མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་མིང་པས་བརྩམས་པའི་༼ས་བྱི་ཁྲག་བྲིས་དམར་པོ༽པར་འགྲེམས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་དྲོ་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། བོད་ནང་གི་རྩོམ་པ་པོ་གངས་མིང་པས་བརྩམས་པའི་༼ས་བྱི་ཁྲག་བྲིས་དམར་པོ༽ཞེས་པའི་དེབ་དབུ་འབྱེད་གནང་སོང་།

དེ་རིང་ཕྱི་ཚེས་ ༢༤ ཉིན་གྱི་ཕྱི་དྲོ་ཕྱི་དྲིལ་ལྷག་པ་ཚེ་རིང་ཚོགས་ཁང་དུ། དཔེ་དེབ་དབུ་འབྱེད་ཀྱི་གསལ་འགོད་གསལ་བསྒྲགས་ཤིག་བསྐྱངས་ཏེ།  དབུས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་ཆེད་ཕེབས་ཀྱིས། བོད་ནང་གི་རྩོམ་པ་པོ་གངས་མིང་པ་ལགས་ཀྱི་བརྩམས་པའི་ ༼ས་བྱི་ཁྲག་བྲིས་དམར་པོ༽ཞེས་པའི་དེབ་དེ་དབུ་འབྱེད་འགྲེམས་སྤེལ་བྱས་སོང་། རྩོམ་པ་པོ་ཁོང་ད་ལྟའི་ཆར་རྒྱ་ནག་གི་འཇུ་བཟུང་བཀག་སྡོམ་འོག་བཞུགས་ཡོད་འདུག

༼ས་བྱི་ཁྲག་བྲིས་དམར་པོ༽ཞེས་པའི་དེབ་ནང་གཙོ་བོ། ཕྱི་ལོ་ ༢༠༠༨ ནས་ ༢༠༠༩ བར་གྱི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། རྩོམ་པ་པོ་གངས་མིང་པ་ཁོང་གིས་དངོས་སུ་མཐོང་བ་དང་ཐོས་པ། ས་གནས་ཁག་ཅིག་ལ་ཆེད་ཕེབས་ཀྱིས་གནས་སྟངས་ལ་ཞིབ་འཇུག་དང་། སྐབས་དེར་རྨས་སྐྱོན་ཕོག་སྟེ་སྨན་ཁང་ནང་སྡོད་མཁན་ཁག་ཅིག་ལ་བཅར་འདྲི་ཞུས་པ་སོགས། སྒྲོ་འདོགས་དང་འཁྱོག་བརྗོད་མེད་པའི་ཐོག་ནས་གནས་ཚུལ་རྣམས་ཟིན་བྲིས་བརྒྱབ་པ་ཞིག་ཡིན་འདུག དེ་དང་མཉམ་དུ་བོད་ཀྱི་རྩ་དོན་དང་བོད་དོན་འཐབ་རྩོད་བྱེད་ཕྱོགས། རྒྱ་ནག་གི་སྲིད་ཇུས་བཅས་ཀྱི་ཐད་རྩོམ་པ་པོ་རང་ཉིད་ཀྱི་བསམ་ཚུལ་དང་རེ་སྐུལ།  ༢༠༠༨ ལོའི་དམིགས་བསལ་ཚོགས་ཆེན་དང་པོའི་སྐབས། རྩོམ་པ་པོ་ཁོང་གིས་བརྒྱུད་ལམ་ཁག་ལ་ལྟ་ཉན་བྱས་ཏེ། ཉིན་རེ་རེའི་གནས་ཚུལ་རྣམས་ཟིན་ཐོ་བཀོད་པ་རྣམས་དང་། དེ་བཞིན། རྩོམ་པ་པོ་རང་ཉིད་དམིགས་བསལ་ཚོགས་ཆེན་ལ་དངོས་སུ་ཞུགས་ཐབས་མེད་པའི་སེམས་ཀྱི་སྐྱོ་ཚོར་དང་། དམིགས་བསལ་ཚོགས་ཆེན་ཐོག་ཞུ་འདོད་ཀྱི་བསམ་ཚུལ་བཅས་བཀོད་ཡོད་འདུག 

བཀྲ་ཤིས་བདེ་ལེགས་ཀྱིས་༼ས་བྱི་ཁྲག་བྲིས་དམར་པོ༽དེབ་ཀྱི་བྱུང་རིམ་དང་རྩོམ་པ་པོ་ངོ་སྤྲོད་གནང་དོན། “ བོད་ནང་གི་གནས་སྟངས་ཚང་མས་མཁྱེན་གསལ་ཡིན་པ་ལྟར། རྩོམ་པ་པོ་ཁོང་རང་གིས་དེབ་འདི་པར་འགྲེམས་གནང་མ་ཐུབ་པར་བརྟེན་ནས། མི་གསུམ་པ་ཞིག་བརྒྱུད་ང་ཚོ་འབྲེལ་ཡོད་ལ་སྐུར་ཏེ་ངེས་པར་དུ་པར་འགྲེམས་ཞུ་དགོས་པ་གསུངས་འདུག ཡིན་ནའང་། དེབ་དེ་ངའི་ལག་པར་མ་འབྱོར་བའི་ཉིན་གཉིས་ཀྱི་སྔོན་ལ་རྩོམ་པ་པོ་ཁོང་རྒྱ་གཞུང་གིས་འཇུ་བཟུང་བཙན་ཁྲིད་བྱས་ཏེ། ད་ལྟའི་ཆར་རྒྱ་གཞུང་གི་བཀག་ཉར་འོག་ཡོད་པ་རེད།” ཅེས་བརྗོད་དེ། དེབ་དེ་པར་འགྲེམས་བྱེད་དོན་གཙོ་བོ་ནི། རྩོམ་པ་པོ་ཁོང་གིས་ངེས་པར་དུ་སྤྱི་ཚོགས་ཁྲོད་འགྲེམས་སྤེལ་ཡོང་བའི་རེ་སྐུལ་ལྟར་པར་འགྲེམས་ཞུས་པ་ཡིན་པ་དང་། དེབ་འདིས་རྩོམ་པ་པོ་ཁོང་ཉིད་ཀྱི་མགྲིན་ཚབ་བྱས་ཏེ། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་ཐོག་འགྲེམས་སྤེལ་ཡོང་བའི་རེ་བ་ཡོད་ལ། དེ་བཞིན། དམིགས་བསལ་ཚོགས་ཆེན་དེ་བོད་ནང་གི་ཛ་དྲག་གནས་སྟངས་དང་འབྲེལ་བ་ཆགས་ཡོད་སྟབས། བོད་ནང་གི་གནས་སྟངས་དང་བོད་མིའི་མངོན་འདོད་ངེས་པར་ཤེས་དགོས་སྟབས། བོད་ནང་གི་བོད་མི་ཚོའི་འབོད་སྒྲ་མཁྱེན་རྟོགས་དང་དྲན་གསོ་ཡོང་བའི་ཆེད། དེབ་འདིའི་ནང་རང་ལུས་མེར་བསྲེགས་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམ་པའི་ཞལ་ཆེམས་དང་། བོད་ནང་དུ་རིམ་པར་བྱུང་བའི་ཞི་རྒོལ་སྐབས་སོ་སོའི་འབོད་ཚིག་བཅས་ཀྱང་ཟུར་བཀོད་བྱས་ཡོད་སྐོར་ངོ་སྤྲོད་གནང་སོང་།

ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས། བོད་ནང་གི་རྩོམ་པ་པོ་གངས་མིང་པ་ལགས་ཀྱིས་བརྩམས་པའི་༼ས་བྱི་ཁྲག་བྲིས་དམར་པོ༽དབུ་འབྱེད་དང་སྦྲགས། “རྩོམ་པ་པོ་ཁོང་གིས་སོ་སོའི་སྲོག་ལ་མ་འཛེམས་པའི་ཐོག་ནས་བོད་ནང་གི་གནས་ཚུལ་རྣམས་ཡིག་ཐོག་ལ་བཀོད་ཡོད་པ་རེད། ད་ཐེངས་དམིགས་བསལ་ཚོགས་ཆེན་དང་ཁ་ཐུག་འཁེལ་བ་དེ་ཧ་ཅང་ཡག་པོ་བྱུང་འདུག” ཅེས། བོད་ནང་གི་བོད་མི་ཚོས་རང་སྲོག་བློས་གཏོང་གི་སྒོ་ནས། བོད་མིའི་རང་དབང་དང་ཐོབ་ཐང་བརྩོན་ལེན་གནང་བཞིན་པའི་སྐོར་གྱི་གནས་ཚུལ་དང་། པར་རིས། གློག་བརྙན། ཡིག་བྲིས་སོགས་རིང་ཐུང་ལ་མ་བལྟས་པའི་ཐོག་ནས་ཧ་ཅང་རྩ་ཆེན་པོ་གནང་གི་ཡོད་སྐོར་གསུངས་སོང་།

དེ་བཞིན། དེབ་དེའི་སྔོན་གླེང་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས། “ ས་བྱི་ཞི་རྒོལ་ཆེན་མོའི་སྐབས་བོད་ཆོལ་ཁ་གསུམ་ནས་ཕོ་མོ་དང་རྒན་གཞོན། ཞིང་འབྲོག གྲྭ་བཙུན་དབྱེ་བ་མེད་པའི་ཐོག་ནས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་སྐབས། རྒྱ་ནག་གཞུང་གིས་གནད་དོན་སྣ་ཚོགས་ལ་ཁ་གཡར་ནས་བོད་མི་རྣམས་གསོད་རྡུང་བཙོན་འཇུག་སོགས་བྱས་དང་བྱེད་བཞིན་པ་རྣམས། དངོས་སུ་མིག་གིས་མཐོང་བ་དང་དངོས་ཡོད་ཀྱི་གནས་ཚུལ་ཤེས་མཁན་ཚོས། རང་སྲོག་ལ་མ་འཛེམས་པར་ཉིན་རེའི་ནང་གང་བྱུང་བ་རྣམས་ཟིན་ཐོར་བཀོད་དེ། འཛམ་གླིང་མི་མང་གིས་བོད་ཀྱི་དཀའ་སྡུག་ཤེས་རྟོགས་ཆེད་འདི་ལྟར་སྙིང་སྟོབས་བསྐྱེད་པ་ནི། བོད་མི་རིགས་ཀྱི་སྙིང་སྟོབས་དང་ཞི་བའི་འཐབ་རྩོད་རྣམས་ལོ་རྒྱུས་ཀྱི་དེབ་ཐེར་ནང་ནམ་ཡང་གསོན་གནས་ཐུབ་པ་ཞིག་ཆགས་ཡོད།” ཅེས་བཀོད་འདུག

ས་བྱི་ཁྲག་བྲིས་དམར་པོའི་མཐའ་མཇུག་གི་གཏམ་དུ། རྩོམ་པ་པོ་ཁོང་ཉིད་ཀྱིས་ “ཁྲི་མུན་ན་སྡུག་བསྔལ་མྱོང་མི་ཚོ་སྡུག་གྱོང་གིས་འཚོ་དགོས་པ་ཡིན་ནམ། ཁོ་ཚོས་ཐོད་དུ་བླངས་པའི་སྡུག་བསྔལ་ནི་འུ་ཅག་བོད་པ་ཚང་གི་སྡུག་བསྔལ་ཡིན་ན། འུ་ཅག་གིས་སེམས་ནས་བཟོད་ཐུབ་བམ། གཏན་ནས་བཟོད་མི་ཐུབ། དེས་ན་རང་རང་གི་གོ་གནས་དང་ལས་ཀ། ཅ་ནེ་སོགས་ཀྱང་གལ་ཆེ་རུང་གཙོ་བོ་མི་རིགས་ཀྱི་ཆེད་དུ་གསོན་དགོས་ལ་ཤི་བའི་ཉིན་མོར་འཆི་དགོས། འདི་ལྟར་འཆི་བ་ལ་རིན་ཐང་ཡོད་པས། ཡོད་ཚད་ཀྱིས་མཐུན་པའི་དཔུང་བ་མཉམ་གཤིབས་ཀྱིས་བདེན་པའི་འོ་དོད་འབོད། ཞི་བའི་ཡར་ལངས་མུ་མཐུད་སྤེལ།” ཞེས་བྲིས་འདུག

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

The Chinese People’s Liberation Army (PLA) Photo:ORF
Mobile App

རྒྱ་ནག་གཞུང་གིས་མི་འགྱངས་བར་བསྐྱར་བཅོས་བྱས་པའི་རྒྱལ་སྲུང་གི་ཁྲིམས་ཡིག་ཅིག་ལག་བསྟར་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༦ སྔོན་ལ།
Joshua Wong gets arrested by the police after protesting along with other activists at the Golden Bauhinia for the release of Liu Xiaobo at the Hong Kong Convention and Exhibition Centre in Wan Chai. 28JUN17 SCMP / David Wong
Mobile App

ཧོང་ཀོང་གི་དམངས་གཙོའི་ལས་འགུལ་བ་ཇོ་ཧྲ་ཝང་ལ་ཚེ་བཙོན་ཁྲིམས་ཆད་འཕོག་སྲིད་སྐོར་བརྗོད་འདུག

ཆུ་ཚོད་ ༧ སྔོན་ལ།
པར་བློ་བཟང་ལུང་རྟོགས་ལགས་ཀྱིས་མཁོ་འདོན་བྱས།
Mobile App

ཨོ་གླིང་གནས་མཁར་གསར་བོད་རིགས་མཐུན་ཚོགས་ཀྱིས་དམངས་གཙོའི་དུས་དྲན་སྲུང་གཙི་བྱས། 

ཆུ་ཚོད་ ༩ སྔོན་ལ།
དམངས་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ། དུས་བབ་ཀྱི་པར།
Mobile App

དམངས་གཙོའི་དུས་དྲན་ཐེངས་ ༦༦ པ་སྲུང་གཙི་གནང་། 

༢༠༢༦/༠༩/༠༢
Mobile App

བལ་བོད་ས་མཚམས་ཀྱི་ཆུ་ལོག་ལས་བོད་ནང་གི་དངོས་ཡོད་གནས་ཚུལ་ཁ་གསལ་བཟོ་དགོས་པའི་འབོད་སྐུལ་ཞུས་སོང་།

༢༠༢༦/༠༩/༠༡
པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ཟ་བཅུག་ནས་ཁ་ལ་བལྟ། འགྲོ་བཅུག་ནས་རྗེས་ལ་བལྟ།

༢༠༢༦/༠༩/༠༡

མཆན། 3

  1. ཤུལ་ལུང་རྡོ་རྗེ། says:
    ལོ་ 14 སྔོན།

    རྩོམ་དེབ་འདི་གང་ནས་འཐོབ་ཀྱིན་ཡོད་དམ། ངས་ངེས་པར་དུ་ཀློག་རྒྱུ་ཡིན། དཔའ་བོ་ཤེས་ཡོན་ཅན་དེར་སྙིང་ནས་དགའ་བ་སྒོམ་ཡོད།

    Reply
  2. རྒྱ་གྲོལ says:
    ལོ་ 14 སྔོན།

    བོད་ནང་གི་རྩོམ་པ་པོ་གངས་མིང་པས་ལགས་ཀྱིས་བརྩམས་གནང་བའི་དེབ་དེ་ངོ་མ་བལྟ་འདོད་ཆེ་བས་གང་མང་མི་མང་ནང་བཀྲམ་ཐུབ་པའི་རེ་བ་ཡོད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་ནང་གི་རྩོམ་པ་པོ་གངས་མིང་པ་ལགས་ཀྱིས་བརྩམས་པའི་༼ས་བྱི་ཁྲག་བྲིས་དམར་པོ༽གང་མང་སྤར་ནས་དབུ་འབྱེད་དང་སྦྲག་འགྲེམ་སྤེལ་གསལ་སྒྲག་ཐུབ་པར་དགའ་སྤོབས་ཆེ་ལགས། རྗེས་སུ་ཡི་རང་ཡང་ཡོད་ལགས། ཐུགས་རྗེ་ཆེ་ཞེས་ཀྱང་ཞུའོ། །

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese