ནང་། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་
ཉིན་གསུམ་རིང་གི་ཚོགས་ཆེན་དབུ་འཛུགས་གནང་ཡོད་པ་དང་། ཚོགས་གཙོའི་གཏམ་ནང་བོད་གཞུང་དམངས་ཡོངས་ལ་འབོད་སྐུལ་དོན་ཚན་གསུམ་གནང་འདུག

དེ་རིང་ཕྱི་ཚེས་ ༢༡ ཉིན་གྱི་སྔ་དྲོར་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་གི་ཚོམས་ཆེན་ནང་།  པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཉིན་གསུམ་རིང་གི་ཚོགས་ཆེན་སྐབས་བཞི་པ་དབུ་འཛུགས་གནང་ཡོད་པ་དང་།  ཚོགས་འདུའི་དབུ་འབྱེད་མཛད་སྒོའི་ཐོག་མར་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་སྣང་གསལ་མར་མེ་ཞལ་འབྱེད་དང་འབྲེལ།  ཚོགས་ཞུགས་པ་ཡོངས་སྐུ་བཞེངས་ཐོག་བོད་མི་རིགས་དང་བསྟན་སྲིད་ཆེད་སྐུ་སྲོག་བློས་བཏང་གནང་བ་རྣམས་དང་། ད་ལྟ་ཁྲིམས་ཆད་མནར་གཅོད་མྱོང་བཞིན་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་ཡོངས་ལ་མྱ་ངན་གུས་འདུད་གནང་རྗེས། མཐུན་ཚོགས་ཀྱི་ཕྱི་འབྲེལ་དྲུང་ཆེ་བུད་དྷ་སྐྱབས་ལགས་ཀྱིས་ཚོགས་ཆེན་ངོ་སྤྲོད་དང་། དྲུང་ཆེ་གངས་སྲས་ལགས་ཀྱིས་ཚོགས་པའི་རྒྱུན་ལས་ཚོའི་ལོ་གསུམ་གྱི་ལས་བསྡོམས་སྙན་སྒྲོན། ཚོགས་གཙོ་ཆབ་བྲག་ལྷ་མོ་སྐྱབས་ལགས་ཀྱིས་ཚོགས་གཙོའི་གཏམ་བཤད་སྒྲོགས་སྦྱང་བཅས་གནང་སོང་། ཚོགས་འདུའི་ཐོག་གདན་ཞུའི་སྐུ་མགྲོན་རྣམ་པ་དང་། མཐུན་ཚོགས་ཀྱི་རྒྱུན་ལས་རྣམ་པའི་གཙོས་ཚོགས་མི་རྣམས། དེ་བཞིན། ཟུར་ཞུགས་པ་དང་གསར་འགོད་པ་བཅས་མི་གྲངས་ ༥༠ ཙམ་འདུ་འཛོམས་བྱུང་འདུག 

ཕྱི་ཚེས་ ༢༡ ནས་ ༢༣ བར་ཉིན་གསུམ་རིང་གི་ཚོགས་ཆེན་ཐོག  བོད་ཀྱི་རྩོམ་ཡིག་གོང་སྤེལ་དང་རྩོམ་པ་པོ་གསོ་སྐྱོང་། བོད་ཀྱི་སྐད་ཡིག་འཁྲིད་ཐབས་ལེགས་བཅོས། བོད་ནང་གི་ཞི་རྒོལ་རིམ་བྱུང་གི་འཕེལ་རིམ་དང་དོན་སྙིང་། ཁྲིམས་ཆད་ཕོག་པའི་རྒྱ་ནག་ནང་གི་རྩོམ་པ་པོའི་སྐོར། བོད་ནང་གི་ཤེས་ཡོན་པའི་བསམ་བློ་དང་འོས་འགན། བཙན་བྱོལ་ནང་གི་ཤེས་ཡོན་པའི་བསམ་བློ་དང་འོས་འགན། བོད་རྒྱ་སོག་ཡུ་གུར་དང་བཅས་པའི་རྩོམ་པ་པོའི་མཉམ་འབྲེལ་དང་འོས་འགན། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཡར་རྒྱས་གཏོང་ཐབས་བཅས་བརྗོད་གཞི་ཁག་གི་ཐོག་བགྲོ་གླེང་དང་།  ཚོགས་འདུའི་ཉིན་མཐའ་མར་སྒྲིག་གཞི་བསྐྱར་བཅོས་དང་བྱུང་སོང་རྩིས་ཁྲ་གསལ་བསྒྲགས། གྲོས་ཆོད་གཏན་འབེབས། སྐབས་བཞི་བའི་རྒྱུན་ལས་གསར་འདེམས་དང་ལས་བགོ་བཅས་གནང་རྒྱུ་ཡིན་འདུག 

མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བཀའ་ཟུར་ཀིརྟི་རིན་པོ་ཆེ་མཆོག་གིས་གསུངས་བཤད་གནང་དོན། “རྩོམ་པ་པོ་ཟེར་བ་དེ་ཤེས་ཡོན་ཅན་དང་མི་མང་གི་ཁ་ལོ་སྒྱུར་བ་བོ། སྤྱི་ཚོགས་ཁྲོད་ནུས་པ་ཆེན་པོ་ཡོད་མཁན་གྱི་ཚོགས་སྡེ་ཞིག་ཆགས་ཡོད་པ་རེད།” ཅེས་གསུངས་ཏེ།  སྤྱིར་ཆབ་སྲིད་ཀྱི་ལས་ཀ་རྣམས་ནི་སྐབས་དང་སྐབས་ལ་འགྱུར་འགྲོ་བ་མ་གཏོགས།  མི་ཐོག་ནས་མི་ཐོག་བྱས་ཏེ་སྡོད་ཀྱི་མེད་པ་དང་། རྩོམ་པ་པོས་བརྩམས་བཞག་པའི་བརྩམས་ཆོས་ཀྱི་ནུས་པ་དེ་མི་ཐོག་ནས་མི་ཐོག་བརྒྱུད་དེ་སྡོད་ཐུབ་ཀྱི་ཡོད་སྟབས།  བོད་ཀྱི་མི་ཐོག་གསར་རྙིང་བརྗེ་བཞིན་པའི་སྐབས་འདིར། མི་ཐོག་གསར་བའི་ནང་ནས་ཤེས་ཡོན་ཅན་གྱི་དཔུང་ཁག་ཅིག་ཡོད་པ་དང་། དེ་བཞིན། བོད་དེ་ཆགས་དང་འཇིག་ལ་ཐུག་པའི་དུས་ཚོད་གཉན་འཕྲང་ཅན་འདིར། རྩོམ་པ་པོའི་དཔུང་ཁག་ཅིག་རང་དབང་གི་ཐོག་ནས་འཐོན་བཞིན་པ་དེ་ནི།  མ་འོངས་པར་བོད་དེ་ཡག་པོ་ཡོང་ས་རེད་བསམ་པའི་རེ་བ་བཅོལ་ས་དང་ཡིད་ཆེས་བྱེད་ས་ཞིག་ཆགས་ཀྱིན་ཡོད་པའི་སྐོར་གསུངས་སོང་། 

ཀིརྟི་རིན་པོ་ཆེ་མཆོག་གིས་མུ་མཐུད་དུ་རྩོམ་གསར་རྙིང་གཉིས་ཀྱི་བར་ལ་བར་སྟོང་ཆེན་པོ་ཞིག་ཤོར་ཏེ།  མི་རབས་རྙིང་པ་ཚོས་རྩོམ་གསར་བར་གོ་བ་ལེན་མ་ཐུབ་པ་དང་། མི་རབས་གསར་བས་རྩོམ་རྙིང་པའི་གོ་དོན་མ་རྟོགས་པའི་གནས་སྟངས་ཤིག་ཡོང་གི་ཡོད་སྟབས།  སྔ་མའི་རྙིང་བའི་རྒྱུན་མ་ཆད་པ་དང་གསར་བའི་སྟེང་ལ་འགྲོ་ཐུབ་པ་གཉིས་དགོས་རྒྱུ་དེ་གལ་ཆེན་ཡིན་པ་དང་། ད་ལྟའི་རྒྱ་ནག་ལྟར་སྐད་ཡིག་ལ་གསར་རྙིང་གི་འགྱུར་བག་ཆེན་པོ་ཤོར་ཏེ།  མི་རབས་གསར་བ་ཚོས་སྔར་གྱི་རྒྱ་ཡིག་ནང་ཡོད་པའི་རིག་གཞུང་མཐའ་དག་ལ་གོ་བ་ལེན་མི་ཐུབ་པའི་གནས་སྟངས་དེ་འདྲ་མི་འབྱུང་བའི་ཆེད།  རྩོམ་པ་པོ་རྣམས་ཀྱིས་ནམ་རྒྱུན་ཐུགས་ཁུར་དང་བསམ་གཞིགས་ཞིབ་མོ་གནང་སྟེ།  ཐ་སྙད་དང་ཚིག་སྦྱོར་སྤྱོད་སྟངས་ཐད་ཚིག་དོན་འཇུག་ཡུལ་མ་ནོར་བ་ཏག་ཏག་ཅིག་གནང་རྒྱུ་གལ་ཆེན་པོ་ཡིན་པ་གསུངས་སོང་།

པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་གཏམ་བཤད་ནང་བོད་གཞུང་མང་དང་བཅས་པར་གཞེན་སྐུལ་དོན་ཚན་གསུམ་བཀོད་ཡོད་པ་ནི། གཅིག བོད་ཀྱི་སྲིད་དོན་འཕོ་འགྱུར་གྱི་བྱུང་རབས་ཐད་གཞུང་འབྲེལ་གྱི་ཡིག་ཆ་ཞིག་གཏན་འབེབས་གནང་དགོས། དེ་ནི་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འདིས་རང་གི་བྱུང་རབས་གསལ་བོ་ཞིག་གཞིས་བྱེས་མི་དམངས་ལ་ངོ་སྤྲོད་ཐུབ་པའི་ཆེད་དུ་མ་ཟད་སྲིད་དོན་བྱུང་རབས་ཀྱི་ཆ་ནས་ཀྱང་གནད་འགག་ཅིག་ཆགས་ཡོད། དེ་ཡང་ཐོག་མའི་བོད་བཙན་པོའི་སྐབས་ཀྱི་ཐུ་བྷོད་རྒྱལ་ཁབ་ཆེན་པོ་ནས་བོད་གཞུང་དགའ་ལྡན་ཕོ་བྲང་བར་དང་། ཐ་མར་བཙན་བྱོལ་དམངས་གཙོའི་བོད་གཞུང་ཞིག་ཆགས་པའི་རིམ་པ་ནས་དེ་རིང་གི་བོད་མིའི་སྒྲིག་འཛུགས་ཞེས་པའི་བར་གྱི་འཕེལ་འགྲིབ་བམ་འཕོ་འགྱུར་དག་ཚང་དགོས།

གཉིས། ང་རང་ཚོའི་སྲིད་ལུགས་ཀྱི་གོ་རྟོགས་སྤེལ་དགོས། དེ་ཡང་གཙོ་བོ་ང་ཚོའི་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཐོག་མར་གཏན་འབེབས་གནང་སྟངས་ནས། ད་བར་གྱི་འགྱུར་འགྲོས་དང་ངོ་བོ་གང་འདྲ་ཞིག་ཡིན་པ་གོང་རིམ་ནས་གསལ་བཤད་གནང་དགོས་ལ་འོག་རིམ་ནས་སློབ་སྦྱོང་ཡང་བྱེད་དགོས། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་དབང་ཚད་དང་ཁྱབ་ཚད། འགན་ནུས་དང་ངོ་བོ་བཅས་གསལ་རྟོགས་མ་ཐུབ་བར་དུ་ང་རང་ཚོའི་གཞུང་ངམ་སྒྲིག་འཛུགས་འདིའི་ངོ་གདོང་ངོ་མ་ཡང་མཐོང་དཀའ་བ་ཞིག་རེད།

གསུམ། ཚོགས་སྡེ་ཁག་ནང་ཁུལ་འདུམ་འགྲིག་གི་ཐབས་ལམ་འཚོལ་དགོས། དེའི་འགན་གཙོ་བོ་ཚོགས་སྡེ་ཁག་གི་གནད་ཡོད་མི་སྣ་ཁག་ལ་རག་ལས་ཡོད། གནད་དོན་འདི་ཁ་གསལ་བོར་བཤད་ན་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་དབུ་མའི་ལམ་མི་མང་ལས་འགུལ་ཁང་གཉིས་ཀྱིས་གཙོས། འདི་གཉིས་ཀྱི་ཕྱོགས་གཏོགས་དང་བཅས་པ་ཚང་མས་ཕྱོགས་གཉིས་ཀྱི་ཚོགས་མིའམ་མི་དམངས་བསྡུ་སྐོང་གིས་ཕན་ཚུན་སེམས་ཐག་ཉེ་བོའི་ཐོག་ནས་སོ་སོའི་ལྟ་བ་དང་ལས་འགུལ་སྤེལ་ཕྱོགས་སོགས་གསལ་བཤད་དང་བགྲོ་གླེང་སྦྱང་བཤད་ཡང་ཡང་གནང་དགོས། ང་ཚོས་དགྲ་ཕྱོགས་ལའང་སེམས་ཐག་ཉེ་བོ་གནང་ཐུབ་ན་རང་རིགས་ནང་ཁུལ་ལ་ལག་པ་གཏོང་མི་ཐུབ་དོན་མེད། ཐབས་ལམ་འདིས་ཚོགས་སྡེ་སོ་སོའི་བར་གྱི་མ་མཐོང་ལོག་མཐོང་གི་འགལ་བ་དག་ཇེ་ཉུང་ལ་འགྲོ་བ་དང་ལྷག་པར་མི་དམངས་ཀྱི་བསམ་བློའི་གོ་རྟོགས་སྤེལ་རྒྱུར་དགེ་མཚན་ཆེན་པོ་ཡོད་བཅས་བཀོད་འདུག 

 གསར་འགོད་པ། ཚེ་རིང་རྒྱལ།     

འབྲེལ་ཡོད་གསར་འགྱུར།

དབུས་འོས་བསྡུ་ལས་ཁང་གི་གསར་འགོད་གསལ་བསྒྲགས་ཀྱི་པར། ༢༠༢༦།༠༡།༢༨
Mobile App

བལ་ཡུལ་མཆོད་འཇོར་ས་གནས་ལ་དངོས་གཞིའི་འོས་བསྡུ་ཐེངས་གཅིག་ཕྱིར་འཐེན་གནང་།

ཆུ་ཚོད་ ༡༣ སྔོན་ལ།
ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་བ་། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞྭ་མོ་ནག་པོའི་གོམ་བགྲོད་ལས་འགུལ་ལྡི་ལི་ནས་མཇུག་བསྡུས།

༢༠༢༦/༠༤/༢༤
མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག བོད་ཀྱི་དུས་བབ་གསར་ཁང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

རྒྱལ་སྤྱིའི་ཉེས་ཡངས་ཚོགས་པས་མཆོག་སྤྲུལ་རྡོ་རྗེ་བརྟན་མཆོག་གི་གནས་བབ་ཁ་གསལ་བཟོ་དགོས་པའི་རེ་སྐུལ་གནང་།

༢༠༢༦/༠༤/༢༤
ཨ་རིའི་ཕྱི་སྲིད་ལྷན་ཁང་གི་དྲུང་ཆེ་གཞོན་པ་སཱ་མིར་པུལ་ཀཱ་པུར་ལགས་དང་བལ་ཡུལ་གྱི་ཕྱི་སྲིད་བློན་ཆེན་ཤི་ཤིར་ཀ་ནལ་གཉིས་ཐུག་འཕྲད་གནང་། ༢༠༢༦།༤།༢༢
Mobile App

ཨ་རིའི་ཕྱི་སྲིད་དྲུང་ཆེས་བལ་ཡུལ་གྱི་སྐྱབས་བཅོལ་བོད་མིའི་ཡིག་ཆའི་དཀའ་ངལ་སེལ་དགོས་པའི་འབོད་སྐུལ་གནང་།

༢༠༢༦/༠༤/༢༣
Tenzin Choegyal’s “Snow Flower” wins 2026 Queensland Music Award for Best World Music
Mobile App

ཁ་བའི་མེ་ཏོག་ཅེས་པའི་ཆེད་སྒྲིག་ལ་འཛམ་གླིང་རོལ་དབྱངས་ཆེད་སྒྲིག་ལེགས་ཤོས་ཀྱི་བྱ་དགའ་ཐོབ།

༢༠༢༦/༠༤/༢༣
Taiwan President-elect Lai Ching-te, of Democratic Progressive Party’s (DPP), holds a press conference, following the victory in the presidential elections, in Taipei, on January 13, 2024. | Photo Credit: Reuters
Mobile App

རྒྱ་གཞུང་གིས་ཐའེ་ཝན་སྲིད་འཛིན་གྱི་ཕྱི་རྒྱལ་ཕྱོགས་སྐྱོད་བཀག་འགོག་བྱས།

༢༠༢༦/༠༤/༢༣

མཆན། 8

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གསར་འགོད་པ། ཚེ་རིང་རྒྱལ།

    དང་།

    ཇོ་རུ་ཚེ་རིང་།
    ༢༠༡༢/༠༩/༢༢ ཉིན་འདོན་སྤེལ་བྱས། དྲ་གྲོགས་ཀརྨ་རྡོ་རྗེ་ལགས་ཀྱིས་ཐུགས་སྣང་ཆེན་པོས་བསམ་ཚུལ་བཏོན་པར་དགའ་བསུ་ཞུ། པེན་ཕྱི་སྡོད་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་གཏམ་བཤད་བཀོད་ཡོད་པའི་ “དམངས་གཙོ་” ཞེས་པའི་ཐ་སྙད་དེ། ཁོང་ཚོའི་གཏམ་བཤད་རང་གི་ནང་དེ་ལྟར་བཀོད་སྟབས་རང་སོར་བཞག་པ་ཡིན། གསར་འགོད་པ་སྒེར་གྱི་ངོས་ནས་གང་བྱུང་བྲིས་པ་ཞིག་མིན་ཞེས་གསལ་བཤད་ཞུ་འདོད་བྱུང་། ་་་ཟེར།
    གསར་འགོད་པ་ཇོ་རུ་ཚེ་རིང་ངམ། ཚེ་རིང་རྒྱལ་ལགས་ཀྱིས་གསལ་བཤད་ལ་བཀའ་དྲིན་ཆེ་ལགས།

    Reply
  2. ཇོ་རུ་ཚེ་རིང་། says:
    ལོ་ 14 སྔོན།

    དྲ་གྲོགས་ཀརྨ་རྡོ་རྗེ་ལགས་ཀྱིས་ཐུགས་སྣང་ཆེན་པོས་བསམ་ཚུལ་བཏོན་པར་དགའ་བསུ་ཞུ། པེན་ཕྱི་སྡོད་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་གཙོའི་གཏམ་བཤད་བཀོད་ཡོད་པའི་ “དམངས་གཙོ་” ཞེས་པའི་ཐ་སྙད་དེ། ཁོང་ཚོའི་གཏམ་བཤད་རང་གི་ནང་དེ་ལྟར་བཀོད་སྟབས་རང་སོར་བཞག་པ་ཡིན། གསར་འགོད་པ་སྒེར་གྱི་ངོས་ནས་གང་བྱུང་བྲིས་པ་ཞིག་མིན་ཞེས་གསལ་བཤད་ཞུ་འདོད་བྱུང་།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    གསར་འགོད་པ། ཚེ་རིང་རྒྱལ་ལགས་སུ།
    ་
    བཙན་བྱོལ་བོད་མིའི་བཅའ་ཁྲིམས།
    སྔོན་གླེང་།
    སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་༼མང་གཙོའི་༽ལམ་སྟོན་གནང་བའི་འོག ང་ཚོ་བཙན་བྱོལ་བོད་མི་ཡོངས་ནས་་་་་་་་་་་་་་་་་་་་་
    ༼བོད་རྒྱལ་ལོ། ༢༡༢༤ ཕྱི་ལོ་ ༡༩༩༨༽

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མི་དམངས་མ་རེད་ མི་མངས་སམ་མི་མང་རེད། དམངས་གཙོ་མ་རེད། མང་གཙོ་རེད། རང་གི་སྒྲིག་འཛུགས་ཀྱི་བཐརཙ་ཁྲིམས་དང་བཅའ་ལ་མིག་དཔེར་བླངས་དགོས། ཡང་ན་རང་འདོད་ལྟར་བསྒྱུར་གཏོང་ཐུབ་པར་བྱ་དགོས།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཐུ་བྷོད་རྒྱལ་ཁབ་ཆེན་པོ། འདི་ལས། མཐོ་བོད་རྒྱལ་ཁབ་ཆེན་པོ་ཞེས་བྲིས་ན་ཁུངས་དག་པ་ཡིན་དགོས་པ་མི་འདུག་གམ། ད་དུང་དཔྱད་དགོས།

    Reply
  6. བསོད་དགའ། says:
    ལོ་ 14 སྔོན།

    ཆབ་བྲག་ཡབ་སྲས་སྐུ་འཁོར་རྣམས་གཡས་བར་བཞུགས་འདུག

    Reply
  7. རྟ་མགྲིན། says:
    ལོ་ 14 སྔོན།

    རྒན་ལྷ་མོ་སྐྱབས་མཆོག་ལ་བཀྲ་ཤིས་བདེ་ལེགས་ཞུ། ཁྱེད་རང་ནི་ཁ་དོན་མཚུངས་ཤིང་བོད་རིགས་ཤེས་ལྡན་པ་དང་རྩོམ་པ་པོ་གཉོམ་ཆུང་ཞིག་ཡིན། སྐུ་ཚེ་རིང་ཞིང་བཞེད་དགོངས་ལྷུན་གྱིས་འགྲུབ་པའི་སྨོན་འདུན་དང་སྦྲགས་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ།

    Reply
  8. ཀུན་དགའ། says:
    ལོ་ 14 སྔོན།

    རེ་འབོད་གསུམ།

    པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་སྐབས་བཞི་བ་རྒྱལ་ཁའི་ངང་མཇུག་བསྡུས་ནས་ཐེངས་འདིར་གྲོས་ཆོད་གང་བྱུང་རྣམས་ལག་ལེན་ལ་བསྟར་ཐུབ་པའི་སྨོན་འདུན་ཞུ།
    གཞན་། མཐུན་ཚོགས་ལ་སྔར་ནས་ཆད་ཡོད་པའི་བུ་ལོན་རྣམས་ད་རེབ་བཏང་སྙོམས་སུ་མི་འཇོག་པར་བསྡུ་ལེན་དང་། ཕྱིན་ཆད་མི་བུ་སྒེར་བར་
    སྔར་གནས་བཞིན་བུ་ལོན་མི་འཇོག་པའི་རེ་འབོད་ཞུ།།
    ཕྱི་ནང་ཡུལ་གྲུ་ཁག་ན་ཡོད་པའི་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ལ་བུ་ལོན་ཆད་པའི་ཚོགས་མི་སུ་ཡིན་གྱིས་ངོ་ཚ་དང་ལས་རྒྱུ་འབྲས་ཁྲེལ་ལྡན་བག་ཡོད་པའི་ཀུན་སློང་ཁུར་ནས་ཚོགས་ལ་དུས་ལྟ་བ་ལོན་སྤྲོད་རེ་འབོད་ཞུ།
    ཚོགས་མི་དཀྱུས་མ་ཀུན་དགའ་ནས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese