མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་གཞུང་མང་གཉིས་ཀྱི་བརྟན་བཞུཊ།

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp


དེ་རིང་ངྷ་ས་གཙུག་ལག་ཁང་དུ་བོད་གཞུང་མང་ཡོངས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་ཏེ། བོད་པའི་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པ་གཙོས་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་། དམིཊ་བསལ་ཚོཊ་གྱི་ཚོགས་བཅར་བ་ཡོངས་བཅས་བརྟན་བཞུགས་མཛད་སྒོར་མཉམ་ཞུགས་གནང་སོང་།

དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༣༠ སྟེང་བཞུགས་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་༧གོང་ས་མཆོག་ལ། བོད་གཞུང་མང་ལྷ་མི་ཡོངས་ནས་༸རྒྱལ་མཆོག་ལྔ་པ་ཆེན་པོའི་དག་སྣང་གསང་བ་རྒྱ་ཅན་ནང་བཞུགས་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་མཁའ་འགྲོ་བསུན་བཟློག་དང་འབྲེལ་བའི་བརྟན་བཞུགས་རྒྱས་པ་ཞིག་བསྟར་འབུལ་ཞུས་སོང་།

བརྟན་བཞུགས་མཛད་སྒོར་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་དབུས་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་མཆོག་དང་། སྨན་རི་ཁྲི་འཛིན་རིན་པོ་ཆེ་མཆོག རྒྱལ་བ་ཀརྨ་པ་རིན་པོ་ཆེ་མཆོག འབྲི་གུང་ཆེ་ཚང་རིན་པོ་ཆེ་མཆོག དགའ་ལྡན་ཁྲི་རིན་པོ་ཆེ་མཆོག འབྲུག་ཆེན་རིན་པོ་ཆེ་མཆོག་གི་སྐུ་ཚབ་གསང་སྔགས་ཆོས་གླིང་གི་མཁན་པོ་འཇིགས་མེད་རྡོ་རྗེ་མཆོག་བཅས་དབུ་བཞུཊ་ཐོག བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་ངག་དབང་འཕེལ་རྒྱས་མཆོག་གཙོས་ཁྲིམས་ཞིབ་པ་གཞན་གཉིས་དང་། བོད་མི་མང་སྤྱི་འཐུས་ཚོཊ་གཙོ་སྤེན་པ་ཚེ་རིང་དང་ཚོགས་གཞོན་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་གཙོས་སྤྱི་འཐུས་ཡོངས། དབུས་བོད་མིའི་སྒྲིག་འཛུཊ་བཀའ་ཤག་གི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གཙོས་ཕྱག་རོཊ་བཀའ་བློན་རྣམ་པ་དང་། ལྷན་ཁང་ཁག་གི་དྲུང་ཆེ་དང་སྡེ་ཚན་འགན་འཛིན། དེ་བཞིན། དམིགས་བསལ་ཚོཊ་ཆེན་ཐེངས་གཉིས་པའི་ཚོགས་བཅར་བ་ཡོངས་དང་། བཞུཊ་སྒར་ཁུལ་གྱི་བོད་མི་སེར་སྐྱ་མི་མང་དང་ཕྱི་རྒྱལ་བ་བཅས་མང་ཚོགས་ ༦༠༠༠ ཙམ་འདུ་འཛོམས་བྱུང་འདུག  

བརྟན་བཞུཊ་མཛད་སྒོའི་ཐོག་མར་དགེ་འདུན་འདས་མང་གིས་རྒྱུན་ཆགས་གསུམ་པ་དང་། ༸རྒྱལ་བའི་འཁྲུངས་རབས་གསོལ་འདེབས། པཎ་གྲུབ་བཅུ་བདུན་གྱི་གསོལ་འདེབས། གུ་རུའི་ཐུགས་དམ་གནད་སྐུལ་སོཊ་ཆོས་སྤྱོད་ཀྱི་རིམ་པ་ཁག་གསུངས་རྗེས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་སྲིད་སྐྱོང་བློ་བཟང་སེང་གེ་རྣམ་གཉིས་ཀྱིས་མཎྜལ་ཚོམ་བུ་ཟུར་འདེགས་ཞུས་ཏེ། དཔལ་ས་སྐྱ་བདག་ཁྲི་རིན་པོ་ཆེ་མཆོག་གིས་མནྜལ་ལྗགས་ཀློག་གནང་སོང་ལ། དེའི་རྗེས་གནས་ཆུང་ཆོས་རྒྱལ་དང་ཚེ་རིང་མཆེད་ལྔའི་ལྷ་རྟེན་ཕབས་ཏེ་བཀའ་ལུང་ཞུས་ཡོད་པ་དང་། མཇུག་ཏུ་ཆོས་བརྒྱུད་ཁག་གི་བླ་ཆེན་རྣམ་པས་སྣེ་དྲངས་ཏེ་ཁྲིམས་ཞིབ་པ་རྣམ་པ། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས། སྲིད་སྐྱོང་བ་དང་བཀའ་བློན་རྣམ་པ་བཅས་རིམ་པ་བཞིན་༧གོང་ས་མཆོག་ལ་མཇལ་ཁ་ཞུས་སོང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་ཡིག་གི་ཚེག་དང་ཚེག་ཚབ་བཅད་སྟོང་གི་ནུས་པ་གླེང་བ།

ཆུ་ཚོད་ ༧ སྔོན་ལ།
སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུ་བཞིན་པ། ༢༠༢༦།༦།༡ དུས་བབ་གསར་ཁང་གི་པར།
Mobile App

སྐབས་བཅོ་བརྒྱད་པའི་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ལས་འཁུར་དམ་འབུལ་ཞུས།

ཆུ་ཚོད་ ༡༣ སྔོན་ལ།
Front Slider

སྐབས་བཅོ་བརྒྱད་པའི་ཚོགས་གཙོ་སྦྲེལ་པོའི་དམ་འབུལ།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

སྒྲོལ་མ་ཚེ་རིང་ལགས་བོད་མི་མང་སྤྱི་འཐུས་ཀྱི་བུད་མེད་ཚོགས་གཙོ་དང་པོར་འོས་འདེམས་བྱུང་།

༢༠༢༦/༠༥/༣༡
TTT
Mobile App

བལ་ཡུལ་མཆོད་འཇོར་གྱི་ཞུ་སྦྱོར་བས་བསྐྱར་དུ་བར་བརྒལ་བཀའ་ཁྱབ་གཏང་དགོས་པའི་སྙན་ཞུ་ཕུལ།

༢༠༢༦/༠༥/༢༩
Mobile App

ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་སོགས་ཀྱིས་སྲིད་སྐྱོང་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༥/༢༩

མཆན། 8

  1. ཤག་སྒང་པ། says:
    ལོ་ 14 སྔོན།

    གངས་རིའི་ལྷ་གཅིག་ཕྱག་ན་པད་མོ་ཡི།།

    མཛད་བཟང་གྲགས་པ་དགུང་སྔོན་མཁའ་ན་ཁྱབ།།

    གང་གི་ཞབས་པད་མངོན་མཐོའི་ལམ་བཟང་འོག།

    ང་ཚོ་གཅིག་ཏུ་འདྲིལ་འགྲོ་གདོང་དམར་སྤུན།།

    Reply
  2. ཤག་སྒང་པ། says:
    ལོ་ 14 སྔོན།

    ད་་་་་བཀའ་ཤག་མ་རེད། སྲིད་ཤག་རེད།

    བཀའ་བློན་ཁྲི་པ་མ་རེད། སྲིད་སྐྱོང་ཁྲི་པ་རེད།

    བཀའ་བློན་མ་རེད་སྲིད་སྐྱོང་ཕྱག་རོགས་རེད།

    Reply
  3. thapkegyatso says:
    ལོ་ 14 སྔོན།

    གོང་ས་མཆོག་གི་བཀའ་སློབ་དང་བཀའ་སྤྱི་ཟུང་གི་གཏམ་བཤད་སོགས་ཅི་ཡང་མེད་པ་འདྲ།

    Reply
  4. གངས་རིའི་བུ། says:
    ལོ་ 14 སྔོན།

    གསར་བགོད་ལགས་་་་་་ཁྱོད་རང་གིས་གོང་དུ་གསར་འགྱུར་དེའི་ནང་སྔོན་མར་ང་ཚོས་སྤྱོད་པའི་བཀའ་ཁྲི་བསྒྱུར་ཏེ་སྲིད་སྐྱོང་ཞེས་པའི་ཐ་སྙད་བེད་སྤྱོད་འདུག་ན་་་༧གོང་ས་མཆོག་གིས་གསུང་པ་ལྟར་གནང་འདུག་པས་ཐུགས་རྗེ་ཆེ་ཞུ་་་་་འོན་ཀྱང་ང་ལ་དྭོགས་དྲི་ཤིག་འདུག་ན་གསལ་བཤད་གནང་རོགས་་་་ཁྱོད་རང་གིས་བཀའ་ཤག་ཞེས་པ་དང་བཀའ་བློན་རོགས་པ་ཅེས་བེད་སྤྱོད་འདུག་ན་་་འདི་འགྲིག་ཡོད་དང་མེད་བཀའ་འདྲི་ཞུ་ཡ་ཡིན་་་གལ་ཏེ་སྲིད་སྐྱོང་གི་ལས་རོགས་ལ་བཀའ་བློན་ཞེས་འབོད་ཆོག་ན་སྲིད་སྐྱོང་ལ་བཀའ་ཁྲི་ཅེས་འབོད་མ་ཆོག་པ་ཡོད་རྒྱུ་མ་རེད་བསམ་གྱི་་་་་དེས་ན་གསལ་བཤད་ཅིག་གནང་རོགས་་་་་་རྗེས་མ་ང་ཚོས་བཀའ་ཤག་གི་མིང་བསྒྱུར་ཡ་ཡིན་མིན་ཧ་མ་གོ

    Reply
  5. Lhakpatsering says:
    ལོ་ 14 སྔོན།

    གསར་འགོད་པའི་དུས་ཐོག་ལ་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ང་རང་གིས་ད་ལོར་ཡང་སྐུ་མདུན་གྱིས་དམིགས་བསལ་ཚོགས་ཆེན་གྱི་ཚོགས་ཞུགས་པ་དག་ལ། “ད་རེས་ཀྱི་ཚོགས་ཆེན་འདི་ལོ་འཁོར་ལས་བསྡོམས་འདྲ་བོ་ཞིག་ཆགས་སོང་།”ཞེས་བསྐྱར་དུ་གསུངས་ཡོད་རྒྱུ་རེད་དྲན་པ་ཡིན། གསར་འགོད་པ་བཀའ་འདྲི་ཞུ་རྒྱུར། ད་རེས་སྐུ་མདུན་གྱིས་དམིགས་བསལ་ཚོགས་ཆེན་གྱི་ཚོགས་ཞུགས་པ་རྣམས་ལ་མཇལ་ཁ་བཀའ་སློབ་བསྩལ་ཡོད་པ་རེད་དམ། དངོས་གནས་བྱས་ན་མཇལ་ཁ་བཀའ་སློབ་ཅིག་ཡོད་རྒྱུ་རེད་བསམ་གྱི་ཡོད། གཅིག་བཅས་ན་ཚོགས་ཆེན་གྱི་རྗེས་སུ་ཡིན་ཡང་སྲིད་རེད།

    Reply
  6. གཅན་དཔལ་ལྡན། says:
    ལོ་ 14 སྔོན།

    གསལ་བཤད། དྲ་གྲོཊ་ལྷག་པ་ཚེ་རིང་ལཊ། ད་ནངས་༸གོང་ས་མཆོག་གིས་བཀའ་སློབ་གང་ཡང་བསྩལ་མ་སོང་།

    Reply
  7. Lhakpatsering says:
    ལོ་ 14 སྔོན།

    དེ་རིང་གི་བརྟེན་བཞུགས་འདི་ཧ་ཅང་གནད་འགག་གི་དུས་རིམ་ཞིག་ལ་འཁེལ་ཡོད། གསར་འགོད་པ་ལགས། ༧གོང་ས་སྐྱབས་མགོན་ཆེན་པོ་ཆོག་གིས་བཀའ་སློབ་ལམ་སྟོན་བཀའ་དྲིན་ག་རེ་བསྐྱངས་ཡོད་མེད་འདིར་མི་བཀོད་དོན་ག་རེ་ཡིན། སྐུ་མདུན་གྱིས་དེ་རིང་བཀའ་སློབ་ག་རེ་གསུངས་ཡོད་མེད་གསན་རྒྱུ་ལ་རེ་བ་ཆེན་པོ་འདུག

    Reply
  8. ཇོ་བོ་རྣམས་གཉིས། says:
    ལོ་ 14 སྔོན།

    དངོས་གནས་གཏམ་བཟང་རེད། གུས་པ་བརྟན་ཞུག་ལ་བཅས་ཐུབ་མ་སོང་ཡང་དེ་ཉིན་རང་གིས་གང་ཐུབ་ཀྱིས་དཀར་པོ་དགེ་བའི་ལས་ལ་འབུང་ཁུལ་བྱེད་བཞིན་ཡོད། དེ་མིན་ས་སྐྱ་བདག་ཁྲི་རིན་པོ་ཆེ་རྡ་སར་ཕེབས་པ་དེ་རྡ་སའི་བོད་མི་ཡོང་ལ་མཇལ་ཁའི་བསྐལ་པ་བཟང་པོ་ཞིག་ཐོབ་པ་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese