མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱལ་ཚོཊ་ཀྱི་གྲོས་ཆོད་བསྐྱར་འདེད།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་ཚོགས་ཨ་མ་དང་ཡན་ལག་ལས་ཁུངས་བཅས་ཀྱི་མདུན་དུ་ཟས་བཅད་ངོ་རྒོལ་གནང་སྟེ། བོད་དོན་གྲོས་ཆོད་ཁག་ལག་བསྟར་འབོད་སྐུལ་གནང་དགོས་ཟེར།

དེ་རིང་དམིགས་བསལ་ཚོགས་ཆེན་ཉིན་གཉིས་པར། ཚོགས་ཆུང་ཁག་ནང་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་གདོང་ལེན་བྱ་ཕྱོགས་ཐད་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་རྒྱལ་སྤྱིའི་ནང་ལས་འགུལ་རྒྱ་སྐྱེད་གཏོང་ཕྱོགས་སྐོར་ལ་བགྲོ་གླེང་གནང་ཡོད་འདུག

གསར་འགོད་པས་གསོལ་ཇའི་བར་གསེང་དང་བསྟུན་ཏེ་ཚོགས་ཆུང་དང་པོའི་ཚོགས་མི་བྱང་ཨ་རིའི་སྤྱི་ཟུར་དབང་ཕྱུག་རྡོ་རྗེ་ལགས་སུ། ཁོང་གི་ཚོགས་ཆུང་ནང་གྲོས་གཞིའི་ཐོག་བགྲོ་གླེང་གནང་སྟངས་གང་འདྲ་ཡོང་གི་ཡོད་མེད་སྐད་ཆ་དྲིས་པར་ཁོང་གིས། ཚོགས་ཆུང་དང་པོའི་ཚོགས་བཅར་པ་དག་གིས་བཀའ་མོལ་གནང་སྟངས་དང་ཆ་ཤས་ལེན་སྟངས་ཧ་ཅང་ཡག་པོ་ཡོང་གི་ཡོད་པ་དང་། བསམ་ཚུལ་གྱི་ཁ་ཕྱོགས་གཙོ་བོ་ཤར་ཕྱོགས་ཀྱི་སྤྱི་ཚོགས་ནང་བོད་པའི་རིག་གཞུང་བརྒྱུད་བོད་དོན་རྒྱབ་སྐྱོར་འཚོལ་རྒྱུ་དང་བོད་ནང་གི་གནས་ཚུལ་དྲིལ་བསྒྲགས་བྱ་རྒྱུ། དེ་བཞིན་ནུབ་ཕྱོགས་པའི་སྤྱི་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་གསར་འཛུགས་དང་བརྒྱུད་ལམ་ཁག་ཏུ་བོད་གནས་ཁྱབ་བསྒྲགས་ཐོག་སྔར་ལས་ཤུགས་སྣོན་དགོས་ཚུལ་གསུང་གི་ཡོད་སྐོར་བརྗོད་བྱུང་།

ཡང་ཚོགས་ཆུང་གཉིས་པའི་ཚོགས་མི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་ལགས་སུ་རྒྱལ་སྤྱིའི་ནང་ལས་འགུལ་རྒྱ་སྐྱེད་ཇི་ལྟར་གཏོང་དགོས་པའི་སྐོར་དྲིས་པར་ཁོང་གིས་ཚོགས་ཆུང་ནང་། རྒྱ་ནག་ལ་སྔར་བའི་གནོན་ཤུགས་སྤྲོད་ཐབས་སུ་སྲིད་གཞུང་ཁག་གི་གྲོས་ཚོགས་འཐུས་མི་དག་བརྒྱུད་སྲིད་གཞུང་དང་། རྒྱལ་ཚོགས་བཅས་ནས་བོད་ཀྱི་གནད་དོན་ཐད་ཚད་མཐོ་བའི་རྒྱབ་སྐྱོར་དང་བོད་ནང་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་གཏོང་རྒྱུ། རྒྱ་གར་དང་ཨེ་ཤ་ཡའི་ནང་བོད་ཀྱི་འཁོར་ཡུག་དང་གཙང་པོ་ཁག་གལ་ཆེན་ཆགས་ཡོད་སྟབས། གནད་དོན་དེ་གཙོར་འདོན་གྱིས་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུ་སོགས་གལ་ཆེན་པོ་ཡིན་པའི་བསམ་ཚུལ་བཏོན་ཡོད་སྐོར་བརྗོད་བྱུང་།

ཚོགས་ཆུང་བདུན་པའི་ནང་གི་ཚོགས་བཅར་པ་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་གི་ཨེ་ཤ་ཡའི་འབྲེལ་མཐུད་པ་ཚེ་རིང་ཆོས་གྲུབ་ལགས་སུ། ཐེངས་འདིའི་ཚོགས་ཆེན་གྱི་བསམ་ཚུལ་ཕྱོགས་བསྡོམས་ལག་བསྟར་བྱེད་ཕྱོགས་ཐད་བསམ་ཚུལ་གང་འདྲ་ཡོང་གི་ཡོད་མེད་དྲིས་པར་ཁོང་གིས། ཉེ་སྔོན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་ ༢༠༡༣ ནི་བོད་མིའི་ལས་འགུལ་གྱི་ལོ་ཞིག་ལ་སྲུང་གཙི་བྱ་རྒྱུན་ཡིན་སྐོར་གསུངས་པ་ལྟར་ལས་འགུལ་གྱི་ནུས་པ་རྒྱ་སྐྱེད་དང་། ཚང་མའི་སེམས་འཚབ་བྱེད་གཞི་ནི་ཐེངས་འདིའི་ཚོགས་ཆེན་སྟེང་གི་བསམ་ཚུལ་ཁག་ཐབས་ཇུས་ལྡན་པ་དང་གནད་དུ་འཁེལ་བ་ཞིག་ཡོང་རྒྱུ་དེ་ཡིན་སྐོར་བརྗོད་སོང་ལ། ཡང་ཁོང་གིས་འདས་པའི་ལས་འགུལ་ཁག་གི་ཕན་ནུས་ལ་བསྐྱར་ཞིབ་ཐོག་མ་འོངས་པའི་ལས་འགུལ་གོ་སྒྲིག་བྱ་རྒྱུ་གལ་ཆེན་པོ་ཡིན་པའི་བསམ་ཚུལ་བཏོན་བྱུང་།

ཚོགས་ཆུང་དགུ་པའི་ཚོགས་བཅར་བ་བློ་བཟང་དབྱིངས་མཚོ་ལགས་སུ་ཚོགས་ཆུང་ནང་བསམ་ཚུལ་གང་འདྲ་ཡོང་གི་ཡོད་མེད་དྲིས་པར་ཁོང་མོས། སྲིད་གཞུང་ཁག་གི་གྲོས་ཚོགས་ནང་བོད་དོན་གྲོས་ཆོད་འཇོག་ཐུབ་པ་ཙམ་མིན་པར་གྲོས་ཆོད་གང་བཞག་པ་རྣམས་ཁྲིམས་ཀྱི་ནུས་པ་ལྡན་པ་ཞིག་ཡོང་ཐབས་དང་། ཕྱི་རྒྱལ་ཁག་གི་སྐུ་ཚབ་དོན་གཅོད་དག་གིས་བོད་རིགས་ཚོགས་པ་ཁག་དང་མཉམ་འབྲེལ་གྱིས་གནས་ཡུལ་རྒྱལ་ཁབ་གང་དེའི་སྤྱི་ཚོགས་ནང་ལས་འགུལ་ཤུགས་ཆེ་ཙམ་སྤེལ་དགོས་པ། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་པའི་ཆོས་ཚོགས་ཁག་གི་བླ་སྤྲུལ་རྣམ་པས་ཆོས་ཕྱོགས་ཀྱི་ལས་དོན་རྐྱང་པ་མིན་པར། བོད་ཀྱི་ཛ་དྲག་གི་གནས་སྟངས་སྐོར་གཞན་ལ་ཁྱབ་སྤེལ་དང་ཕྱིའི་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་འཚོལ་རྒྱུར་ཚོགས་བཅར་པ་ཡོངས་ཚུད་པའི་བཙན་བྱོལ་གཞུང་དམངས་གཉིས་ཀྱིས་འབོད་སྐུལ་ཞུ་རྒྱུ་སོགས་ཡིན་སྐོར་བརྗོད་བྱུང་།

བདེ་སྐྱིད་གླིང་ས་འཐུས་ཀརྨ་བསྟན་འཛིན་ལགས་སུ་ཁོང་གི་ཚོགས་ཚོགས་ཆུང་ནང་བགྲོ་གླེང་གང་འདྲ་ཡོང་གི་ཡོད་མེད་དྲིས་པར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མ་དང་ཡན་ལག་ལས་ཁུངས་ཡོངས་ཀྱི་མདུན་དུ་བོད་མི་ཚོས་ཉིན་བརྒྱ་དུས་གཅིག་ལ་ཟས་བཅད་ངོ་རྒོལ་གནང་སྟེ། དེ་སྔོན་རྒྱལ་ཚོགས་ནང་བོད་དོན་གྲོས་ཆོད་བཞག་ཡོད་པ་ཁག་ལག་བསྟར་དང་། བོད་ནང་རྒྱལ་སྤྱིའི་རྟོག་ཞིབ་ཚོགས་ཆུང་འཛུགས་དགོས་པ་བཅས་ལ་སྐུལ་འདེད་གཏོང་རྒྱུར་མང་མོས་ཐོབ་ཡོད་སྐོར་བརྗོད་བྱུང་།

གཞན། དེ་རིང་ཉིན་རྒྱབ་བཙན་བྱོལ་བོད་མིའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཚོགས་ཆུང་ཁག་ཏུ་གཟིགས་ཞིབ་ཏུ་ཕེབས་ཏེ། ཚོགས་ཆུང་ཁག་ནང་གྲོས་གཞིའི་ཐོག་བགྲོ་གླེང་གང་འདྲ་ཡོང་གི་ཡོད་མེད་ལ་རྟོག་ཞིབ་གནང་ཡོད་པ་རེད།

གསར་འགོད་པ། བནྡེ་སྐྱབས།

 

འབྲེལ་ཡོད་གསར་འགྱུར།

བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

ཆུ་ཚོད་ ༦ སྔོན་ལ།
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

ཆུ་ཚོད་ ༡༠ སྔོན་ལ།
China completes building a fifth new border defence village few km from Arunachal border
Mobile App

རྒྱ་ནག་གཞུང་གིས་རྒྱལ་སྲུང་མཐའ་མཚམས་ཀྱི་གྲོང་ཚོ་ལྔ་པ་དེ་འཛུགས་སྐྲུན་བྱས་ཚར་ཡོད་ཟེར།

ཆུ་ཚོད་ ༡༣ སྔོན་ལ།
Chinese officials celebrate the 70th anniversary of the invasion of Tibet at Potala Palace in Lhasa, Tibet. Photograph: Xinhua/Rex/Shutterstock
Mobile App

རང་སྐྱོང་གི་འཁྲུལ་སྣང་། བོད་པ་ཚོས་དངོས་ཡོད་ལ་གདོང་ལེན་བྱ་དགོས་པའི་རྒྱུ་མཚན།

༢༠༢༦/༠༧/༡༦
དཀར་མཛེས་ཁུལ་སྐྱེས་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག དྲ་ལམ་གྱི་པར།
Mobile App

དཀར་མཛེས་ཁུལ་སྐྱེ་ཁམས་ཁོར་ཡུག་ཚན་པའི་འགན་འཛིན་ཟུར་བ་དཀོན་མཆོག་ལ་ཞིབ་བཤེར་བྱེད་ཀྱིན་འདུག

༢༠༢༦/༠༧/༡༦
Tibetan monks hold a ceremony to mourn the death of Tibetan activist Lobga Rangzen in Liberty Square in Taipei last night. Lobga Rangzen set himself on fire outside the UN headquarters in New York on July 2 in protest of China’s occupation of Tibet and Beijing’s Ethnic Unity and Progress Promotion Law, which went into effect on July 1.
Photo: Tu Chien-rong, Taipei Times
Mobile App

 བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་གིས་རང་བཙན་བློ་དགའ་ལགས་སུ་གདུང་སེམས་མཉམ་སྐྱེད་ཞུས།

༢༠༢༦/༠༧/༡༦

མཆན། 6

  1. གངས་རིའི་བུ། says:
    ལོ་ 14 སྔོན།

    ད་ལྟའི་བར་བོད་ཕྱི་ནང་གཉིས་ཀའི་ནང་བླ་མ་གྲྭ་པ་དགེ་བཤེས་སོགས་ཀྱིས་བོད་མི་རིགས་ཀྱི་དོན་དུ་བླ་ན་མེད་པའི་མཛད་རྗེས་བཞག་དང་བཞག་མུས་ཡིན་དེ་ལ་ཡིད་རང་བསྔགས་བརྗོད་གནང་ན་ཡག་པོ་ཡོད་ས་རེད་བསམ་གྱི་འདུག་་་་དེ་མིན་མགོ་མ་ཚུགས་པ་དང་ཧམ་ཆེ་མགའ་རས་བླ་མ་དགེ་བཤེས་གྲྭ་པ་སོགས་ཀྱིས་བོད་རྩ་དོན་ལ་ཕན་པའི་ལས་དོན་གང་ཡང་སྒྲུབས་ཀྱི་མེད་པ་བསམ་གྱི་ཡོད་ས་རེད་ལ་རྒྱུད་ལམ་ཁག་ཏུ་བཤད་མཁན་མགའ་རེ་བྱུང་ཡོད་་་བོད་ཀྱི་གྲྭ་པ་ཚོས་བོད་བསྟན་པ་ཆབ་སྲིད་ཀྱི་ལས་དོན་ནི་སུ་ཞིག་གིས་ཀྱང་རྗེས་སུ་མ་ཟིན་པའི་ནམ་ཡང་སྔོན་ཐོན་ཡིན་ཞེས་སྤོབ་པ་དང་ལྡན་པའི་ཐོག་ཞུ་ཆོག་སྙམ།

    Reply
  2. thapkegyatso says:
    ལོ་ 14 སྔོན།

    མི་རབས་གསར་བས་རྣམ་དཔྱོད་གསར་བ་བཏོན་ནས་ལས་དོན་ཚགས་ཚུད་གཏོང་བཞིན་པར་གུས་བཀུར་ཡང་ཡང་ཞུའོ།།

    Reply
  3. རྒྱ་གྲོལ་གངས་རི་ says:
    ལོ་ 14 སྔོན།

    ཁྱེད་ཅག་གིས་གསུངས་སྟངས་ལ་རྟེན་འབྲེལ་ཞུ་འོས་པ་མ་ཟད་གནད་ལ་ཁེལ་བསམ་ཚུལ་རེད་འདུག

    Reply
  4. རྒྱ་གྲོལ་གངས་རི་ says:
    ལོ་ 14 སྔོན།

    ཁྱེད་ཅག་གིས་གསུངས་སྟངས་ལ་རྟེན་འབྲེལ་ཞུ།

    Reply
  5. སྐར་མདའ། says:
    ལོ་ 14 སྔོན།

    ང་ནོར་ཡོད་པ་མིན་ན། ཞུ་གཏུག་གི་ལོ་ནི་འདི་ལོ་སྟེ་ ༢༠༡༢ དང་། ༢༠༡༣ ལོ་ནི་ལས་འགུལ་གྱི་ལོ་ཡིན་པར་བརྗོད་སོང་།
    དེ་མིན་གཟིགས་ཞུབ་ཅེས་བྲིས་འདུག་པ་དེ་་་་གཟིགས་ཞིབ་ཏུ་བཅོས་དགོས་པ་འདྲ། ཚོགས་ཆུང་དགུ་པའི་བསམ་ཚུལ་ནང་གི་བླ་སྤྲུལ་ཚོ་ལ་འབོད་སྐུལ་ཞུ་རྒྱུའི་ལས་དོན་དེ་ཧ་ཅང་གི་ཡག་པོ་རེད། བླ་སྤྲུལ་ཚོར་ཡང་བོད་མི་སྤྱི་མཚུངས་ལྟར་བོད་དོན་ཐད་ལས་འགན་ནི་ཡོད་ཡོད་པ་རེད།

    Reply
  6. ཤག་སྒང་པ། says:
    ལོ་ 14 སྔོན།

    བཀའ་ཟུར་ཟམ་གདོང་མཆོག་ནས་ཚོགས་ཆེན་སྐབས་མང་ཚོགས་ཀྱི་བསམ་འཆར་ང་ོམར་ཤེན་ཤུགས་མི་སླེབས་ཆེད་བཀའ་ཤག་གི་དགོངས་འཆར་རྟོག་ཞིབ་མ་གསུངས་མ་གནང་པར་ཚོགས་འདུར་ཞུགས་པ་དང་།

    ད་ཐེངས་བོད་མིའི་སྲིད་སྐྱོང་ཆེན་མོ་མཆོག་ནས་ཚོགས་འདུའི་ཚོགས་ཆུང་ཁག་ཏུ་གཟིགས་ཞིབ་དང་རྟོག་ཞིབ་གནང་བར་ཆབ་སྲིད་ལྟ་སྟངས་ཤིག་ནས་ཁྱད་པར་ཞིག་ཡོད་པར་མཐོང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese