མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དམིགས་བསལ་ཚོགས་ཆེན་ཐོག་གྲོས་ཆོད་ ༣༤ བཞག་འདུག

བོད་ཀྱི་དུས་བབ།
༢༠༡༢/༠༩/༢༨
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་གཟའ་པ་སངས་ཉིན་གྱི་ཕྱི་དྲོར་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཡོངས་སུ་མཇུག་བསྒྲིལ་ཡོད་ལ། ཐེངས་འདིའི་ཚོགས་ཆེན་ཐོག་ཁྱོན་གྲོས་ཆོད་ཁག་ ༣༤ ཙམ་ལ་སྤྱི་མོས་གཏན་འབེབས་བྱུང་སོང་།

དེ་རིང་ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོིའི་ཆུ་ཚོད་ ༤།༣༠ ཐོག་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་ཡོངས་སུ་མཇུག་བསྒྲིལ་བའི་མཛད་སྒོ་དེ་ངྷ་སྟེང་བོད་ཁྱིམ་ཚོགས་ཁང་དུ་ཚོགས་སོང་ལ། མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་གཉིས། སྤྱི་འཐུས་ཚོགས་གཙོ་གཞོན་གཉིས་དབུས་པའི་སྤྱི་འཐུས་རྣམ་པ། སྲིད་སྐྱོང་བ་བློ་བཟང་སེང་གེ་མཆོག་གི་དབུས་པའི་བཀའ་བློན་རྣམ་པ།  དེ་བཞིན་ཐེངས་འདིའི་ཚོགས་བཅར་པ་རྣམས་བཅས་འདུ་འཛོམས་ཐོག ཚོགས་ཆུང་སོ་སོའི་བསམ་ཚུལ་ཕྱོགས་བསྡོམས་རེ་རེ་བཞིན་ཚོགས་ཆེན་ཐོག་སྙན་སྒྲོན་ཞུས་ཏེ་གཏན་འབེབས་གནང་རྗེས། སྲིད་སྐྱོང་དང་སྤྱི་འཐུས་ཚོགས་གཙོ་རྣམ་གཉིས་ཀྱིས་མཇུག་བསྡོམས་གསུང་བཤད་གནང་སོང་།

ཐེངས་འདིའི་ཚོགས་ཆེན་ཐོག་ཚོགས་བཅར་བ་ཡོངས་ཀྱིས་སྤྱི་མགྲིན་ནས་བར་ལམ་༸གོང་ས་མཆོག་ཐུགས་ཕམ་བྱུང་བར་དགོངས་པ་དྭངས་གསལ་ཡོང་བའི་གསོལ་འདེབས་ཞུ་རྒྱུ་དང་། རྗེས་འཇུག་བོད་འབངས་རྣམས་ཀྱི་བླངས་དོར་ཞུ་དགོས་ཆེད་གྲོས་ཆོད་ཁག་ ༣ ཙམ་ཟུར་འཇོག་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་ལ་བོད་གཞུང་མང་གཉིས་ནས་གདོང་ལེན་གྱིས་བོད་མིའི་སྤྱི་ཚོགས་ནང་ལས་འགུལ་སྤེལ་ཕྱོགས་ཐད། བོད་བསྟན་སྲིད་མི་རིགས་ཆེད་རང་ལུས་མེར་བསྲེཊ་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་དྲན་གསོའི་ཆེད་ཁོང་རྣམ་པའི་འདྲ་རིས་དང་ལོ་རྒྱུས་ཀྱི་དྲན་རྟེན་ཁང་ཆེད་འཛུགས། ཁོང་རྣམ་པའི་ཁ་ཆེམས་རྣམས་སྐད་ཡིག་འདྲ་མིན་ཐོག་བསྒྱུར་ཏེ་ཁྱབ་བསྒྲགས་བྱ་རྒྱུ་མ་ཟད། མ་འོངས་པའི་ལོ་རྒྱུས་ཡིག་ཚགས་སུ་ཉར་རྒྱུ། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་ཉིན་མོ་ཞིག་སྲུང་གཙི་གཏན་ཁེལ་དགོས་རྒྱུ། གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ཞིག་གསར་དུ་བསྐྱར་འཛུགས་ཀྱིས་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་དང་ནུས་པ་མཉམ་རུབ་ཀྱིས་ལས་འགུལ་སྤེལ་རྒྱུ་སོགས་གྲོས་ཆོད་དོན་ཚན་ ༡༦ བཞག་ཡོད།

རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས་ཐད། མཉམ་འབྲེལ་རྒྱལ་ཚོགས་དང་ཡུ་རོབ་མཐུན་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཡོང་བའི་ལས་འགུལ་མུ་མཐུད་སྤེལ་རྒྱུ་དང་། དོན་གཅོད་མེད་པའི་རྒྱལ་ཁབ་ཁག་ཏུ་དོན་གཅོད་དང་ཡང་ན་བོད་དོན་རྒྱབ་སྐྱོར་ཚོགས་པ་འཛུགས་ཐབས་བྱ་རྒྱུ། བཙན་བྱོལ་བོད་མིའི་ཁྲིམས་ལུགས་མཁས་པ་རྣམས་ཀྱིས་ཞིབ་འཇུག་དང་འབྲེལ། དཔང་རྟགས་བསྡུ་རུབ་ཀྱིས་རྒྱ་ནག་གི་སྐབས་སོ་སོའི་འབྲེལ་ཡོད་དཔོན་རིགས་ཁག་ཐེར་འདོན་གྱིས་ནག་ཉེས་བཙུགས་ཏེ་རྒྱལ་སྤྱིའི་ཁྲིམས་ཁང་ཁག་ཏུ་ཁྲིམས་གཏུགས་བྱ་རྒྱུ། རྒྱལ་སྤྱིའི་གཞས་པ་གཞས་མ་སྐད་གྲགས་ཅན་རྣམས་ལ་འབྲེལ་བ་བྱས་ཏེ་སྒྱུ་རྩལ་དང་འབྲེལ་བའི་སྒོ་ནས་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་སྤེལ་རྒྱུ། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་དང་དྲན་བརྙན་དབྱིན་ཡིག་དང་རྒྱ་སྐད་བཅས་སྐད་ཡིག་འདྲ་མིན་ཐོག་བོད་དོན་དྲིལ་བསྒྲགས་ཡོང་བར་ཤུགས་གནོན་རྒྱག་རྒྱུ། ཨ་རིའི་གཞུང་གིས་བོད་དོན་དམིགས་བསལ་འབྲེལ་མཐུད་བསྐོ་བཞག་གནང་ཡོད་པ་བཞིན། ཡུ་རོབ་གྲོས་ཚོགས་གཙོས་རྒྱལ་ཁབ་སོ་སོའི་གྲོས་ཚོགས་སམ། སྲིད་གཞུང་གིས་བོད་དོན་འབྲེལ་མཐུད་གསར་འཛུགས་ཡོང་ཐབས་ལ་འབད་བརྩོན་གནང་རྒྱུ་སོགས་གྲོས་ཆོད་དོན་ཚན་ ༧ བཞག་ཡོད།

ཨེ་ཤ་ཡའི་ནང་ལས་འགུལ་སྤེལ་ཕྱོགས་ཐད། རྒྱ་གར་གཙོས་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཚང་མའི་ནང་བོད་ཀྱི་ཆོས་དང་སྐད་ཡིག་རིག་གཞུང་། ཡུལ་གོམས་གཤིས་ལུགས། ཁོར་ཡུག་གི་གནད་དོན་སོགས་ངོ་སྤྲོད་དང་། བོད་དོན་རྒྱབ་སྐྱོར་དེ་ལྷོ་ཤར་ཨེ་ཤ་ཡའི་འཚོ་བ་དང་ཐོན་ཁུངས། ཁོར་ཡུག་དང་གནམ་གཤིས་སོགས་ལ་འབྲེལ་བ་ཆེན་པོ་ཡོད་པའི་གནད་དོན་གསལ་བཤད་ཀྱིས་འབྲེལ་མཐུད་གནང་སྟེ་བོད་དོན་རྒྱབ་སྐྱོར་ཡོང་ཐབས་དང་། རྒྱལ་ཁབ་དེ་དག་གི་མགོ་ཁྲིད་ལ་འབྲེལ་མོལ་མགོན་སྐྱབས་གནང་ཐབས་ལ་འབད་བརྩོན་གནང་རྒྱུ། བོད་ནང་རྒྱ་གཞུང་གིས་སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་བཞིན་པའི་གནས་སྟངས་རྣམས་བོད་རིགས་ཁ་ཆེ་བ་རྣམས་ཀྱིས་ནུས་ཤུགས་བསྒྲིལ་ཏེ། ཆོས་ལུགས་གཅིག་པའི་འབྲེལ་ལམ་བརྒྱུད་ཁ་ཆེ་རྒྱལ་ཁབ་ཁག་ནས་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་གནང་ཐབས་བྱ་རྒྱུ། ལྷོ་ཤར་ཨེ་ཤ་ཡའི་ནང་པའི་སྤྱི་ཚོགས་ཀྱི་དབུ་འཁྲིད་རྣམས་བཙན་བྱོལ་ནང་གདན་ཞུས་ཐོག  ནང་ཆོས་སྐོར་བགྲོ་གླེང་བརྒྱུད་བོད་དོན་རྒྱབ་སྐྱོར་ཐོབ་ཐབས་བྱ་རྒྱུ་སོགས་གྲོས་ཆོད་དོན་ཚན་ ༨ བཅས་སྤྱི་མོས་ཐོག་གཏན་འབེབས་གནང་ཡོད།  

མཇུག་ཏུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བཀའ་ཤག་གི་གསུང་བཤད་གནང་བའི་ནང་། ཐེངས་འདིའི་དམིགས་བསལ་ཚོགས་ཆེན་གྱི་ཚོགས་མི་ཡོངས་ཀྱིས་དགོངས་འཆར་གནང་བའི་ནང་། སྒྲིག་འཛུགས་དང་འཛིན་སྐྱོང་གི་ངོས་ནས་ལག་བསྟར་གནང་དགོས་པ་མང་པོ་གསུངས་ཡོད་པ་ལྟར། ད་ལྟའི་བར་བཀའ་སྤྱི་ཐུན་མོང་ཐོག་ཕྱག་ལས་གང་འཚམ་གནང་ཡོད་པ་དང་། མ་འོངས་པར་སྔར་ལས་ལྷག་པའི་སྒོ་ནས་འབད་བརྩོན་གནང་རྒྱུ་དང་། གང་བསྒྲུབ་ཐུབ་པ་དང་གང་བསྒྲུབ་མ་ཐུབ་པའི་རིགས་རིམ་པས་སྙན་སེང་ཞུ་རྒྱུ་ཡིན་སྐོར་དང་། ད་ལྟའི་བར་བཀའ་སྤྱི་གཉིས་ཀྱིས་ཐོག་ནས་ཨ་རི་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཡོད་པའི་གྲོགས་པོ་རྙིང་པ་གང་མང་མང་མཇལ་འཕྲད་དང་། སྔར་གྱི་འབྲེལ་བ་གང་ཐུབ་ཀྱིས་སྲ་བརྟན་དུ་གཏོང་རྒྱུའི་འབད་བརྩོན་གནང་གི་ཡོད་པ། ཨེ་ཤ་ཡའི་ནང་ཆོས་རིག་དང་ཕྱི་དྲིལ་བཀའ་བློན་ཕེབས་ཡོད་པ་ལྟར། མ་འོངས་པར་གང་མང་ཕེབས་རྒྱུའི་འབད་བརྩོན་གནང་རྒྱུ་ཡིན་པ་དང་། རྒྱ་ནག་གཞུང་གིས་ང་ཚོའི་སྤྱི་ཚོགས་ནང་དཀྲོགས་གཏམ་བཟོ་རྒྱུ་ཁོ་ཚོའི་གསར་འགྱུར་བརྒྱུད་ལམ་དུ་གསལ་བོར་བཀོད་ཡོད་ལ། བོད་མི་ཚོ་ཕར་བསླུ་འགུག་ཆེད་ལས་ཁུངས་གསར་རྒྱག་གིས་ལས་གཞི་འདྲ་མིན་སྤེལ་བཞིན་པ་སོགས། ང་ཚོའི་རྡོག་རྩ་ཆིག་སྒྲིལ་ཡོད་པའི་སྤྱི་ཚོགས་ནང་དཀྲོགས་གཏམ་སྤེལ་པའི་འབད་བརྩོན་གནང་བཞིན་པ་གསལ་བོ་ཡིན་སྟབས། མ་འོངས་པར་དེའི་ཐད་དོ་སྣང་ཤུགས་ཆེར་གནང་རྒྱུའི་འབོད་སྐུལ་གནང་སོང་།

དེའི་རྗེས་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས། འདས་པའི་ཉིན་ ༤ རིང་ཚོགས་བཅར་བ་ ༤༣༢ ཀྱིས་ཚོགས་ཆུང་ཆ་བགོས་དང་ཚོགས་ཆེན་ཐོག་གོ་བསྡུར་སྦྱང་བཤད་གནང་བར་ཐུགས་རྗེ་ཆེ་ཞུས་བ་དང་འབྲེལ།  ཐེངས་འདིའི་སྙན་ཐོའི་ཐད་སྤྱི་འཐུས་རྒྱུན་ལས་ཀྱིས་དོན་ཚན་རེ་རེ་བཞིན་དབྱེ་བསེས་བྱས་ཏེ་སུས་འགན་འཁུར་དགོས་མིན་དང་ག་དུས་གནང་དགོས་མིན། གང་འདྲ་བྱས་ཏེ་གནང་དགོས་མིན་དབྱེ་བ་བྱས་རྗེས། འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས། གཞུང་འབྲེལ་མ་ཡིན་པའི་ཚོགས་པ། བོད་མི་ཞིག་ཡིན་པའི་ཆ་ནས་འགན་ལེན་དགོས་པའི་རིགས་ཡོང་ངེས་སྟབས། མ་འོངས་པར་ལག་ལེན་བསྟར་བར་འབད་བརྩོན་གནང་རྒྱུ་དང་།  ཚོགས་ཞུགས་པ་རྣམས་པས་ཀྱང་ཐེངས་འདིའི་ཚོགས་འདུའི་ནང་དོན་ཆ་ཚང་ས་གནས་མི་མང་ལ་གསལ་བཤད་གནང་རྒྱུ་གལ་ཆེན་ཡིན་པ་དང་། ད་རེབ་ཀྱི་དམིགས་ཡུལ་གཙོ་བོ། བཀའ་སྤྱི་གཉིས་ཀྱིས་མང་ཚོགས་ནང་བསམ་ཚུལ་གསར་བ་ཡོང་གི་རེད་བསམ་སྟེ་ཚོགས་པ་ལྟར་ད་ལྟ་རྒྱབ་གཉེར་སྙན་ཐོ་ཐོན་ཡོད་པ་རེད། དེ་མིན་པའི་འཛིན་སྐྱོང་བཀའ་ཤག་དང་སྤྱི་འཐུས་ལྷན་ཚོགས་ཀྱི་གནང་རྒྱུའི་རིགས་ད་དུང་ཡོད་པ་དང་། ད་ལྟའི་ཆར་རྒྱལ་སྤྱིའི་ཐོག་བོད་ཀྱི་གནས་སྟངས་གླེང་སློང་བྱེད་ཀྱི་ཡོད་ཀྱང་། དེ་ལས་ཤུགས་ཆེ་རུ་གཏོང་ཆེད་གཞུང་མང་གཉིས་ནས་ལས་འགུལ་སྤེལ་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་གསུངས་སོང་།

ཉེ་ཆར་༸གོང་ས་མཆོག་ཐུགས་ཕམ་གྱི་གནས་ཚུལ་བྱུང་བའི་ཐད་སྤྱི་འཐུས་ཚོགས་གཙོ་མཆོག་གིས། “ ༸གོང་ས་མཆོག་ཐུགས་ཕམ་ཐད་གྲོས་ཆོད་ཟུར་འཇོག་ཐུབ་པ་དེ་གཟི་བརྗིད་རེད་བསམ་གྱི་ཡོད། གཙོ་བོ་སྒྲིག་འཛུགས་དང་མི་སྒེར་ཁག་ཅིག་གིས་༸གོང་ས་མཆོག་གིས་བོད་གཞུང་མེད་པ་བཟོས་པ་རེད་ཅེས་པའི་སྐད་ཆ་དང་འབྲེལ་ནས་ཡོང་བ་ཞིག་རེད། དེ་དབུ་མ་དང་རང་བཙན་ཐོག་སྦྲེལ་ནས་གཞི་རིམ་མང་ཚོགས་ནང་བསམ་ཚུལ་མང་པོ་ཞིག་ཡོང་གི་ཡོད་པ་གོ་བསྡད་ཀྱི་འདུག དེ་ལ་སེམས་འཚབ་ཆེན་པོ་ཡོང་གི་འདུག རང་བཙན་རྩོད་མཁན་ཚོར་རང་བཙན་རྩོད་པའི་ཐོབ་ཐང་ཡོད་རེད། དེ་སུ་གཅིག་གིས་འཕྲོག་ཐུབ་ཀྱི་མ་རེད། ལོ་རྒྱུས་ཀྱི་ཐོག་ནས་བོད་རང་བཙན་གཙང་མ་རེད། གནས་ལུགས་དང་རྒྱུ་མཚན་ཡོད་པ་རེད། ཡིན་ནའང་། བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དབུ་མའི་ལམ་ཐོག་འགྲོ་བཞིན་པ་དེ་མུ་མཐུད་གནས་བསྡད་ཡོད་པ་རེད་ལ། དེ་ལ་བསྐྱར་ཞིབ་དང་འགྱུར་བ་གཏོང་བའི་བསམ་ཚུལ་ད་ལྟའི་བར་དུ་ཡོད་པ་མ་རེད། མ་འོངས་པར་ཡོང་བ་ཡིན་ནའང་བརྒྱུད་རིམ་ཞིག་གི་ཐོག་ནས་འགྲོ་དགོས་པ་ལས། ལམ་སེང་འགྱུར་བ་གཏོང་དགོས་པ་ཆགས་ཡོད་པ་མ་རེད། ལངས་ཕྱོགས་ག་རེ་ཡོད་ཀྱང་། ནང་ཁུལ་འཆམ་མཐུན་གྱི་ཐོག་ནས་ནུས་པ་མཉམ་སྤུངས་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། རྟག་ཏུ་དེའི་ཐོག་བརྩད་བརྒྱབ་བསྡད་ན་སྤྱི་བའི་རྕ་དོན་ལ་ཕན་མིན་མཁྱེན་གསལ་རེད། ” ཅེས་གསུངས་བྱུང་།

སང་ཉིན་ཞོགས་པའི་ཆུ་ཚོད་ ༨ པའི་ཐོག་༸གོང་ས་མཆོག་དང་བླ་ཆེན་རྣམ་པ་དབུ་བཞུགས་དང་། ཚོགས་བཅར་བ་ཡོངས་མཉམ་ཞུགས་ཐོག་མཆོད་འབུལ་སྨོན་ལམ་གནང་རྒྱུ་ཡིན་འདུག་ལ། སྐབས་དེར་སྲིད་སྐྱོང་བ་མཆོག་གིས་གསུང་བཤད་དང་། རྒྱལ་ཁབ་འདྲ་མིན་ནས་ཕེབས་པའི་ཚོགས་ཞུགས་པ་ཚོས་ཡུལ་ལུང་སོ་སོའི་སྐད་ཡིག་ཐོག་གཏམ་བཤད་བཅས་གནང་རྒྱུ་ཡིན་འདུག

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

CTA celebrated the 79th Indian Independence day with a note of gratitude and good wishes. Photo; tibetimes 2025/8/15
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་གཞུང་མང་གཉིས་ལ་བཀའ་དྲིན་ཆེ་ཞུས་སོང་།

ཆུ་ཚོད་ ༦ སྔོན་ལ།
Mobile App

ཞི་ཅིན་ཕིན་གྱི་པེ་ཏེ་ཧིའི་དུས་སྐབས།

ཆུ་ཚོད་ ༡༠ སྔོན་ལ།
Former Miss Tibet Tenzin Paldon in an undated photo (Photo/Instagram)
Mobile App

བོད་ནང་ཆོས་ལུགས་དད་མོས་དང་གསར་འགོད་རང་དབང་སོགས་ལ་དམ་དྲག་ཤུགས་ཆེན་བྱེད་བཞིན་ཡོད་འདུག

༢༠༢༥/༠༨/༡༤
སྲིད་སྐྱོང་མཆོག་གིས་ལྡི་ལི་བསམ་ཡས་གླིང་བོད་ཁྱིམ་སློབ་གྲྭའི་གཟིགས་སྐོར་གནང་། ༢༠༢༥།༠༨།༡༣ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ལྡི་ལི་བསམ་ཡས་གླིང་གི་བོད་མི་ཚོས་ས་ཆ་རྣམས་ཁྲིམས་མཐུན་དེབ་སྐྱེལ་ཚགས་ཚུད་གནང་དགོས་སྐོར་ལམ་སྟོན་གནང་།

༢༠༢༥/༠༨/༡༤
Mobile App

༸རྒྱལ་བའི་ཡང་སྲིད།

༢༠༢༥/༠༨/༡༣
Election Commission's announcement on the upcoming election of Sikyong and Member of Parliament in Exile. Photo: Edited by tibettimes
Mobile App

ཕྱི་ཟླ་ ༡༠ ཚེས་ ༡ ནས་བཟུང་བཀའ་སྤྱི་གཉིས་ཀྱི་འོས་བསྡུའི་ལས་རིམ་དངོས་སུ་དབུ་འཛུགས་གནང་རྒྱུ་ཡིན་འདུག

༢༠༢༥/༠༨/༡༣

མཆན། 7

  1. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    ཨ་མཆོད་རབ་འབྱུང་ཡིན་པ་དཔར་ལས་ཤེས། །
    ཨ་མཆོད་རང་བཙན་ཆགས་པ་མཆན་ལས་ཤེས། །

    Reply
  2. ཤག་སྒང་པ། says:
    ལོ་ 13 སྔོན།

    སྤྱི་འཐུས་ཚོགས་གཙོ་མཆོག་གི་གཏམ་བཤད་དེ་ནན་ཙམ་གསུངས་ཐུབ་འདུག

    ད་ལྟའི་དུས་སྐབས་འདི་འདྲར་གསུང་བཤད་དང་ཞིབ་འཇུག་ཆ་ཚང་ཐད་ཀར་ཕྱི་གསལ་ནང་གསལ་དགོས་པ་ལས་ཕྱི་ཁོག་གིས་བཏུམས་ནས་བསྡད་པའི་དུས་སྐབས་མ་རེད།

    ༧རྒྱལ་བ་མཆོག་ཐུགས་ཕན་བྱུང་བ་འདིས་ང་ཚོ་ཚར་པ་རེད། ང་ཚོ་གཟབ་དགོས། རྩམ་གཟན་གཟབ་དགོས། གདོང་དམར་གཟབ་དགོས། ང་ཚོ་ཚང་མ་གཟབ་དགོས་པ་རེད།

    Reply
  3. thapkegyatso says:
    ལོ་ 13 སྔོན།

    ཨ་མཆོད་ནི་ཨ་མཆོད་རང་རེད།
    མཁས་དབང་དགེ་ཆོས་ཀྱིས།
    རྭ་ལྟར་གྱོང་བའི་ཨ་མཆོད་འདི་ཚོ་རང་མེད་ན།།
    ལ་ལུང་ལྷ་འདྲེ་མང་བོས་སེམས་ཅན་ལ་གནོད་ཡོང་།།
    ཞེས་པ་འདི་ཉིད་ལ་ཆོ་ལོ་རུ་འབུལ་ལོ།།

    Reply
  4. thapkegyatso says:
    ལོ་ 13 སྔོན།

    ངོ་མ་གསར་འགྱུར་གལ་ཆེན་པོ་རེད།བོད་རྒྱལ་ཡོངས་དམིགས་བསལ་ཚོགས་ཆེན་ཐེངས་གཉིས་པ་འདི་ལོ་རྒྱུས་རང་བཞིན་དང་གཟི་བརྗིད་ལྡན་པ་རེད།དེ་བས་ཀྱང་བོད་གཞིས་ལུས་རྣམས་ཀྱིས་བློས་གཏོང་དང་མངོན་འདོད་རེ་བ་ཚུན་ཆད་སྙིང་དུ་གནག་སྟེ་རང་རང་གི་བསམ་ཚུལ་མཐའ་དག་གྲུ་དང་སྦུགས་ནས་མ་སྐུང་བར་ལྷུག་བརྗོད་གནང་བ་ནི་རིན་ཐང་བྲལ་བ་ཞིག་གོ།
    ཚུལ་འདི་ནི་རྒྱ་ནག་སྒེར་གཅོད་སྲིད་གཞུང་བཞིན་མི་གཅིག་གིས་ལག་པ་བརྐྱངས་ན་ཀུན་གྱིས་ལག་པ་རྐྱོང་དགོས་པ་དང་།མི་གཅིག་གིས་ལག་པ་བསྐུམས་ན་ཐམས་ཅད་ཀྱིས་སྐུམ་དགོས་པ་མ་ཡིན་པས།དམར་ཕྱོགས་སྲིད་གཞུང་ལའང་གཉིད་མི་ཡོང་བའི་བརྡ་ལན་ཞིག་སྤྲད་ཡོད་ལ།ཁོ་བོ་ད་ཐེངས་སྤོབས་པས་ཁེངས་ཡོད་ཅིང་།སྦལ་བ་ན་རྐུང་ནང་ན་ཡོད་ཀྱང་བསམ་པ་གངས་དཀར་སྟོད་ན་གདའ་བའི་ཚུུལ་ལོ།།

    Reply
  5. ཨ་མཆོད་འཇམ་དཔལ་ཚུལ་ཁྲིམས། says:
    ལོ་ 13 སྔོན།

    སྔོན་ནས་ཚོད་དཔགས་བྱས་པ་བཞིན་ད་ནི་བོད་གཞུང་ཞེས་པའི་ཚིག་འདི་ངག་ནས་འདོན་པར་ཡང་ཞེད་སྣང་ངམ་མཚེར་སྣང་གིས་ཁྱེར་འགྲོ་བཞིན་འདུག
    སྔོན་མ་ཡིན་ན་བོད་གཞུང་མང་ཚོེགས་ཆེན་ཐེངས་དང་པོ། བོད་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་དང་གཉིས་པ་སོགས་རྔམ་བརྗིད་ལྡན་པའི་ངང་བརྗོད་སྤོབས་པའི་ཚོགས་ཆེན་དེ་དག་ཡོད་ཀྱང་ད་ནི་ དམིགས་བསལ་ཚོགས་ཆེན། ཞེས་མགོའི་ར་དང་རྐུབ་ཀྱི་མཇུག་མ་བྲེག་ཟིན་པའི་མིང་རྡོག་རྡོག་ཅིག་ལས་འབོད་ཕོད་ཀྱི་མེད། ཕ་རོལ་བོ་ལ་དགོས་པ་དེ་ང་ཚོས་ལྷོད་མེད་དུ་བྱས་སོང་།

    Reply
  6. བོད་དགའ། says:
    ལོ་ 13 སྔོན།

    གྲོད་ཆོད་མང་ཕལ་ཆེར་གནད་ལ་ཁེལ་བ་དེ་འདྲ་ཤ་སྟག་རེད་འདུག་མུ་མཐུད་དོན་འཁྱོན་ཡོང་བའིསྨོན་ལམ་ཡོད།

    “ཆོས་ལུགས་གཅིག་པའི་འབྲེལ་ལམ་བརྒྱུད་ཁ་ཆེ་རྒྱལ་ཁབ་ཁག་ནས་བོད་ཀྱི་བདེན་དོན་ལ་རྒྱབ་སྐྱོར་གནང་ཐབས་བྱ་རྒྱུ།” འདི་གང་འདྲ་གསུང་གི་ཡོད་ན་ཡག་པོ་ཤེས་མ་སོང་།

    “གཞུང་མང་ཛ་དྲག་ལས་འགུལ་ཚོགས་ཆུང་ཞིག་གསར་དུ་བསྐྱར་འཛུགས” འདི་ཤིན་ཏུ་ལེགས།

    “རྒྱ་ནག་གི་སྐབས་སོ་སོའི་འབྲེལ་ཡོད་དཔོན་རིགས་ཁག་ཐེར་འདོན་གྱིས་ནག་ཉེས་བཙུགས་ཏེ་རྒྱལ་སྤྱིའི་ཁྲིམས་ཁང་ཁག་ཏུ་ཁྲིམས་གཏུགས་བྱ་རྒྱུ།” ཡོད་ཚོད་ནང་ལས་ལེགས་ཤོས་དང་ལས་དོན་འདི་ཤིན་ཏུ་ནས་བསྒྲུབ་པར་བོད་མི་འགོ་མང་ཡོངས་ནས་འབེད་པ་གནང་དགོས།

    བོད་རྒྱལ་ལོ།

    Reply
  7. གསེར་འབྲུག་སྡེར་ལྔ་ says:
    ལོ་ 13 སྔོན།

    རྒྱལ་སྤྱིའི་ནང་ལས་འགུལ་སྤེལ་ཕྱོགས་ཐད། བཙན་བྱོལ་ཁྲིམས་ལུགས་མཁས་པ་ཚོས་ཞིབས་འཇུག་དང་འབྲེལ། དཔང་རྟགས་ཁུངས་བཙན་བསྡུ་རིབ་ཀྱིས་ནག་ཉེས་ཐེར་འདོན་གྱིས་སྐབས་སོ་སོའི་རྒྱ་ནག་གི་འབྲེལ་ཡོད་དཔོན་རིགས་ཁག་རྒྱལ་སྤྱིའི་ཁྲིམས་ཁང་ཁག་ཏུ་ཁྲིམས་གཏུགས་བྱ་རྒྱུ་དང་། རྒྱལ་སྤྱིའི་སྐད་གྲགས་ཅན་གྱི་གཞས་པ་གཞས་མ་རྣམས་ལ་འབྲེལ་བ་བྱས་ཏེས་སྒྱུ་རྩལ་གྱི་ལམ་ནས་བོད་དོན་དྲིལ་བསྒྲག་བྱ་རྒྱུ། དབུས་སྒྲིག་འཛུགས་ཀྱི་དྲ་རྒྱ་དང་དྲ་བརྙན་ཁག་སྐད་ཡིག་འདྲ་མིན་གྱི་ལམ་ནས་དྲིལ་བསྒྲགས་ཤུགས་ཆེ་བྱེད་རྒྱུ་ཞེས་པའི་གྲོས་ཆོད་གསུམ་གནད་འགག་ཅན་དུ་མཐོང་སོང་།
    ད་དུང་རྒྱལ་སྤྱིའི་ནང་སྐད་གྲགས་ཅན་གྱི་གློག་བརྙན་འཁྲབ་སྟོན་པ་དང་འཁྲབ་འཁྲིད་པ་ཚོར་འབྲེལ་བ་བྱེད་རྒྱ་ཁོ་ཚོ་བརྒྱུད་ནས་བོད་དོན་དྲིལ་བསྒྲགས་མཚོན་པའི་རྒྱབ་སྐྱོར་འཐོབ་ཐབས་བྱེད་རྒྱུ་དེ་ཆད་འདུག། ཁོ་ཚོོར་སྨོན་མཁན་དང་དགའ་མཁན་གོ་ལ་ཧྲིལ་པོའི་ནང་ཁྱབ་ཡོད་པ་རེད་ལ་ཁོ་ཚོའི་ཚོང་གི་འགྲོ་རྒྱུགས་ཀྱང་རྒྱ་ནག་ལ་ཡིན་གཅིག་ལྟོས་དགོས་པ་མ་རེད།
    མཐར་གྲོས་ཚོགས་ཀྱི་ཚོགས་གཙོ་མཆོག་གིས་དོན་གནད་རང་བཞིན་ལྡན་པའི་གཏམ་བཤད་ལ་དགའ་ནས་ཡོད་ལ་རྒྱབ་སྐྱོར་ཡང་ཡོད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese