མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ནང་གི་ཚོར་ཤུགས་ཆེན་པོ་དེ་དངོས་སུ་བསྒྲུབ་ཐུབ་པ་བྱ་དགོས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༣
Share on FacebookShare on TwitterShare on EmailShare on Whatsapp


ཁ་སང་ཕྱི་ཚེས་
༢༢ ཉིན་སྐབས་བཅོ་ལྔའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་སྒྲིལ་ཡོད་པ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་སྐབས། སྤྱི་འཐུས་རྣམས་ཀྱིས་གྲོས་ཚོགས་ནང་ཚོར་བ་ཤུགས་ཆེན་པོས་གསུངས་བ་དེ་དག  དངོས་སུ་ས་གནས་ལ་ཕེབས་རྗེས་ག་འདྲ་ཞིག་བསྒྲུབ་ཐུབ་ཀྱི་ཡོད་མེད་སོ་སོས་དཔྱད་དགོས་པ་གསུངས་སོང་།

 

ཁ་སང་ཕྱི་ཚེས་ ༢༢ ཉིན་གྱི་ཕྱི་དྲོ་ཆུ་ཚོད་ ༥ དང་ཕྱེད་ཀའི་སྟེང་། སྐབས་བཅོ་ལྔ་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པ་མཇུག་བསྒྲིལ་ཡོད་པ་དང་། ཕྱི་ཚེས་ ༡༤ ནས་ ༢༢ བར་ཉིན་བརྒྱད་ཀྱི་ཚོགས་རྒྱུན་རིང་།  བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་དང་། འཛིན་སྐྱོང་བཀའ་ཤག་གི་ལྷན་ཁང་ཁག་གི་ལས་བསྡོམས་བསྐྱར་ཞིབ། དེ་བཞིན།  ཁྲིམས་བཟོའི་ལས་དོན་དང་འབྲེལ་བའི་ཐོག་ནས་བཀའ་བློན་ཁྲི་པའི་མཚན་སྲིད་སྐྱོང་ལ་བསྒྱུར་བ་བ་སོགས་གནང་ཡོད།

 

སྤྱི་འཐུས་ཚོགས་གཙོ་མཆོག་གིས་མཇུག་བསྡོམས་གསུང་བཤད་གནང་དོན། “ཉིན་དང་པོར་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གདུང་སེམས་མཉམ་སྐྱེད་ཀྱི་གྲོས་ཆོད་གྲོས་འཆར་བཏོན་པའི་ཐོག འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་རྣམ་པ་ཚོའི་ངོས་ནས་བོད་ནང་གི་གནས་སྟངས་ཛ་དྲག་ག་འདྲ་ཞིག་ཆགས་ཀྱི་ཡོད་མེད་གསུངས་བཞག་པ་རྣམས་རེ་རེ་བཞིན་ཡར་སྤུངས་བ་ཡིན་ན། ད་ལྟའི་གནས་སྟངས་ཛ་དྲག་འགྲོ་བཞིན་པ་དེ་གསལ་བོ་ཞིག་མང་ཚོགས་ཀྱིས་མཁྱེན་རྟོགས་ཐུབ་པ་བཟོས་སོང་བསམ་པའི་རེ་བ་ཞུ་བཞིན་ཡོད། དེང་སྐབས་མང་ཚོགས་ནང་གྲོས་ཚོགས་ལས་རིམ་ལ་ཐུགས་སྣང་གནང་མཁན་ཤུགས་ཆེ་རུ་ཕྱིན་པ་དང་།  ཕྱི་རྒྱལ་ཁག་ལ་ཡོད་མཁན་ཚོས་ཀྱང་ཐད་ཀར་དྲ་རྒྱའི་ལམ་ནས་གཟིགས་མཁན་མང་དུ་ཕྱིན་ཡོད་པ་རེད། ང་ཚོ་འཐབ་རྩོད་བྱེད་མཁན་མི་རིགས་ཤིག་ཡིན་པའི་ངོས་ནས། སོ་སོའི་ཐུགས་སྣང་གནང་བ་ནང་བཞིན་གཞན་པ་ཚོར་འགྲེལ་བཤད་རྒྱག་ཐུབ་པ་ཡིན་ན། བོད་མིའི་སྤྱི་ཚོགས་ཡོངས་ལ་གནས་ཚུལ་ཁྱབ་ཐུབ་པ་དང་། མང་ཚོགས་ཀྱི་ཆབ་སྲིད་གོ་རྟོགས་རང་བཞིན་གྱིས་མཐོ་རུ་འགྲོ་བའི་གནས་བབས་ཤིག་ཆགས་བསྡད་ཡོད་པ་རེད་ཅེས་གསུངས་ཏེ།  ཉིན་བརྒྱད་ཀྱི་གྲོས་ཚོགས་ལས་རིམ་ནང་མྱ་ངན་གུས་འདུད་ཀྱི་གྲོས་ཆོད་ཁག་བཞི་བྱུང་བའི་ནང་། བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་ ༥༡ དང་འདས་གྲོངས་ཕྱིན་པ་ ༤༡ ཡོད་པ་ཚོར་བསྔོ་སྨོན་ཞུས་པ་ཙམ་དུ་མ་ཟད། བོད་ས་ཡོངས་རྫོགས་བསམ་བློ་གཅིག་མཐུན་ཡིན་པའི་ཐོག་ནས། རང་ལུས་མེར་བསྲེགས་གཏོང་མཁན་ཡོངས་ཀྱི་ཆེད་དུ་མྱ་ངན་གྲོས་ཆོད་བཞག་ཐུབ་པ་བྱུང་བའི་སྐོར་གསུངས་ཡོད།

 

དེ་བཞིན། སྤྱི་འཐུས་ཚོགས་གཙོ་མཆོག་གིས།  ཐེངས་འདིའི་གྲོས་ཚོགས་ཚོགས་དུས་ཉིན་བརྒྱད་ཀྱི་ཁྲོད་ཉིན་ལྔའི་རིང་ལ།  དཔལ་ལྡན་བཀའ་ཤག་གི་ལས་ཁུངས་རེ་རེའི་ལས་བསྡོམས་སྙན་འབུལ་ཐོག  སྤྱི་འཐུས་རྣམས་པ་ཚོས་ཐུགས་ཁུར་ཆེན་པོའི་ཐོག་ནས་མཉམ་ཞུགས་གནང་སྟེ། གནད་དོན་རེ་རེའི་ཐོག་རྒྱུ་མཚན་ཁུངས་ཕེར་གྱི་གསུང་བཤད་གནང་བ་དེ་དག དགའ་སྤོབས་ཀྱི་གནས་སྟངས་ཤིག་ཆགས་ཡོད་སྐོར་གསལ་བཤད་དང་སྦྲགས། “ད་རེབ་གྲོས་ཚོགས་ཚོགས་པའི་སྐབས་ལ་ཚོར་བ་ཤུགས་ཆེན་པོ་ཐོག་ནས་གསུང་གི་ཡོད་པ་རེད་དེ། དངོས་སུ་ས་གནས་ལ་ཕེབས་པའི་རྗེས་སོ་སོས་ལ་ལས་དོན་ག་འདྲ་ཞིག་སྒྲུབ་ཐུབ་ཀྱིན་ཡོད་མེད་ནི།  སོ་སོས་སོ་སོར་དཔྱད་པ་བྱས་ན་མཁྱེན་ཐུབ་པ་ཞིག་རེད། དེར་བརྟེན། སྔར་ལས་ལྷག་པའི་འགན་འཁུར་དགོས་པ་གནད་འགག་ཆེན་པོ་ཞིག་ཆགས་འདུག  ད་ལྟའི་དུས་སྐབས་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་མི་ཞིག་བྱ་རྒྱུ་དེ་ལས་སླ་བོ་ཡོད་པ་མ་རེད། དེང་སང་སོ་སོའི་ངོས་ནས་འགན་འཁུར་ཏེ་ལས་ཀ་བྱེད་རྒྱུ་ཡིན་པ་དང་དུ་བླངས་ཏེ། མང་ཚོགས་ནང་འོས་སྡུག་རོགས་ཞེས་འགྲོ་བཞིན་ཡོད་པ་རེད། འོས་ཐོབ་པའི་རྗེས་ལ་གྲོས་ཚོགས་ལ་ཕེབས་ཐུབ་པ་ཙམ་མ་ཡིན་པར། སྤྱི་བའི་ལས་དོན་ལ་དུས་ཚོད་མང་ཙམ་གཏོང་དགོས་པའི་གནས་བབས་ཤིག་རང་བཞིན་གྱིས་བསྒྲུབ་དགོས་ཀྱི་རེད། དེར་བརྟེན། ད་ལྟའི་བར་དུ་ང་ཚོས་གང་ཐུབ་ཡག་པོ་བྱུང་ཡོད་པ་རེད། མ་འོངས་པར་ཡང་དེ་ལས་ལྷག་ཅིག་དུས་ཚོད་གཏོང་དགོས་པ་དང་འགན་འཁུར་དགོས་པའི་གནས་བབས་ཤིག དམིགས་བསལ་ཚོགས་ཆེན་གྱི་རྗེས་ལ་རང་བཞིན་གྱིས་བསླེབ་ཡོང་གི་རེད། དེ་དུས་ཚང་མས་ཕྱིར་འཐེན་མེད་པའི་ཐོག་ནས། སུ་ཞིག་ཡིན་ཡང་གང་དུ་ཕེབས་ཐུབ་པ་ཞིག་དང་། ཚོགས་ཆུང་ནང་སུ་ཞིག་ཞུགས་རོགས་ཞུས་དུས་ཞུགས་ཐུབ་པའི་གནས་བབས་ཤིག་བསྐྲུན་དགོས་པ་དེ་གལ་ཆེན་པོ་རེད།” ཅེས་གསུངས་སོང་།

ཚོགས་གཙོ་མཆོག་གིས་བོད་རྒྱའི་གནད་ཐད།  དེང་སྐབས་རྒྱ་ནག་ལ་ནང་ཁུལ་རྙོག་དྲ་མང་པོ་ཞིག་ཡོད་པ་མ་ཟད།  ད་ལྟ་ལྷོ་རྒྱ་མཚོའི་ཆེན་པོའི་གནས་སྟངས་དང་འབྲེལ་བའི་ཐོག་ནས། ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་དང་མ་མཐུན་པའི་གནས་སྟངས་ཆགས་ཡོང་གི་ཡོད་དུས། བོད་པའི་གནས་ཚུལ་དེལའང་ཁོ་ཚོས་སེམས་ཚོར་ཆེན་པོའི་ཐོག་ནས་ལྟ་གི་རེད་བསམ་གྱིན་ཡོད། དེ་ལྟའི་གནས་སྟངས་ཤིག་གི་འོག་ནས་གཙོ་བོ་འཛིན་སྐྱོང་བཀའ་ཤག་དང་། སྤྱི་འཐུས་རྣམས་པའི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་གང་ཡིན་པ་དེ་རྒྱ་ནག་མི་མང་ལ་གསལ་བོ་བྱས་ནས་ངོ་སྤྲོད་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་རེད། རྩ་བའི་ང་ཚོའི་ལངས་ཕྱོགས་དེ་རྒྱ་ནག་མགོ་ཁྲིད་ཚོས་ཤེས་ཀྱིན་ཡོད་པ་རེད། ཡིན་ནའང་། མི་མང་གིས་མ་ཤེས་ན་ང་ཚོར་ཕན་ཐོགས་པའི་འགྱུར་བ་དེ་ཡོང་ཐུབ་ཀྱིན་ཡོད་པ་མ་རེད། དེར་བརྟེན། ང་ཚོས་རང་བཙན་རྩོད་ཀྱི་མེད་པར་གཉིས་སྨན་དབུ་མའི་ལམ་གྱི་དགོངས་གཞིའི་ཐོག་ནས། བོད་པའི་མི་རིགས་ཀྱི་ངོ་བོ་དང་སྐད་ཡིག ཆོས་དང་རིག་གཞུང་། ཁོར་ཡུག་བཅས་སྲུང་སྐྱོབ་བྱེད་པའི་ཆེད་དུ་འཐབ་རྩོད་བྱེད་ཀྱི་ཡོད་པའི་གནས་སྟངས་དེ། རྒྱ་ནག་མི་མང་དང་མགོ་ཁྲིད་ཚོར་གོ་བརྡ་གསལ་བོ་སྤྲོད་ཐུབ་པ་བྱེད་དགོས་པ་དེ་གལ་ཆེན་པོ་ཆགས་བསྡད་ཡོད་སྟབས། འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་གཉིས་ཀས་ཐུགས་འགན་བཞེས་ཏེ། སྤྱི་བའི་ལངས་ཕྱོགས་གང་ཡིན་པ་དེའི་ཐོག་འགྲེལ་བཤད་དང་མང་ཚོགས་ལ་གོ་རྟོགས་ཚད་དང་ལྡན་པ་ཞིག་སྤེལ་ཐུབ་པ་ཡིན་ན་དགེ་མཚན་ཡོད་པའི་སྐོར་གསུངས་ཡོད།

 མཇུག་མཐར། ཚོགས་གཙོ་མཆོག་གིས།  འབྱུང་འགྱུར་གྱི་དམིགས་བསལ་ཚོགས་ཆེན་དང་འབྲེལ་བའི་ཐོག་གསུངས་བཤད་གནད་དོན།  “དམིགས་བསལ་ཚོགས་ཆེན་དེ་སང་ཉིན་གནང་ཉིན་རེས་གཟའ་མིག་དམར་ནས་མགོ་བཙུགས་ཏེ་ཉིན་བཞི་རིང་ཚོགས་དགོས་པ་རེད། རྒྱབ་ལོགས་ནས་ཅིག་བྱེད་མི་འདུག་སྐོར་གསུང་མི་འདུག་པར། དམིགས་བསལ་ཚོགས་ཆེན་གྱི་སྐབས་ལ་སྤྱི་འཐུས་རྣམ་པ་ཚང་མས་བློ་རྩེ་བཏོན་ཏེ། ཚོགས་འདུ་ནུས་པ་ལྡན་པའི་ཞིག་བཟོ་དགོས་པ་དེ་གལ་ཆེན་པོ་རེད། དམིགས་བསལ་ཚོགས་ཆེན་གྱི་རྗེས་ནས་ལས་འགུལ་མང་པོ་ཞིག་ཡོང་གི་རེད། སོ་སོའི་ངོས་ནས་བསྒྲུབ་དགོས་ཀྱིན་ཡོད་པ་རེད་བསམ་པའི་ཐོག་ནས། གྲོས་ཚོགས་ཕྱི་ལའང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་འཐུས་མི་ཞིག་གི་འགན་ཚད་དང་ལྡན་པ་ཞིག་འཁུར་རྒྱུ་དང་།  ལྷག་པར་དུ་ད་ལྟའི་ཛ་དྲག་གནས་སྟངས་ལ་གཞི་བཅོལ་བའི་ཐོག་ནས། རང་ལུས་མེར་བསྲེགས་གཏོང་མཁན་རྣམས་ཡིན་ནའང་། རེ་འདུན་བཏོན་ཡ་དེ་ང་ཚོ་ཆིག་སྒྲིལ་བྱེད་དགོས་ཀྱི་འདུག་གསུང་གི་ཡོད་སྟབས། ང་ཚོས་ཆིག་སྒྲིལ་དང་ནུས་པ་མཉམ་ཪུབ་བྱེད་རྒྱུ་དམ་བཅའ་བརྟན་པོ་བཟུང་བའི་ཐོག་ནས། ༸གོང་ས་མཆོག་གི་དགོངས་གཞི་ཡོད་པ་དེ་དག་བསྒྲུབ་ཐུབ་པ་བྱ་རྒྱུའི་ཐག་གཅོད་གསལ་བོ་ཞིག་གི་ཐོག་ནས་འགྲོ་ཐུབ་པ་ཡིན་ན་དགེ་ཕན་ཤུགས་ཆེན་པོ་ཡོང་གི་རེད།” ཅེས་གསུངས་སོང་། 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༧ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༩ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 2

  1. ཟླ་བ་བསོད་ནམས། says:
    ལོ་ 14 སྔོན།

    དམིགས་བསལ་ཚོགས་ཆེན་གྱི་ནུས་སྟོབས་དེ་ཕྱོགས་གང་གི་ཐད་ལ་སྤུངས་ཐུབ་རྒྱུ་རེད་དམ། སླར་ཡང་རྒྱ་ནག་མི་མང་དང་མགོ་གཙོ་དག་ལ་ད་ལྟའི་གཞུང་སྲིད་ཀྱི་ལངས་ཕྱོགས་གོ་བརྡ་སྤྲོད་ཐབས་ལ་འབད་རྒྱུ་ཡིན་ནམ། ཡང་ན་ཆིག་སྒྲིལ་གྱི་ནུས་བ་གོང་མཐོར་གཏོང་བར་བློ་རྩེ་གཅིག་ལ་གཏད་དེ། བསམ་རྒྱུ་གཉིས་སྨན་དང་དྲན་རྒྱུ་འབྲེལ་མོལ་ལས་མེད་པ་ཞིག་བཟོ་རྒྱུ་ཡིན་ནམ།
    ད་ནི་བོད་མི་རིགས་ཀྱི་རིག་གཞུང་གཙོ་བཞག་བའི་མྱུར་སྐྱོབས་ཀྱི་དགོས་འདུན་འདི། རྒྱ་ནག་མི་མང་གི་སེམས་རྩ་ནས་མེ་ཁ་གསོ་དགོས་བའི་འདོད་ཕྱོགས་ལྟར་ན། སྔོན་ཆད་ལན་བརྒྱ་ཆད་མཐུད་ཀྱིས་ཞི་མོལ་གང་བྱས་བ་དག འབྲེལ་མོལ་བྱེད་ཡུལ་ནོར་སོང་བ་རེད་དམ། དེ་མིན་་་་རྒྱ་ནག་མི་མང་ཁོ་རང་ཚོ་སྡུག་དོང་ན་ལྷག་བསྡད་ཡོད་པ་བསམ་ན། འུ་ཅག་ལ་བསམ་ཤེས་བྱེད་ཐུབ་པའི་ཀླད་ཆེན་ཁྱད་པར་བ་ཞིག་ད་སྔ་བྱུང་མྱོང་མེད་ལ། སླད་ཡང་རང་ལས་གཞན་གཅེས་ཀྱི་བློའི་ཁྱེར་སོ་ཞིག་ཙི་ནུའི་ཡུལ་ནས་འབྱུང་དཀའ་ཚོད་རེད། ཕྱོགས་ངོས་འདི་ནས་འུ་ཅག་གི་རེ་བ་འབུས་ས་དེ་རྒྱ་ནག་གི་དམངས་གཙོའི་ལས་སྐལ་ལ་ཐུག་འདུག་སྟེ། དོན་དངོས་ཐོག་རྒྱ་ནག་གི་འགྱུར་བ་དེ་ད་ལྟའི་པེ་ཅིན་མཁར་གྱི་སྲིད་ལུགས་འདིའི་འབོག་ལུག་རྗེས་སམ། མགོ་རྟིང་སློག་རྗེས་ཀྱི་འབྲས་བུ་དམངས་གཙོ་དེ་ཡིན་མི་སྲིད། རྒྱ་ནག་གི་འགྱུར་བ་ནི་ད་ལྟའི་སྲིད་ལུགས་འདིའི་སྐྱི་པགས་ཙམ་བརྗེས་ནས་འཛམ་གླིང་ཟླུམ་པོ་འདི་སྒང་གི་ཆེ་མཐོང་རེག་ཐབས་ཙམ་ཞིག་གམ། གཡང་གཟར་ན་གོས་ཆགས་ཤོར་ཡོད་པའི་ད་ལྟའི་སྲིད་ལུགས་འདི་ག་ལེར་བདེ་ས་ཞིག་འདྲུད་འདོད་པ་ཙམ་རེད། རྒྱུ་མཚན་ཉག་གཅིག་སྟེ། རྒྱ་ནག་མི་མང་གི་སེམས་ན་ད་ལྟའི་པེ་ཅིན་སྲིད་གཞུང་ལ་རྒྱབ་གཏད་རྗེས། སུ་ཞིག་གིས་རྒྱལ་ཁབ་མཐོར་འདེགས་བྱེད་ཐུབ་མིན་དོགས་བློས་ཁེངས་ནས་ཡོད་ལ། ཐ་ན་ཙི་ནུའི་་མཐའ་འཁོབ་གྱི་མི་རིགས་དག་སུ་ཞིག་གིས་བཅུམས་དགོས་བར་བསམ་པའི་དོགས་པ་ཡང་བྱུང་དང་འབྱུང་བཞིན་པ་རེད།

    Reply
  2. ཆོས་བཟང་། says:
    ལོ་ 14 སྔོན།

    འཚོགས་འདུས་ཐོག་འདྲ་ཆགས་སེ་རེ་བཤད། དོན་ལག་ལེན་རང་སྣང་གང་དྲན་དཀྲུགས་ཤིང་དང་སྒེར་དོན་ཁོ་ནས་སྐྱེལ་མཁན་ཚོ་གཙང་བཤགས་དགོས་རྒྱུ་ཉག་གཅིག་རེད་ སྤྱི་འཐུས་འཚོགས་ཁང་ནང་བོད་ཀྱི་བསྒྲིག་འཛུགས་དང་༧གོང་ས་མཆོག་ཟེར་དུས་མིག་སྤུ་ཟིམ་ཟིམ་གྱིས་རྒྱབ་སྐྱོར་ཆེ་མདོག མི་བདེན་པ་ནི་ས་རིལ་ཐང་གསལ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese