མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ས་གནས་མི་མང་གི་བསམ་ཚུལ་དཀོན་པོ་རེད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་དམིགས་བསལ་ཚོགས་ཆེན་གྱི་ཉིན་དང་པོར་ཚོགས་ཆུང་ཁག་གི་ནང་དུ། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་བགྲོ་གླེང་གནང་བཞིན་ཡོད་འདུག

དེ་རིང་སྔ་དྲོར་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པའི་དབུ་འཛུགས་མཛད་སྒོའི་ལས་རིམ་ཁག་གྲུབ་རྗེས། ཚོགས་བཅར་བ་ཡོངས་ཚོགས་ཆུང་ཁག་ ༡༠ རུ་བགོས་ཏེ་ཉིན་དང་པོའི་བརྗོད་གཞི། “ ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་དམངས་གཉིས་ནས་དགོང་ལེན་ཆེད། བཙན་བྱོལ་བོད་མིའི་ངོས་ནས་བཀའ་སྤྱི་གཉིས་ཀྱི་ལམ་སྟོན་ཞི་བ་དང་། ཡུལ་ཁྲིམས་དང་མི་འགལ་བ། ཆེ་མཐོང་ལྡན་པའི་ངང་བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས་སྐོར” ལ་བསམ་ཚུལ་དང་བགྲོ་གླེང་གནང་མགོ་ཚུགས་ཡོད།

འདི་གའི་གསར་འགོད་པས་གསོལ་ཇའི་བར་གསེང་དང་བསྟུན་ཏེ་ཚོགས་ཆུང་ ༤ པའི་ཚོགས་ཞུགས་པ་བསྟན་འཛིན་སྒང་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བསོད་ནམས་འབྱོར་ལྡན་ལགས་སུ་། ཚོགས་ཆུང་ནང་བསམ་ཚུལ་གཙོ་བོ་ག་རེ་སྐོར་ལ་ཡོང་གི་ཡོད་མེད་དྲིས་པར། བགྲོ་གླེང་དབུ་འཛུགས་རིང་གཙོ་བོ་བོད་ཀྱི་རིག་གཞུང་དང་སྐད་ཡིག་ལ་བདག་པོ་རྒྱག་རྒྱུ་དང་། ལྷག་དཀར་ལས་འགུལ་ཐོག་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་གལ་ཆེན་ཡིན་སྐོར་བགྲོ་གླེང་གནང་བཞིན་ཡོད་སྐོར་ངོ་སྤྲོད་གནང་སོང་།

ཚོགས་ཆུང་ ༥ པའི་ཚོགས་ཞུགས་པ་སྦེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་གི་མི་མང་འཐུས་ཚབ་བསྟན་འཛིན་ཆོས་འཕེལ་ལགས་སུ། ཐེངས་འདིའི་ཚོགས་ཆེན་ཐོག་ས་གནས་མི་མང་གི་བསམ་ཚུལ་བསྡུས་ཡོད་མེད་དྲིས་པར། ཁོ་རང་གིས་མང་ཚོགས་ཀྱི་བསམ་ཚུལ་བསྡུས་ཏེ་ཡིག་ཐོག་བསྣམས་ཡོད་སྐོར་བརྗོད་སོང་ལ། ཡིག་ཐོག་གི་བསམ་ཚུལ་ནང་། དང་པོ། ༧གོང་ས་མཆོག་གི་དགོངས་བཞེད་དབུ་མའི་ལམ་ལ་མུ་མཐུད་རྒྱབ་སྐྱོར་ཞུ་རྒྱུ་དང་། གཉིས་པ། བོད་ནང་གི་ཛ་དྲག་གནས་སྟངས་ཇི་བཞིན་རྟོགས་ཆེད་རྒྱལ་སྤྱིའི་འཐུས་ཚབ་དང་རང་དབང་ཅན་གྱི་གསར་འགོད་པ་བོད་ལ་བསྐྱོད་ཐུབ་པར་འབད་བརྩོན་ཞུ་དགོས་པ། གསུམ་པ། བོད་ནང་གི་དཀའ་ངལ་སེལ་ཐབས་དང་འདས་པོ་རྣམས་ཀྱི་རེ་བ་འགྲུབ་ཆེད་མཆོད་འབུལ་སྨོན་ལམ་རྐྱང་པ་མིན་པར། དབུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་མང་ཚོགས་མཉམ་ཞུགས་ཀྱི་ལས་འགུལ་གཞན་གང་མང་སྤེལ་དགོས་པ་བཅས་བཀོད་འདུག

ཡང་གསར་འགོད་པས་ཚོགས་ཆུང་ ༨ པའི་ཚོགས་ཞུགས་པ་བལ་ཡུལ་བལ་ལུང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་གྲྭ་དགེ་ལེགས་ཆོས་འཕེལ་ལགས་སུ། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་ལ་རེ་བ་གང་འདྲ་ཞིག་བཟུང་ཡོད་མེད་དྲིས་པར་ཁོང་གིས། ཚོགས་ཆེན་འདི་བརྒྱུད་དེ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་ཁ་ཡོད་ལག་ཡོད་ཀྱི་ཐག་གཅོད་ཅིག་ཡོང་བའི་རེ་བ་བཟུང་ཡོད་པ་དང་། ཚོགས་ཆེན་འདིའི་ཐོག་གི་བསམ་ཚུལ་གལ་ཆེན་ཁག་ལ་ཁྲིམས་ཀྱི་ནུས་པ་ཡོད་པ་ཞིག་ཡོང་ཐབས་ལ། ཚོགས་ཆེན་གྲོལ་རྗེས་གྲོས་ཚོགས་འཕར་མ་ཞིག་ཚོགས་ཏེ་གྲོས་ཆོད་འཇོག་གལ་ཆེ་ཚུལ་སོགས་བརྗོད་བྱུང་།  

གཞན། ཚོགས་ཆུང་མང་པོ་ཞིག་ཏུ་ཉེ་ཆར་༧གོང་ས་མཆོག་གི་ཐུགས་ཕམ་གྱི་བཀའ་སློབ་དང་འབྲེལ་ཏེ། རང་བཙན་དང་དབུ་མའི་ལམ་གྱི་ལྟ་གྲུབ་འཛིན་མཁན་ཚོགས་པ་དང་མི་སྒེར་སོགས་ཀྱི་སྐོར་ལ་བསམ་ཚུལ་དང་བགྲོ་གླེང་ཡོང་བཞིན་པའི་ཐད། ཚོགས་ཆུང་ ༧ པའི་ནང་གི་ཚོགས་བཅར་པ་བྱང་ཨ་རིའི་སྤྱི་འཐུས་བཀྲ་ཤིས་རྣམ་རྒྱལ་ལགས་སུ་ཁོང་རང་ཉིད་ལ་ལྟ་ཚུལ་ག་རེ་ཡོད་མེད་དྲིས་པར་ཁོང་གིས་དབུ་མའི་ལམ་དང་རང་བཙན་གྱི་ལྟ་གྲུབ་འཛིན་མཁན་སུ་ཡིན་རུང་སོ་སོའི་ལངས་ཕྱོགས་ཐོག་བོད་སྤྱི་བའི་དམིགས་ཡུལ་མངོན་འགྱུར་ཡོང་ཐབས་བྱ་རྒྱུ་ལས་གཅིག་གིས་གཅིག་ལ་སྐྱོན་འཛུགས་བྱ་རྒྱུ་དེ་མ་རེད་ཅེས་བརྗོད་བྱུང་།

ཚོགས་ཆེན་གོ་སྒྲིག་གནང་མཁན་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱི་མགྲིན་ཚབ་པ་བསྟན་འཛིན་ནོར་བུ་ལགས་སུ་བཅར་འདྲི་ཞུས་པར། ཉིན་དང་པོའི་བརྗོད་གཞི་ད་ལྟའི་བོད་ནང་གི་ཛ་དྲག་ལ་གདོང་ལེན་ཆེད་བཙན་བྱོལ་བོད་མི་ཚོས་ག་རེ་བྱ་དགོས་པ་དང་། སང་ཉིན་རྒྱལ་སྤྱིའི་ནང་ག་རེ་བྱ་དགོས་པ། ཉིན་གསུམ་པར་ལྷོ་ཤར་ཨེ་ཤ་ཡའི་ནང་ག་རེ་བྱ་དགོས་པ་བཅས་ཡིན་འདུག་ལ། ཐེངས་འདིའི་ཚོགས་བཅར་པ་ཕལ་ཆེ་བ་ས་གནས་འཐུས་ཚབ་དང་ཚོགས་པ་སྒྲིག་འཛུགས་ཁག་ལ་གོ་སྐབས་ཕུལ་བ་དེ་གཙོ་བོ་མང་ཚོགས་དང་ཚོགས་པ་ཁག་གི་བསམ་ཚུལ་སླེབས་ཐབས་ཡིན་སྐོར་བརྗོད་ཀྱང་། གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིར་ཚོགས་བཅར་བ་མང་ཆེ་བས་སོ་སོ་སྒེར་གྱི་བསམ་ཚུལ་འདོན་པ་ལས། ས་གནས་མང་ཚོགས་དང་ཚོགས་པའི་བསམ་ཚུལ་བསྡུས་ཏེ་འཁྱེར་ཡོང་མཁན་དཀོན་པོ་ཡིན་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

ཆུ་ཚོད་ ༣ སྔོན་ལ།
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

ཆུ་ཚོད་ ༢༢ སྔོན་ལ།
Mobile App

ཁ་མཆུ་ཨང་ ༢༣ པའི་གཏན་འབེབས་ཀྱི་ཉན་ཞིབ་འཚོགས། 

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ཨ་རིའི་གྲོས་ཚོགས་གོང་མའི་ནང་བོད་ཀྱི་མ་འོངས་འགན་སྲུང་ཁྲིམས་འཆར་ངོ་སྤྲོད་གནང་།

༢༠༢༦/༠༨/༡༢
Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

༢༠༢༦/༠༨/༡༡
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

༢༠༢༦/༠༨/༡༡

མཆན། 2

  1. བསྟན འཛིན་ཆོས་རྒྱལ says:
    ལོ་ 14 སྔོན།

    ས་གནས་མི་མང་གི་བསམ་ཚུལ་དཀོན་དོན་ཅི་ཡིན་དང་། མ་འོང་བར་མི་མང་གི་བསམ་ཚུལ་ཇེ་མང་ངམ་མང་ཙམ་བསྡུ་ལེན་ཐུབ་པར་ག་རེ་གནང་དགོས་སམ། འདིའི་ཐད་ནས་གླེང་དགོས་གལ་ཆེ་བར་འདོད་དོ།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་“ ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་དམངས་༼མང་༽གཉིས་ནས་དགོང་ལེན་ཆེད། བཙན་བྱོལ་བོད་མིའི་ངོས་ནས་བཀའ་སྤྱི་གཉིས་ཀྱི་ལམ་སྟོན་ཞི་བ་དང་། ཡུལ་ཁྲིམས་དང་མི་འགལ་བ། ཆེ་མཐོང་ལྡན་པའི་ངང་བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས་སྐོར” ་་་་རེད་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese