མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གངས་རུད་ཁྲོད་མི་༩ རྐྱེན་འདས།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༤
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཉི་མའི་ཉིན་བལ་ཡུལ་ནུབ་བྱང་རི་རྒྱུད་དུ་གངས་རུད་བྱུང་སྟེ། ཕྱི་གླིང་རི་འཛེགས་པ་དང་ལམ་ཁྲིད་པ ༩ རྐྱེན་འདས་དང་མི་ ༤ བོར་བརླགས་ཕྱིན་འདུག

ཕྱི་ཚེས་ ༢༣ ཉིན་བལ་ཡུལ་ནུབ་བྱང་མཱ་ཎ་སི་ལུ་(Mount Manaslu) རི་རྒྱུད་དུ་གློ་བུར་གངས་རུད་བྱུང་སྟེ། ཕྱི་གླིང་རི་འཛེགས་པ་ཁག་ཅིག་གི་སྡོད་གུར་བསྣུབས་ཞིང་། རི་འཛེགས་པ་དང་ལམ་ཁྲིད་པ་བཅས་མི་ ༩ རྐྱེན་ལམ་དུ་ཕྱིན་ཡོད་པ་དང་།  མི་ ༤ བོར་བརླགས་བྱུང་ཡོད་པ་རྣམས་གངས་རུད་ཀྱི་འོག་ཏུ་ཤོར་ཡོད་པར་ཚོད་དཔག་བྱེད་ཀྱི་ཡོད་འདུག

བལ་ཡུལ་ཉེན་རྟོག་པས་བརྗོད་པ་ལྟར་ན། གངས་རུད་ཀྱི་དོན་རྐྱེན་བྱུང་འཕྲལ་མྱུར་སྐྱོབ་མི་སྣས་ཐད་འཕུར་གནམ་གྲུ་བཏང་སྟེ་དོན་རྐྱེན་བྱུང་ཡུལ་དུ་ཕྱིན་ཡོད་པ་དང་། སྐབས་དེར་འཇར་མན་པ་ཞིག་དང་བལ་ཡུལ་གྱི་རི་འཛེགས་ལམ་ཁྲིད་པ་གཉིས་ཀྱི་ཕུང་བོ་རྙེད་སོན་བྱུང་ཡོད་པ་དང་།  གཞན་རི་འཛེགས་པ་བདུན་གྱི་ཕུང་བོ་མཁའ་དབྱིངས་ནས་གར་ཡོད་ཤེས་རྟོགས་བྱུང་ཡོད་ཀྱང་ལེན་མ་ཐུབ་པར་ལྷག་ཡོད་འདུག  མི་ ༥ ཉེན་སྐྱོབ་ཐུབ་ཡོད་པ་རྣམས་སྨན་ཁང་དུ་ཁྲིད་ཡོད་པ་དང་། རི་འཛེགས་སྡེ་ཁག་དེའི་ཁྲོད་ཀྱི་མི་ ༤ ཤི་གསོན་གང་ཡང་ཤེས་རྟོགས་མ་ཐུབ་པར་ལྷག་འདུག

མཱ་ཎ་སི་ལུ་ནི་འཛམ་གླིང་ནང་གི་རི་མཐོ་ཤོས་བརྒྱད་པ་དེ་ཡིན་ལ། འཛམ་གླིང་ནང་གི་རི་མཐོ་ཤོས་ ༡༤ ནང་གི་ཇོ་མོ་གླ་མ་ཚུད་པའི་རི་མཐོ་ཤོས་བརྒྱད་ཧི་མ་ལ་ཡའི་རི་རྒྱུད་དུ་ཡོད་ཅིང་། བལ་ཡུལ་ནང་ཕྱི་ཟླ་ ༩ ནས་ ༡༡ བར་ཕྱི་གླིང་རི་འཛེགས་པ་བརྒྱ་ཕྲག་མང་པོ་ཡོང་པའི་དུས་ཚུགས་ཤིག་ཆགས་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠
Mobile App

ཞི་ཅིན་ཕིན་ལ་བསུ་སྐྱེལ་བྱེད་མཁན་ཚོར་གླ་ཆ་སྤྲད་རྒྱུ་ཡིན་ཟེར།

༢༠༢༦/༠༩/༡༠

མཆན། 5

  1. མི་རྟག་པས་ཟིན་པའི་ཤ་རུས says:
    ལོ་ 14 སྔོན།

    གསར་ལམ་ཁག་ནས་གནས་ཚུལ་ཡང་དག་པ་རེ་སྤེལ་ན་བཟང་སྙམ་། ཨེ་ཤི་ཡ་རང་དབང་རླུང་འཕྲིན་ཁང་ནས་འདི་ལྟར་བྲིས་འདུག།
    རི་འཛེགས་པའི་ཚེ་སྲོག་ཤོར་བ་རྒྱ་ནག་ལ་འབྲེལ་བ་ཡོད།
    26 Sep 16:01 | 

    བོད་དང་ས་འབྲེལ་བལ་ཡུལ་མཐའ་མཚམས་སུ་ནུབ་ཕྱོཊ་པའི་རི་འཛེགས་རུ་ཁག་ཅིག་གངས་ཤུད་ཐེབས་པའི་འོག་མནན་སྟེ་མི་༨་གྲོངས་པ་དང་མི་གསུམ་གར་སོང་ཆ་མེད་དུ་གྱུར་ཡོད་དེ་རྒྱ་ནག་དང་འབྲེལ་བ་ཡོད་ཟེར།

    དེ་ཡང་རི་འཛེགས་རུ་ཁག་གི་ཨང་ཚེ་རིང་གིས་བརྗོད་དོན། རྒྱ་ནག་གི་ཕྱོགས་ནས་གངས་རིེར་འཛེགས་བསྐྱོད་བྱེད་ཆོག་པའི་ཆོག་མཆན་མ་སྤྲད་པར་བརྟེན་མི་ཚོ་བལ་ཡུལ་ཕྱོགས་ནས་རི་བོ་འཛེགས་བཞིན་པ་ཤིན་ཏུ་དཀའ་བའི་གནས་སྟངས་འོག་ཡོད་ཐོག་ད་ཐེངས་རི་འཛེགས་པའི་ཚེ་སྲོག་ཤོར་བ་འདི་ཡང་རྒྱ་ནག་དང་འབྲེལ་བ་ཡོད་པའི་སྐོར་བཤད་ཡོད་པ་རེད། ཚེ་སྲོག་ཤོར་བའི་རི་འཛེགས་རུ་ཁག་དེ་ཚོའི་ནང་Franceམི་རིགས་༤་དང་ དང༌། Germany,༡ Italy༡་སི་པིན་ནས་༡་བཅས་དང་བལ་ཡུལ་གྱི་རི་འཛེགས་ལམ་སྣེ་ཁྲིད་མཁན་གཅིག་བཅས་རི་སྟེང་དུ་བབས་ཚུགས་བྱས་ཏེ་ངལ་གསོས་གཉིད་ཁུག་པའི་སྐབས་གངས་རུས་འོག་ཤོར་ཡོད་པའི་སྐོར་འགྲེལ་བརྗོད་བྱས་ཡོད་པ་རེད། 

    རྩ་བའི་བོད་ནང་སྤྱི་ལོ་༢༠༠༨་ལོར་བོད་རྒྱལ་ཡོངས་ཀྱི་ནང་བོད་མིས་རྒྱ་ནག་གཞུང་གི་བཙན་དབང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་ནས་བཟུང་དེ་བར་བོད་མིའི་རང་དབང་ཐོབ་ཐང་ཆེད་དུ་བོད་མི་མང་པོས་རྒྱ་ནག་གཞུང་ལ་ངོ་རྒོལ་མཚོན་ཆེད་རང་ལུས་རང་གིས་མེ་བསྲེགས་བཏང་བ་དང་དེ་བཞིན་༢༠༠༨་ལོར་སྦད་ཅིང་དུ་ཨོ་ལིམ་པིག་གི་ལུས་སྩལ་འགྲན་རྩེད་སྐབས་སུ་སྒྲོན་མེ་ཇོ་མོ་གླང་མའི་རི་རྩེར་འཁྱེར་རྒྱུའི་ལས་འགུལ་སོགས་སྤེལ་བ་བརྒྱུད་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་རི་འཛེགས་རུ་ཁག་ལ་རི་འཛེགས་ཆོག་པའི་ཆོག་མཆན་མི་སྤྲོད་པའི་དཀལ་ཇི་སྙེད་ཅིག་འཕྲད་དེ་གོང་གསལ་གོད་ཆག་དེ་ཚོ་བྱུང་ཡོད་པའི་སྐོར་བཤད་འདུག། དངོས་གནས་བལྟས་ན་སུ་ལ་ཡིད་ཆེས་དགོས་སམ་མང་ཚོགས་མགོ་སྐོར་གཏོང་བྱེད་འདྲ་མི་འགྱུར་བའི་རེ་བ་ཞུ་།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རི་འཛེགས་པ་དེ་ཚོ། རྒྱ་ནག་གཞུང་གིས་བོད་ཕྱོགས་ནས་སླ་ས་ནས། འཛེགས་མ་བཅུགས་པར། དཀའ་ས་བལ་ཡུལ་ཕྱོགས་ནས། འཛེགས་དགོས་སྟབས། རྐྱེན་ངན་གོད་ཆག་དེ་དག་བྱུང་བ་ཡང་། བཤད་འདུག

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    རི་འཛེགས་ལམ་འཁྲིད་པ་བོད་རིགས་ཤར་པ་ཅིག་མིན་འགྲོ་ཨང་། ད་ནས་བོད་རིགས་རྣམས་ནས་ལས་རིགས་འདི་ཡི་རིགས་མཚམས་བྱེད་ཐུབ་ན་མི་ལེགས་སམ། སྨོན་ལམ་བཅས།

    Reply
  4. thapkegyatso says:
    ལོ་ 14 སྔོན།

    སྙིང་རྗེ་མི་སུ་དང་སུ་ཡིན་ཡང་ནམ་འཆི་ལ་ངེས་པ་མེད་པ་འདི་ལྟར་བཞུད་ངེས།སྐྱེ་རྒ་ན་འཆི་་་་་་་་་

    Reply
  5. བློ་བཟང་མདོ་སྔགས། says:
    ལོ་ 14 སྔོན།

    བོད་ཀྱི་གཏམ་དཔེར། ཤེས་བཞིན་དུ་འཐུང་། དང་། ཡང་ན་མཛོ་རྩྭ་བཟའ་ས་ནས་རྦབ་ལ་རིས། ཞེས་པ་འདི་འདྲ་ཞིག་གོ་བ་ལེན་དགོས་པ་ལོས་ཀྱང་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese