མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ལ་ཕུལ།

བོད་ཀྱི་དུས་བབ།
༢༠༡༢/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཐེ་བོ་ཤེས་རབ་རྒྱ་མཚོ། 

དེ་རིང་སྤྱི་ཟླ་ ༡༠ ཚེས་ ༡ རེད། སྤྱི་ཟླ་ ༡༠ ཚེས་ ༡ ལ་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་རེད། ཁྱེད་ཀྱིས་རྒྱ་ནག་གི་ལོ་རྒྱུས་ལ་བལྟས་མྱོང་ངམ། ལོ་རྒྱུས་ཐོག་ཁོ་ཚོའི་མི་རིགས་འདི་ལས་སླ་བོ་ཞིག་མ་རེད། ཤེས་རིག་དང་གང་ཅིའི་ཐད་བྱས་རྗེས་རླབས་ཆེན་བཞག་མྱོང་བའི་མི་རིགས་ཤིག་རེད། ཁོ་ཚོས་ཕྱི་ནང་གི་ཡ་ང་བའི་བཙན་དབང་དང་གདུག་རྩུབ་ཡང་ཤིན་ཏུ་མང་པོ་མྱངས་མྱོང་ཡོད་མོད། འོན་ཀྱང་། མཐའ་མཇུག་ཁོ་ཚོས་དཀའ་སྡུག་དེ་དག་ཐམས་ཅད་ལས་ཡོངས་སུ་རྒྱལ་བར་བྱས་མྱོང་།

ཡིན་ཡང་། ཁྱེད་ཀྱིས་དེ་རིང་འཚོ་བའི་ནང་གི་རྒྱ་ནག་ལ་བལྟས་མྱོང་ངམ། ཁོ་ཚོ་ཅི་ཞིག་རེད། ཁོ་ཚོས་རང་ཉིད་ནི་སྲིད་དབང་སྒེར་གཅོད་པའི་བྲན་གཡོག་གསར་པ་ཞིག་ཏུ་གྱུར་བའང་ཚོར་མེད། སྲིད་དབང་སྒེར་གཅོད་པའི་སེམས་ལ་ཁོ་ཚོ་ནི་དབང་བོ་སྣ་ལྔ་ཅན་གྱི་རྐང་སྟེགས་འཆའ་སའི་ཤིང་དུམ་བདེ་མོ་ཞིག་ཏུ་མཐོང་ཡོད་པས། སྲིད་དབང་སྒེར་གཅོད་པ་ཚོས་བློ་བདེ་བག་ཕེབས་ངང་ཁོ་ཚོའི་མགོ་ཐོག་ལ་ངལ་གསོས་ནས་བསྡད་འདུག ཁོ་ཚོས་སྡུག་ངལ་གྱི་རྒྱ་མཚོར་ལྷུང་བའི་ཁོ་ཚོའི་མགོ་ཐོག་ལ་སྐྱིད་རྒྱག་གི་འདུག མ་རེད། ངལ་གསོས་ནས་སྐྱིད་བརྒྱབ་པ་ཁོ་ན་ཙམ་ག་ལ་ཡིན། ངལ་གསོས་ནས་སྐྱིད་བརྒྱབ་པ་ཁོ་ན་ཙམ་ཡིན་ན་ཁོས་ཀྱང་སྡུག་སྐད་འདི་འདྲ་རྒྱག་མི་སྲིད། ཁོ་ཚོ་ནི་ཟུངས་ཁྲག་ཚ་བོ་ལ་བརྟེན་ནས་འཚོ་བཞིན་པའི་རྒྱ་གར་གྱི་དུག་སྦྲང་ཆེན་པོ་འདི་དག་དང་འདྲ་བར་ཁོ་ཚོའི་ལུས་ཐོག་ནས་ཟུངས་ཁྲག་ཚ་བོ་འཇིབ་ཀྱིན་ཡོད། ཁོ་ཚོའི་ལུས་ལ་ན་ཟུག་ཡ་ང་བ་རེ་ཡོད་ནའང་། ཁོ་ཚོས་དུག་སྦྲང་དེ་དག་དཀྲོགས་མི་ཤེས་ལ། ཁོ་ཚོས་སྡུག་སྐད་ཀྱང་རྒྱག་མི་ཤེས། ཐ་ན་རྐང་ལག་ཙམ་ཡང་འགུལ་མི་ཤེས་བའམ་འགུལ་མི་ནུས། ཁོ་ཚོས་སེམས་ལ་རང་ཉིད་ཀྱི་ཟུངས་ཁྲག་ཚ་བོ་དེ་ནི་ཁོ་ཚོའི་སྐེ་ལྟག་ལ་གཉེར་མ་ འབབ་སྤྱད་དམ་ལྟོ་བ་ལུག་ལུག་ཆགས་སྤྱད་ལོས་ཡིན་འདོད་ཡོད།

ན་ནིང་ཝང་ཨ་ནེ་ཚང་གི་མིང་ཙམ་གྱི་ཁང་པ་ཞིག་ཡིན་པའི་འགྱིག་ཤོག་གི་ཁང་གོག་རྙིང་ཧྲུལ་ཆུང་ཆུང་ཆུང་ཆུང་དེ་གང་ནས་ཡོང་མིན་མ་ཤེས་པའི་ས་འདེད་འཕྲུལ་འཁོར་ཆེན་པོ་ཆེན་པོ་ཞིག་གིས་གང་ཞིག་ལ་གཙང་མ་བྱས་ནས་དེད་སོང་བའི་ཤུལ་དུ་ད་ལོ་གནམ་ལ་ཟུག་པའི་ཁང་རྩེག་ཅིག་བརྒྱབ་ཡོད་པ་དང་། རྒྱུ་མཚན་ཅི་ཡིན་མ་ཤེས་མོད། འོན་ཀྱང་ཝང་ཨ་ནེ་རང་ཉིད་ཁང་པ་དེའི་ཉེ་འཁྲིས་སུའང་བཅར་མི་ཆོག་གི་མེད། ཡིན་ཡང་ཚུལ་དེར་ད་བར་པེ་ཅིན་སྲང་ལམ་གྱི་ཤར་ཕྱོགས་ཟམ་ཆེན་འོག་ཏུ་ཉལ་བཞིན་པའི་ཝང་ཨ་ནེ་ཚང་གིས་གང་ཡང་བཤད་མ་མྱོང་། འོན་ཀྱང་ཉིན་ཤས་སྔོན་ཝང་ཨ་ནེས་ལག་ཏུ་(打倒日本帝国主义。打倒日本鬼子。)ཞེས་བྲིས་ཡོད་པའི་ཤོག་བྱང་ཞིག་ལག་ཏུ་ཐོགས་ནས་རྔམ་སྟོན་ཁྲོམ་སྐོར་ལ་ཞུགས་ཡོད་པ་དང་། ཝང་ཨ་ནེ་ལྟ་བུའི་སྡོད་ཁང་གཞུང་གིས་དེད་སོང་བའམ་ཕྱགས་སོང་བའི་ཁོ་ཚོ་མང་པོ་ཞིག་ཀྱང་ལག་ཏུ་ཤོག་བྱང་ཆེན་པོ་རེ་ངོས་སུ་གོང་མཚུངས་ཀྱི་ཡི་གེ་བྲིས་པ་མང་པོ་བཟུང་ནས་རྔམ་སྟོན་ཁྲོམ་སྐོར་ལ་ཞུགས་ཡོད།

སྲིད་གཞུང་གི་མགོ་ཁྲིད་རིམ་པ་ཚོས་ལྐོག་ཟ་བྱས་པའི་དངུལ་གྱི་གྲངས་འབོར་བསྡོམས་ན་(钓鱼岛)གླིང་ཕྲན་ལྟ་ཅི། རྒྱ་ནག་རྒྱལ་ཁབ་(中国)ཉོ་སྤྱད་ཀྱི་སྒོར་མོ་ལས་ཀྱང་ལྡབ་བརྒྱ་འགྱུར་གྱིས་མང་མོད། འོན་ཀྱང་ཁོ་ཚོས་དེ་ནི་ཁོ་ཚོའི་འཇོན་ཐང་རེད། སོ་སོས་ཟ་མ་ཐུབ་ན་སྡུག་གྱོང་རེད་ཟེར་ནས། མི་འདོད་པའི་རྣམ་འགྱུར་ཙམ་ཡང་སྟོན་གྱི་མེད། ལྡོག་སྟེ་དེ་ནི་ལུགས་མཐུན་ཞིག་ཏུ་བསམ་ཡོད།

ད་དུང་དེས་ག་ལ་ཚད་དེ། མི་ལོ་ཉེར་གསུམ་གྱི་ཡར་སྔོན་དུ་(天安门)ཐང་ཆེན་དུ་སློབ་ཕྲུག་བརྒྱ་ཕྲག་མང་པོ་དམར་གསོད་བཏང་བ་དེ་ནི་ད་ལྟ་ཁོ་ཚོ་མང་པོ་ཞིག་གིས་ཤེས་ཀྱི་མེད་ལ། ལ་ལས་ཤེས་ཀྱང་འདི་ནི་གུང་ཁྲན་ཏང་གི་གནམ་འོག་ཡིན་པས་དེ་ནི་ཁོ་ཚོའི་མགོར་ཅིས་ཀྱང་འབབ་དགོས་པའི་ཉེས་ཆད་ཅིག་བབས་པ་ཙམ་རེད་ལ། ཁོ་ཚོས་ཀྱང་ངེས་བར་དུ་འཁུར་དགོས་པའི་ཉེས་ཆད་ཅིག་འཁུར་བ་ཙམ་རེད་ཟེར། ཁོ་ཚོ་མང་པོ་མང་པོ་ཞིག་གིས་ཀྱང་ཁོ་ཚོས་བཤད་པ་ལྟར་དེ་ནི་ཅིས་ཀྱང་འབབ་དགོས་པ་དང་འཁུར་དགོས་པའི་ཉེས་ཆད་ཅིག་ཡིན་ཤག་བྱས་ཡོད།

འོན་ཀྱང་། ཁོས་བཤད་ན། ཁོ་ཚོ་ད་ལྟ་རྨོངས་བའི་གྲོག་རོང་གི་གཏིང་ཟབ་ས་ན་གཉིད་དུ་ཡུར་ནས་བསྡད་ཡོད་ ནའང་། ནམ་ཉི་མ་གཉིད་ལས་སད་པའི་དུས་ཡོད་ཟེར། ཁོས་དེ་ལ་ལན་མ་བཏབ་གོང་ཁོས་ཡང་བསྐྱར། ནམ་ཉི་མ་ཁོ་ཚོ་གཉིད་ལས་སད་ཚེ་ཁོ་ཚོས་ཁོ་ཚོ་སྡོད་ས་ཙམ་མ་ཡིན་པར་སའི་གོ་ལ་ཆེན་པོ་འདིའི་སྣེ་འཁྲིད་ཐུབ་ངེས་ཡིན་ཟེར། འོན་ཀྱང་ཁོས་དཔེ་མི་སྲིད། ཁོ་ཚོས་ཁོ་ཚོའི་མི་གཤིས་ལ་གནད་དོན་འབུད་དུ་བཅུག་ཡོད་པས་དེ་ནི་དཔེ་སྲིད་པ་ཞིག་མ་རེད་ཅེས་ལན་བཏབ། ངོ་མ་རེད། མི་གཤིས་ལ་གནད་དོན་བུད་ཡོད་ཚེ་དེ་ནི་མི་སྡེ་ཆེན་པོ་ཞིག་ཡིན་ནའང་འཕྲུལ་འཁོར་གྱི་ཨ་མ་ལ་སྐྱོན་ཤོར་བའི་མེ་འཁོར་ཆེན་པོ་ཞིག་དང་འདྲ་བོ་ཡིན་པས། དེ་ལ་ནུས་པ་དང་བེད་སྤྱོད་ཅི་ཡང་མེད་པ་ཁོས་ད་དུང་གཏན་ནས་ཤེས་མི་འདུག དེར་བརྟེན་ཁོས་ཁོ་ཚོས་སའི་གོ་ལ་ལྟ་ཅི། ཁོ་ཚོ་རང་ཉིད་འཇུག་སའི་དམྱལ་མཁར་བཙན་པོ་དེའི་སྒོར་ཡང་འབུད་ཐུབ་རྒྱུ་མ་རེད་ ཟེར། གསལ་བོར་བཤད་ན་འདི་ནི་ཁོས་མཐོང་བའི་དེ་རིང་གི་འཚོ་བའི་ནང་གི་རྒྱ་ནག་ཡིན་སྐད།

༢༠༡༢   ༡༠  ༡ ཉིན།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

ཆུ་ཚོད་ ༦ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

ཆུ་ཚོད་ ༧ སྔོན་ལ།
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

ཆུ་ཚོད་ ༨ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

༢༠༢༦/༠༩/༢༣
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

༢༠༢༦/༠༩/༢༣
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

༢༠༢༦/༠༩/༢༣

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སི་ཏ་ལིན་གྱི་རོ་དེ་ཕྱིར་བཏོན་བྱས་པ་ལྟར། མའོ་ཡི་རོ་ཁོགས་སྒྲིབ་ཅན་དེ་ཡང་མར་བཏོན་ཡང་དུས་ཚོད་སླེབས་མི་འདུག་གམ། རྒྱ་ནག་ཏང་གི་ཤེ་ཡོན་པ་ཚོ་ལ། ༢༠༡༢།༡༠།༠༡ཕྱི་ལོ་ཟླ་ཚེས་ཉིན་ལ་སྙན་ཞུར་ཚུལ་དུ་ཕུལ་ལོ། །

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་་་། ན་ནིང་ཝང་ཨ་ནེ་ཚང་གི་མིང་ཙམ་གྱི་ཁང་པ་ཞིག་ཡིན་པའི་འགྱིག་ཤོག་གི་ཁང་གོག་རྙིང་ཧྲུལ་ཆུང་ཆུང་ཆུང་ཆུང་དེ་གང་ནས་ཡོང་མིན་མ་ཤེས་པའི་ས་འདེད་འཕྲུལ་འཁོར་ཆེན་པོ་ཆེན་པོ་ཞིག་གིས་གང་ཞིག་ལ་གཙང་མ་བྱས་ནས་དེད་སོང་བའི་ཤུལ་དུ་ད་ལོ་གནམ་ལ་ཟུག་པའི་ཁང་རྩེག་ཅིག་བརྒྱབ་ཡོད་པ་དང་། རྒྱུ་མཚན་ཅི་ཡིན་མ་ཤེས་མོད། འོན་ཀྱང་ཝང་ཨ་ནེ་རང་ཉིད་ཁང་པ་དེའི་ཉེ་འཁྲིས་སུའང་བཅར་མི་ཆོག་གི་མེད། ་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese