མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

པའོ་ཞི་ལའེ་ཁྲིམས་ལ་སྦྱོར་ཁར་ཅཱང་ཙེ་མཱེན་ཕྱི་ལ་ཐོན་པ།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

བསླེབ་ལ་ཉེ་བའི་ཕྱི་ཟླ་ ༡༠ རྒྱ་གཞུང་དམར་ཤོག་ཚོགས་འདུ་ཐེངས་བདུན་པའི་ཐོག པའོ་དམར་ཤོག་རྩ་འཛུགས་ཁྲོད་ཕྱིར་ཕུད་བཏང་རྗེས་ཁྲིམས་ལ་སྦྱོར་རྒྱུ་ཡིན་པ་དང་། མ་མཐར་ཁོ་ལ་ལོ་ ༢༠ ཁྲིམས་ཐག་གཅོད་སྲིད་པའི་ཚོད་དཔག་བྱེད་བཞིན་འདུག 

ཉེ་ཆར་གསར་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན་ལྟར་ན། ཕྱི་ཟླ་ ༡༠ ནང་འཚོགས་འཆར་གྱི་རྒྱ་གཞུང་སྐབས་བདུན་པའི་དམར་ཤོགས་ཚོགས་འདུ་ཐེངས་བདུན་པའི་ཐོག པའོ་ཞི་ལའེ་དམར་ཤོག་རྩ་འཛུགས་ཁྲོད་ཕྱིར་ཕུད་དང་གཞུང་གི་ལས་གནས་རྣམས་ཕྱིར་བསྡུ། རྒྱལ་ཡོངས་མི་དམངས་འཐུས་མིའི་ཐོབ་ཐང་རྩིས་མེད་བཅས་བཟོས་རྗེས། པའོ་ཞི་ལའེ་ཡི་གནད་དོན་ཁྲིམས་ཐོག་ལ་བསྐྱལ་ཏེ་ཁྲིམས་ཁང་ནས་ཐག་གཅོད་བྱ་རྒྱུ་ཡིན་འདུག

རྒྱ་ནག་ལའེ་ཉིན་ཞིང་ཆེན་ནས་ཐོན་པའི་གནས་ཚུལ་ལྟར་ན། རྒྱ་ནག་དབུས་གཞུང་གི་བཀོད་མངག་འོག་ས་གནས་མི་སྣ་ ༣༠༠ ཡིས་གྲུབ་པའི་ཞིབ་བཤེར་ཚོགས་ཆུང་གིས། ཕྱི་ཟླ་ ༩ ཚེས་ ༢༣ ཉིན། དེ་སྔོན་པའོ་ཞི་ལའེ་ཏཱ་ལེན་དང་ལའེ་ཉིན་དུ་དཔོན་གནས་འཁུར་བཞིན་པའི་སྐབས་ཁྲིམས་འགལ་ནག་ཉེས་བསགས་ཡོད་པའི་སྐོར་གྱི་ཞིབ་བཤེར་སྙན་ཐོ་བཟོས་ཚར་ཡོད་པ་དང་། པའོ་ཞི་ལའེ་ཡི་ལྐོག་དངུལ་རུལ་སུངས་ཀྱི་གྲངས་འབོར་རྒྱ་སྒོར་དུང་ཕྱུར་ ༡ བརྒལ་ཡོད་ཅིང་། དེའི་ཁྲོད་ཏཱ་ལེན་ཧྲི་ཏིག་ཁེ་ལས་ཚད་ཡོད་བཟོ་གྲྭའི་ལས་འཛིན་ལྷན་ཚོགས་ཀྱི་མགོ་གཙོ་ཞིས་མཱེན་གྱིས་སྤྲད་པའི་ལྐོག་དངུལ་གྱིས་སྤྱི་འབོར་གྱི་སུམ་ཆ་གཅིག་ཟིན་ཡོད་འདུག

མཱེན་ཅིན་གསར་འགྱུར་དྲ་བས་རྒྱ་གཞུང་གི་སྲིད་དོན་མི་སྣའི་སྐད་ཆ་ལུང་འདྲེན་གྱིས་གནས་ཚུལ་སྤེལ་བ་ལྟར་ན། པོ་ཞི་ལའེ་ལ་ལྐོག་དངུལ་རུལ་སུངས་དང་། དབང་ཆ་ཐལ་སྤྱོད། ཁྲིམས་འགལ་ཕྱོགས་འཁྱེར། འཚོ་ཐབས་རུལ་སུངས་བཅས་ནག་ཉེས་ཁག་ ༤ ཐོག་ནས་ཁྲིམས་བཤེར་བྱ་རྒྱུ་ཡིན་པ་མ་ཟད། པའོ་ཞི་ལའེ་ཡི་ནག་ཉེས་ནི་ཝང་ལིས་ཅོན་ལས་ལྕི་བ་ཡོད་སྟབས། པའོ་ལ་མ་མཐར་ལོ་ ༢༠ ལྷག་གི་དུས་བཀག་བཙོན་འཇུག་གི་ཁྲིམས་ཐག་ཕོག་སྲིད་པ་བརྗོད་འདུག

ཡིན་ནའང་། པའོ་ཞི་ལའེ་ཡི་ཕམ་ཉེས་ལ་ཐད་ཀར་འབྲེལ་བ་ཆགས་ཡོད་པའི་རྒྱ་གཞུང་མཐོ་རིམ་དཔོན་རིགས་ནང་ཁུལ་གྱི་འཐབ་རྩོད་དེ་མུ་མཐུད་འགྲོ་བཞིན་ཡོད་སྟབས། པའོ་ཞི་ལའེ་ལ་ཁྲིམས་ཐག་གཅོད་པའི་ཉིན་མོ་དེ་རྒྱ་གཞུང་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་གྱི་རྗེས་ལ་དུས་འགྱངས་བྱས་ཏེ། ཕྱི་ལོ་ ༢༠༡༣ ཟླ་ ༢ སྔ་རྗེས་ཙམ་ལ་ཐག་གཅོད་བྱ་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༢ ཉིན་གྱི་དགོང་མོ་གློ་བུར་དུ་ཅཱང་ཙེ་མཱེན་ཁོའི་ཆུང་མ་ཝང་ཀྲི་ཕེན་དང་། དེ་སྔའི་རྒྱ་གཞུང་སྲིད་འཛིན་གཞོན་པ་ཟུར་བ་ཙིན་ཆིན་ཧོང་། སྲིད་བློན་གཞོན་པ་ཟུར་པ་ལིས་ཧྥིན་ཆིན། སྲིད་བློན་གཞོན་པ་ཟུར་པ་ཙིན་ཕའེ་ཐན། རྒྱ་ནག་དབུས་ཉེན་སྲུང་སྡེ་ཁག་གི་རུ་གཙོ་ཟུར་པ་ཡཱུག་ཞིས་ཀའེ་སོགས་ཀྱི་འགྲོ་རོགས་འོག རྒྱ་ནག་རྒྱལ་ཁབ་ཟློས་གར་ཁང་ཆེན་མོའི་ནང་ཡོང་སྟེ། ལིས་ཧྥིན་ཆིན་གྱིས་རྩོམ་སྒྲིག་བྱས་པའི་༼ཡིད་དུ་འོང་བའི་སྔོ་ལྗང་གི་ཌ་ན་བྷེ་གཙང་བོ(Blue Danube)༽ཞེས་པའི་དུས་ཡུན་ཆུ་ཚོད་ ༢ ཕྱེད་ཀ་ཅན་གྱི་རོལ་གཞས་འཁྲབ་སྟོན་ལ་བལྟས་རྗེས། གར་སྟེགས་སྟེང་བུད་དེ་འཁྲབ་སྟོན་ལ་གདེང་འཇོག་གི་གཏམ་བཤད་ཀྱང་སྤེལ་ཡོད་འདུག དེ་ནི་ཅཱང་ཙེ་མཱེན་ལོ་སྔོན་མའི་ཕྱི་ཟླ་ ༡༠ ཚེས་ ༩ ཉིན་པེ་ཅིན་དུ་ལྕགས་ཕག་ལོའི་གསར་བརྗེ་ལོ་ ༡༠༠ འཁོར་བའི་དུས་དྲན་མཛད་སྒོར་ཞུགས་པའི་རྗེས། མང་ཚོགས་འདུ་འཛོམས་སར་དངོས་སུ་ཐོན་པ་ཐེངས་དང་པོ་ཆགས་ཡོད།

སྐབས་དོན་དཔྱད་བརྗོད་པ་དག་གིས། རྒྱ་གཞུང་གི་དཔོན་རིགས་གསར་བ་འདེམས་སྒྲིག་གི་མཐའ་མའི་ཐག་གཅོད་སླེབས་ལ་ཉེ་བའི་སྐབས་དང་བསྟུན་ནས། ལོ་ ༨༦ སོན་པའི་ཅཱང་ཙེ་མཱེན་མང་ཚོགས་ཀྱི་མཐོང་ལམ་དུ་ཐོན་པ་དེ་ནི། རྒྱ་གཞུང་དཔོན་རིགས་ནང་ཁུལ་གྱི་དབང་ཤུགས་འཐབ་རྩོད་ཛ་དྲག་ཏུ་གྱུར་ཡོད་པ་དང་། ཙིན་ཆིན་ཧོང་དང་ཀྲུག་ཡུང་ཁཱང་གཙོས་ཅཱང་ཤོག་ཁག་གིས་འཕག་འཚག་རྒྱག་བཞིན་པ་གསལ་བོ་མངོན་ཡོད་ཀྱང་། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་དེའི་སྐོར་གྱི་གནས་ཚུལ་གང་ཡང་མ་ཐོན་པ་དེས། ཅཱང་ཤོག་ཁག་གི་དབང་ཤུགས་ཀྲུང་ནན་ཧེ་ནས་ཉམས་ཉེས་ཆེན་པོ་ཕྱིན་ཟིན་པའི་ངོས་འཛིན་བྱེད་བཞིན་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ཕྱི་ལོ་ ༢༠༢༧ ལོའི་རྒྱལ་ཡུམ་ཆེན་མོའི་རྐང་སྤོལ་རྩེད་འགྲན་ལ་དྭགས་བསོད་ནམས་གླིང་བོད་མིའི་གཞིས་ཆགས་སུ་འཚོག་རྒྱུ་རེད་འདུག པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
Mobile App

ལ་དྭགས་བསོད་ནམས་གླིང་ས་གནས་སུ་རྒྱལ་ཡུམ་ཆེན་མོའི་རྩེད་འགྲན་ཐེངས་ ༣༢ པ་འཚོག་རྒྱུ་ཡིན་འདུག

༢༠༢༦/༠༦/༡༩
སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།༡༩
Mobile App

སྤྱི་འཐུས་ཚོགས་གཙོ་མཆོག་གིས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་གནང་།  

༢༠༢༦/༠༦/༡༩
Richard Gere speaks at a Tibet conference hosted by Latvian MP Juris Viļums, Chair of the Group for the Support of Tibet.
Mobile App

མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བར་ངོས་ལེན་མེད་པའི་གྲོས་ཆོད་འདོན་རྒྱུའི་འབོད་སྐུལ་ཞུས།

༢༠༢༦/༠༦/༡༨
TT
Mobile App

ཨ་རི་དང་ཨི་རན་བར་དམག་འཁྲུག་མཚམས་འཇོག་བྱ་རྒྱུའི་གྲོས་མཐུན་བྱུང་།

༢༠༢༦/༠༦/༡༨
TT
Mobile App

༧གོང་ས་མཆོག་ནས་སྐུ་ཞབས་རོ་བྷེ་ཊི་ཐོར་མན་ལགས་ཀྱི་ཤུལ་ལུས་ནང་མིར་ཐུགས་གསོ་མཛད། 

༢༠༢༦/༠༦/༡༧
Da Chaidan Administrative
Mobile App

མཚོ་ནུབ་ཀྱི་ས་ཡོམ་ཁྲོད་མི་གྲངས་ ༨ ལ་རྨས་སྐྱོན་ཕོག

༢༠༢༦/༠༦/༡༧

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཕྱི་ལ་ཐོན་དགོས་ན། མའོའི་རོ་ཁོགས་དེ་ཕྱི་ལ་བཏོན་རན་པ་དང་། སྡིག་ཅན་ཙང་ཙྰང་མིན་གསོན་དུར་དུ་བཅུག་རན་པ་རེད་དེ། རྒྱ་རིགས་མི་མང་ལ་ཤེས་སྟོབས་མེད་པས་ལན་པ་རེད་སྙམ་པ་དང་། གནས་ཚུལ་གཞན་རྣམས་བསྐྱར་དུ་ཟློས་འདོད་མེད་ལགས།

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    ཡག་པོ་འདུག བྲེལ་འཚུབ་ཀྱིས་ཡིག་ནོར་འགའ་རེ་མངོན་གྱིན་གདའ། སྐྱོན་ཆེ་བ་མ་མཐོང་། ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese