མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༼སྐད་གསུམ་ཚིག་མཛོད་གསར་བ༽པར་བསྐྲུན།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༧
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་དང་དགེ་རྒན་ཆེན་མོ་ལྷག་པ་ཚེ་རིང་གཉིས་ཀྱིས་མཉམ་སྒྲིག་བྱས་པའི་ ༼སྐད་གསུམ་ཚིག་མཛོད་གསར་བ༽དངོས་སུ་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་འདུག  

ཉེ་བའི་ལོ་འགའི་རིང་བོད་ཀྱི་སྐད་གསུམ་སྤྱོད་པའི་སློབ་གཉེར་བ་དག་གི་དགོས་མཁོ་སྐོང་ཆེད། མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གཉིས་མཉམ་འབྲེལ་ཐོག  མཁས་དབང་བཀྲ་ཤིས་ཚེ་རིང་ལགས་དང་དགེ་རྒན་ཆེན་མོ་ལྷག་པ་ཚེ་རིང་གཉིས་ཀྱིས་བོད་རྒྱ་དབྱིན་གསུམ་གྱི་ ༼སྐད་གསུམ་ཚིག་མཛོད་གསར་བ༽ ཞེས་པ་ཞིག་སྒྲིག་ཏེ་ཉེ་ཆར་དངོས་སུ་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་འདུག  ཚིག་མཛོད་འདིར་བསྡོམས་ཐ་སྙད་ ༡༥༣༢༧ བསྡུས་ཡོད་ཅིང་།  དེའི་ནང་རྒྱུན་སྤྱོད་ཐ་སྙད་དང་གསལ་འགྲེལ་ཡི་གེ་གོ་བདེ་བར་བྱེད་པ། སྟབས་བདེ་དང་ཐུང་ངུའི་ངང་བོད་ཀྱི་སྤྱི་ཚོགས་འཚོ་བ་དང་ལོ་རྒྱུས་རིག་གནས་དཔེ་བརྗོད་ཀྱི་ལམ་ནས་ཞིབ་བརྗོད་བཅས་བྱས་ཡོད་པ་མ་ཟད། མཆན་འགྲེལ་ཡི་གེ་དང་དཔེ་བརྗོད་ཁག་རྒྱུན་སྤྱོད་ཀྱི་དབུས་གཙང་སྐད་སྤྱད་ཡོད་འདུག ཚིག་མཛོད་དེ་ནི་མཁས་དབང་བཀྲ་ཤིས་ཚེ་རིང་ལགས་ཀྱིས་དེ་སྔ་དཔར་སྐྲུན་བྱས་པའི་༼བོད་རྒྱ་དབྱིན་གསུམ་ཚིག་མཛོད༽ ཀྱི་རྨང་གཞིའི་སྟེང་ལེགས་སྒྲིག་བྱས་པ་ཞིག་ཡིན་འདུག

ཐེངས་འདིའི་ ༼སྐད་གསུམ་ཚིག་མཛོད་གསར་བ༽ འགྲོ་གྲོན་ཐད་མཁས་དབང་བཀྲ་ཤིས་ཚེ་རིང་ཁོང་རང་ངོས་ནས་རྒྱ་སྒོར་འབུམ་ ༥ བཏང་སྟེ་ཁྱོན་དེབ་ཁྲི་ ༣ པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་པ་ལས། རྩོམ་པ་པོར་ལེགས་སྐྱེས་སུ་ཕུལ་བའི་དེབ་ཕྲེང་ ༢༠༠༠ ལས་གཞན་པའི་དེབ་ཁྲི་ ༢ མ་འོངས་པའི་ལོ་གཉིས་ཀྱི་ནང་མི་རིགས་དཔེ་སྐྲུན་ཁང་དང་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་བཅས་ཀྱིས་དེབ་ཁྲི་ ༡ འགྲེམས་སྤེལ་བྱ་རྒྱུ་ཡིན་འདུག་ལ། ད་དུང་པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་ཀན་སུའུ་དང་སི་ཁྲོན། མཚོ་སྔོན། ཡུན་ནན་སོགས་ཞིང་ཆེན་དང་ས་ཁུལ་གཞན་གྱི་འགྲེམ་སྤེལ་བྱ་རྒྱུ་དང་། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་གིས་བོད་རང་སྐྱོང་ལྗོངས་སུ་པར་སྐྲུན་འགྲེམ་སྤེལ་དང་ཚོང་འགྲེམས་བྱ་འཆར་ཡོད་པ་མ་ཟད། རྒྱལ་ཁབ་ཀྱི་མི་རིགས་སྐད་ཡིག་སྡེ་ཁག་དང་རྒྱལ་ཡོངས་དམངས་ཆེན། རྒྱལ་ཡོངས་སྲིད་གྲོས། ཀྲུང་གོའི་སྤྱི་ཚོགས་ཚན་རིག་གླིང་། རྒྱལ་ཁབ་མི་རིགས་ཆོས་ལུགས་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་དང་འབྲེལ་བའི་སྐད་ཡིག་ཞིབ་འཇུག་ལས་ཁུངས་དང་། ཀྲུང་དབྱང་མི་རིགས་སློབ་ཆེན་དང་། ལྷོ་ནུབ་མི་རིགས་སློབ་ཆེན།ནུབ་བྱང་མི་རིགས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན།ལྷ་ས་དགེ་འོས་མཐོ་རིམ་ཆེད་ཚན་སློབ་གྲྭ་སོགས་སློབ་ཆེན་ཁག་དང་། བོད་ཁུལ་གྱི་མཐོ་འབྲིང་ཡན་གྱི་སློབ་གྲྭའི་དཔེ་མཛོད་ཁང་བཅས་སུ་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

མཆན། 7

  1. ཀརྨ་རྡོ་རྗེ། says:
    ལོ་ 10 སྔོན།

    འདྲ་དཔར་ནང་མཁས་པ་མི་གཉིས་དང་བོད་ཀྱི་ཨོམ་གཟུགས་དང་བཅས། སྐད་གསུམ་ཚིག་མཛོད་གསར་པ། ཞེས་བྲིས་འདུག་པ་ལ།
    དོན་གོས། བོད་རྒྱ་དབྱིན་གསུམ་གྱི་ ༼སྐད་གསུམ་ཚིག་མཛོད་གསར་བ༽ ཞེས་པ་ཞིག་སྒྲིག་ཏེ་ཉེ་ཆར་དངོས་སུ་པར་བསྐྲུན་འགྲེམས་སྤེལ་བྱས་ཡོད་འདུག ཅེས་པའི་གསར་པ་ལ་གསར་བ་ཞེས་བ་ཡིག་འབྲི་དགོས་དོན་ཅི་ཡིན་ནམ། ལགས།

    Reply
  2. རྒྱ་མཚོ། says:
    ལོ་ 10 སྔོན།

    སྐད་གསུམ་ཚིག་མཛིད་གསར་པ་འདི། རྩོམ་སྒྲིག་གནང་མཁན་རྣམ་གཉིས་ཀྱི་བཀའ་འཁྲོལ་འོག ཉེ་ཆར་སཱ་ར་མཐོ་སློབ་ཀྱིས་སྤུས་ལེགས་འཁྱེར་བདེ་ཞིག་ཏུ་པར་སྐྲུན་གནང་འདུག འགྲེམས་སྤེལ་གནང་ཕྱོགས་གང་འདྲ་ཡིན་ཧ་གོ་མ་སོང་། དེབ་དཔར་བ་ཧ་ལས་པའི་སྤུས་དག་པོ་གནང་འདུག

    Reply
  3. མལ་གྲོའི་བཙུན་པ་ says:
    ལོ་ 10 སྔོན།

    ངས་ཁོང་གཉིས་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་དུས་བབ་ཚང་གི་ཁོང་གཉིས་ཀྱི་ལོ་རྒྱུས་མདོར་བསྡུས་ཞིག་གསུང་གནང་ཡོད་པ་ཞུ་ཞུ།

    Reply
  4. ཤག་སྒང་པ། says:
    ལོ་ 10 སྔོན།

    བཀྲིས་བདེ་ལེགས་སོ།།

    Reply
  5. ཀླུ་ཚང་འབྲུག་མཁར། says:
    ལོ་ 10 སྔོན།

    ཡིན་དང་ཡིན། དཀའ་ངལ་ལ་མ་འཛེམས་པར་ང་ཚོ་ཁ་བ་གངས་ཅན་པའི་ཆོས་དང་རིག་གཞུང་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་མཁན་དེ་ཚོ་ལ་དུས་རྟག་ཏུ་རྗེས་སུ་ཡིད་རིང་བྱེད་དགོས་པ་དང་། དེ་ཚོའི་རིགས་ལ་ང་ཚོས་ཞབས་འདེབས་དང་རྒྱབ་སྐྱོར་གང་མང་དགོས། ཨ་མའི་བུ་བཀྲིས་བདེ་ལེགས་གྲངས་མེད་ཞུ།

    Reply
  6. བསྟན་འཛིན། says:
    ལོ་ 10 སྔོན།

    ངོ་མ་བཟང་གི བཀའ་དྲིན་ཞུ་འོས་པ་ཞིག་རེད། ལྷག་པར་དུ་བོད་ཀྱི་ཐ་སྙད་རྙིང་པ་༼དབྱིན་ཇི་༽དབྱིན་བོད་རྒྱ་ཞེས་བཀོད་པ་བསྔགས་བྱས་གནས་སུ་འདུག ཡིན་ན་ཡང་ང་ཚོའི་ཤེས་རིག་ལས་ཁུངས་ནས་བོད་ནང་གི་ཤེས་ཡོན་པའི་སྡེ་ཁག་ལ་ཁ་གཏད་དེ། ཐ་སྙད་རྙིང་བ་གང་མང་ཞིག་ལ་འགྱུར་བ་བཏང་ནས། དབྱིན་ཇི་ལ་ཨིན་ཇི་དང་། ཆེད་ལས་ལ་ཁྱད་ལས་སོགས་བྲིས་པ་ནི། ཕན་ལས་གནོད་པ་ཆེ་བའི་ལས་ཀ་ཞིག་རེད། ད་དུང་མིང་ཚིག་ལ་འགྲེལ་བཤད་བྱེད་སྐབས། ཉལ་ཁྲི་ནི་འཁྲིག་པ་སྤྱོད་ས་རེད་ཅེས་ཞེན་ལོག་པའི་འགྲེལ་བཤད་བྱེད་བཞིན་ཡོད་པ་དེ་དག་རྦད་དེ་མཚམས་བཞག་ན་ཡག་པོ་འདུག

    Reply
  7. རྒྱ་གྲོལ་གངས་རི་ says:
    ལོ་ 11 སྔོན།

    བོད་མི་རིགས་དང་རྒྱལ་ཁབ་ཀྱི་ཆེད་དུ་འདི་ལྟར་དཀའ་ངལ་འཛེམས་མེད་འབད་རྩོལ་གནང་བ་སྙིང་ཐག་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist