མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཚན་རིག་དང་འཕྲུལ་ཆས་ཆཊ་སྡང་གི་བྲན་གཡོག་ཏུ་གྱུར་ཏེ་གཏོར་བཅོམ་བྱེད་ཀྱི་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༡༠/༠༡
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༸གོང་ས་མཆོག་གིས་བཞུཊ་སྒར་དུ་ཐའེ་ཝན་རྒྱ་རིཊ་ཆོས་ཞུ་བ་གཙོས་རྒྱ་རིཊ་དད་ལྡན་པ་ ༡༨༡༧ དང་། ངྷ་སའི་བོད་རིཊ་སེར་སྐྱ་མང་ཚོཊ་དང་རྒྱལ་ཁབ་ ༦༠ ནས་བཅར་བའི་ཆོས་ཞུ་བ་ ༦༠༠༠ བརྒལ་བར་ཇོ་བོ་རྗེས་མཛད་པའི་༼བྱང་ཆུབ་ལམ་སྒྲོན་༽བཀའ་ཁྲིད་གནང་མགོ་བཙུཊ་འདུག  

ཐའེ་ཝན་ནང་པའི་དད་ལྡན་པ་ཁག་ཅིག་གིས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། དེ་རིང་ཕྱི་ཚེས་ ༡ ཉིན་ནས་དུས་ཡུན་ཉིན་བཞིའི་རིང་༸གོང་ས་མཆོག་གིས་བཞུཊ་སྒར་ངྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཇོ་བོ་རྗེ་ཨ་ཏི་ཤས་མཛད་པའི་༼བྱང་ཆུབ་ལམ་སྒྲོན་༽བཀའ་ཁྲིད་གནང་མགོ་བཙུཊ་ཡོད་ཅིང་། ཐེངས་འདིའི་གསུང་ཆོས་ཐོག་ཐའེ་ཝན་གཙོས་ཧོང་ཀོང་དང་མཱ་ལེ་ཤི་ཡ། སིང་གྷ་ཕོར། ཨ་རི། རྒྱ་ནག་སྐམ་ས་ཆེན་པོ་བཅས་ནས་རྒྱ་རིཊ་ཆོས་ཞུ་བ་ ༡༨༡༧ ཙམ་དང་། དེ་བཞིན་བཞུཊ་སྒར་ཁུལ་གྱི་སེར་སྐྱ་མང་ཚོཊ་དང་འཛམ་གླིང་རྒྱལ་ཁབ་ཁག་ ༦༠ ཙམ་ནས་དད་ལྡན་ཆོས་ཞུ་བ་ ༦༠༠༠ ལྷག་འདུ་འཛོམས་བྱུང་འདུག གསུང་ཆོས་སྐབས་སྐུ་སྒེར་དྲ་ཚིཊ་བརྒྱུད་རྒྱ་སྐད་དང་དབྱིན་སྐད། ཉི་ཧོང་། ཀོ་རི་ཡ། ཨུ་རུ་སུ་བཅས་ཀྱི་སྐད་ཡིག་ཐོག་ཐད་གཏོང་གནང་རྒྱུ་དང་། ཉིན་མཐའ་མར་མང་ཚོཊ་ལ་བཀའ་དབང་བཅས་བསྩལ་རྒྱུ་ཡིན་འདུག

གསུང་ཆོས་མགོ་འཛུཊ་མ་གནང་གོང་༸གོང་ས་མཆོག་གིས་རྒྱ་རིཊ་གཙོས་དད་ལྡན་ཆོས་ཞུ་བ་ཚོར་ནང་ཆོས་ངོ་སྤྲོད་སྐབས་བཀའ་སློབ་བསྩལ་དོན། “འཛམ་གླིང་ཐོག་མི་དུང་ཕྱུར་བདུན་ཅུ་ཙམ་ཡོད་ལ། དེ་ཚོ་ཚང་མ་མི་གཅིག་པ་ཆཊ་ཡོད། གལ་ཆེ་ཤོས་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོད་པ། དུད་འགྲོ་གཞན་དང་མི་འདྲ་བར་བསམ་བློ་གཏོང་རྒྱུའི་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་ཡོད་བསྡད་པ་དེ་རེད། མི་དུང་ཕྱུར་བདུན་ཅུ་དེ་སྐྱེས་པའི་སྐབས་གཅིག་པ་བྱས་ཏེ་སྐྱེས་བསྡད་པ་ཞིག་རེད་ལ། ཤི་བའི་སྐབས་སུའང་གཅིག་པ་བྱས་ཏེ་ཤི་འགྲོ་ཡི་ཡོད་པ་རེད་མ་གཏོཊ། དཔོན་པོ་དང་བླ་མ་ཡིན་ཟེར་ནས་མི་འདྲ་བ་བྱས་ཏེ་སྐྱེས་མཁན་ཡོད་པ་མ་རེད། ཤི་བའི་སྐབས་ལ་རེ་ཟུང་ཙམ་ལས་མི་འདྲ་བ་བྱས་ཏེ་ཤི་མཁན་ཡོད་པ་མ་རེད། ཉོན་མོངས་ཆཊ་སྡང་ང་ཚོ་ཚང་མར་ཡོད་བསྡད་པ་གཅིག་པ་རེད། བྱམས་པ་དང་བརྩེ་བ་ཡོད་བསྡད་པ་གཅིག་པ་རེད། བདེ་བ་འདོད་པ་དང་སྡུག་བསྔལ་མི་འདོད་པ་མི་ཙམ་མ་ཟད་དུད་འགྲོ་ཚུན་ཆད་སྡུག་བསྔལ་མི་འདོད་པ་དང་བདེ་བ་འདོིད་པ་གཅིག་པ་རེད། ཁྱད་པར་གཅིག་དེ་དུད་འགྲོ་དང་མི་ཐུན་མོང་ལ་ཡོད་པའི་བདེ་བ་དང་། སྡུག་བསྔལ་རིཊ་གཅིག་གཙོ་བོ་སྒོ་ལྔའི་ཤེས་པ་ལ་བརྟེན་ཡོད། མིའི་གཟུཊ་ཡིད་དུ་འོང་མི་འོང་ཐོག་ནས་བདེ་སྡུག་ཅིག་དང་། རྣ་བའི་སྒྲ་སྙན་མ་སྙན་ཐོག་བདེ་སྡུག་ཅིག་ཡོང་གི་ཡོད། དེ་བཞིན་དྲི་དང་རོ། རེག་བྱ་བཅས་ཀྱི་ཐོག་མི་དང་དུད་འགྲོ་གཅིག་ཆཊ་ཡོད། མི་ལ་ཁྱད་པར་གཅིག་དེ་མིའི་རྣམ་དཔྱོད་མི་འདྲ་བ་ཞིག་དང་བསམ་བློ་གཏོང་སྟངས་མ་འདྲ་བ་ཞིག་ཡོད་པ་དེ་རེད། བསམ་བློ་གཏོང་རྒྱུ་ཡོད་པ་དེའི་རྐྱེན་པས་རེ་དོཊ་མང་པོ་ཞིག་ཡོང་གི་ཡོད། དེའི་རྐྱེན་གྱིས་ཡིད་བློའི་སྟེང་གི་སྐྱིད་མ་སྐྱིད་ཟེར་བ་དེ་ཞེ་དྲག་ཤུཊ་ཆེན་པོ་ཡོད་བསྡད་པ་ཞིག་རེད། དེ་ཡིན་དུས་སྒོ་ལྔའི་ཤེས་པ་བརྒྱུད་ཡོང་བའི་བདེ་སྡུག་དུད་འགྲོ་དང་གཅིག་པ་ཆཊ་ཡོད། ”ཅེས་གསུངས་སོང་།

༸གོང་ས་མཆོག་གིས་ལུས་སེམས་ཀྱི་བདེ་སྡུག་གི་མྱོང་ཚོར་སྐོར་གསུངས་དོན། “དུད་འགྲོ་ཞིག་ཡིན་ན་ཡིད་བློའི་སྟེང་གིོ་བདེ་སྡུག་ཕལ་ཆེར་མེད་ཀྱང་། ང་ཚོ་མི་ཡིན་པའི་ཆ་ནས། རྣམ་དཔྱོད་ཐོག་རེ་དོཊ་ཆེན་པོ་ཡོད་པའི་རྐྱེན་གྱིས། སྒོ་ལྔའི་ཤེས་པ་བརྒྱུད་སྡུག་བསྔལ་ཉོན་མོངས་སྤྱི་དང་། བདེ་བ་མང་ཙམ་ཡོད་བསྡད་པ་དེའི་ཆོག་གི་མེད་པར། ཡིད་བློ་ལ་བརྟེན་པའི་བདེ་སྡུག་ཤུཊ་ཆེན་པོ་ཡོད་དུས། དེ་ལུས་པོའི་སྒོ་ལྔའི་ཤེས་པའི་ཐོག་བདེ་ཞིང་སྐྱིད་པ་ཞིག་ཡོང་གི་ཡོད་ནའང་། སེམས་ཀྱི་རེ་དོཊ་ཀྱིས་རྐྱེན་པས་མ་སྐྱིད་པ་ཡོང་ན་དེ་སེལ་ཐུབ་ཀྱི་ཡོད་པ་མ་རེད། སེམས་ཀྱི་ནང་ཡིད་ཚིམས་པ་ཞིག་དང་། ངས་ལས་ཀ་འདི་བྱས་པ་དེ་འདོད་དོན་གྲུབ་སོང་སྙམ་པ་ཞིག་ཡིད་བློའི་སྟེང་ཤུཊ་ཆེན་པོ་ཡོད་ན། ལུས་པོའི་དཀའ་ངལ་འཕྲད་ཀྱང་དང་དུ་ལེན་ཐུབ་ཀྱི་ཡོད་པ་རེད། ཡིད་བློའི་བདེ་སྡུག་ཤུཊ་ཆེ་བ་དང་གཙོ་ཆེ་བ་ཡོད་པ་དང་། ལུས་པོའི་བདེ་སྡུག་ཤུཊ་ཆུང་བ་དང་གལ་ཆུང་བ་ཡོད། སྒོ་ལྔའི་ཤེས་པ་ལ་བརྟེན་པའི་སྡུག་བསྔལ་དེ། ཡིད་ཀྱི་བདེ་བས་ཟིལ་གྱིས་མནོན་ཐུབ་པ་དང་། ཡིད་མ་སྐྱིད་པའི་སྡུག་བསྔལ་དེ་སྒོ་ལྔའི་ཤེས་པའི་སྟེང་འདོད་པའི་ཡོན་ཏན་ཕུན་སུམ་ཚོཊ་པ་བྱས་ཏེ་ཡིད་ཚིམ་པ་བྱུང་ཡོད་ཀྱང་། དེས་སེམས་ཀྱི་སྡུག་བསྔལ་ཟིལ་གྱིས་མནོན་མ་ཐུབ་པ་དེ་གསལ་པོ་འདུག ”ཅེས་གསུངས།

༸གོང་ས་མཆོག་གིས་ཚན་རིག་དང་འཕྲུལ་ཆས་ཡར་ཕྱིན་ཡོད་ཀྱང་བཟང་སྤྱོད་ཀྱི་མ་འདང་བའི་དཀའ་ངལ་ཐོག་གསུངས་དོན། “འདས་པའི་ལོ་ངོ་སྟོང་ཕྲག་གསུམ་བཞིའི་གོང་ཆོས་ལ་དད་པ་བྱས་ཏེ། ལྷ་ཡོད་པ་རེད་ཟེར་བ་དང་སྐྱབས་ཡོད་པ་རེད་ཟེར་ནས་མི་ལ་དངངས་སྐྲག་ཡོང་སྐབས། སྐྱབས་ཤིག་ལ་བློ་གཏད་བྱ་རྒྱུ་ཡོང་གི་ཡོད། མི་ཞིག་ཆ་ལ་མཚོན་ན། ང་ལ་གྲོཊ་པོ་དང་རོཊ་པ་བྱེད་མཁན་ཞིག་ཡོད་བསམ་སྟེ། བློ་བཅོལ་ས་ཞིག་དགོས་དུས་ཆོས་དད་བྱུང་བ་རེད། འདས་པའི་ལོ་ ༢༠༠ ཀྱི་མཚམས་ནས། ཚན་རིག་གི་བརྟག་དཔྱད་དང་འཕྲུལ་ཆས་བསླེབས་ཡོང་སྐབས། ང་ཚོའི་རེ་བ་རྒྱག་སའི་ལུས་ཀྱི་དཀའ་ངལ་སེལ་རྒྱུ་དང་། ལུས་ཀྱི་མཐུན་རྐྱེན་བསྒྲུབ་རྒྱུ་འཕྲུལ་ཆས་ཀྱི་ཐོག་ལས་སླ་པོར་ཡོང་གི་ཡོད། ལོ་སྟོང་ཕྲག་རིང་རེ་བ་བརྒྱབ་པ་དེ་ལས། ཚན་རིག་དང་འཕྲུལ་ཆས་ཀྱིས་ཁ་ཐུག་གི་ལུས་ཀྱི་སྡུག་བསྔལ་སེལ་རྒྱུ་དང་། བདེ་བ་བསྒྲུབ་རྒྱུའི་ཕྱིའི་མཐུན་རྐྱེན་བསྒྲུབ་ཡོང་གི་ཡོད་དུས་མི་ཚོས་དེར་ཡིད་ཆེས་ཆེ་རུ་ཕྱིན་ཡོད། དུས་རབས་ ༢༠ ནང་ཚན་རིག་དང་འཕྲུལ་ཆས་ཧ་ལས་པ་ཡར་རྒྱས་ཕྱིན་ཡོད་ལ། ཡར་རྒྱས་དེ་སེམས་ཆཊ་སྡང་དྲག་པོས་གཞན་དབང་དུ་འགྲོ་བསྡད་དུས། ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་དེས་མི་ལ་ཕན་ཐོཊ་བྱུང་ཡོད་ཀྱང་། མི་ལ་འཇིཊ་སྣང་སྐྱེས་སའི་རྡུལ་ཕྲན་མཚོན་ཆ་སོཊ་ཡོང་བསྡད་པ་ཞིག་རེད། ”ཅེས་གསུངས།

༸གོང་ས་མཆོག་གིས་མུ་མཐུད་གསུངས་དོན། “དམག་འཁྲུག་མིའི་སྤྱི་ཚོཊ་ནང་གནའ་སྔ་མོ་ནས་བྱུང་ཡོད་ཀྱང་། སྐབས་དེར་མི་དང་མི་འཛིང་རེས་བྱེད་པ་མ་གཏོཊ། འབམ་གཅིག་གིས་མི་ཁྲི་ཕྲག་དང་འབུམ་ཕྲག་གསོད་ཐུབ་པ་དེ་འདྲ་ཡོད་པ་མ་རེད། ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་ཕྱིན་པ་ལ་བརྟེན་ནས། ཚན་རིག་དང་འཕྲུལ་ཆས་ཡར་རྒྱས་དེ་ཆཊ་སྡང་གི་བྲན་གཡོག་ཏུ་གྱུར་ཏེ། ཧ་ལས་པའི་གཏོར་བཅོམ་བྱེད་ཐུབ་ཀྱི་ཡོད་པ་རེད། དེ་དང་འབྲེལ་ཏེ་མང་པོ་ཞིག་ལ་འཇིཊ་སྣང་བསླེབས་བསྡད་པ་ཞིག་རེད། དེ་བཞིན་ཁོར་ཡུག་ཐོག་ཉམ་ཉེས་ཆེན་པོ་འགྲོ་བཞིན་པ་རེད། མཁས་པ་དེ་ཚོས་བཤད་ན། དུས་རབས་ཉི་ཤུའི་དམག་འཁྲུག་ནང་མི་ས་ཡ་ ༢༠༠ དམར་གསོད་བཏང་ཡོད་ལ། དུས་རབས་ཉི་ཤུ་བ་དེ་འཚེ་བའི་དུས་རབས་ཤིག་དང་། མི་གསོད་ཁྲག་སྦྱོར་གྱི་དུས་རབས་ཤིག་ཆཊ་ཡོད། འཚེ་བའི་ཐབས་ཤེས་ལ་བརྟེན་ནས་འཛམ་གླིང་སྔོན་མ་ལས་སྐྱིད་པ་ཞིག་དང་ཞི་བདེ་མང་བ་བྱུང་ཡོད་ན། འཚེ་བ་བྱུང་ཡོད་ཀྱང་འཚེ་བ་དེར་གྲུབ་འབྲས་བཟང་པོ་བྱུང་སོང་ལབ་ཆོག་ཀྱང་། དེར་གོ་རྒྱུ་གང་ཡང་ཡོད་པ་མ་རེད། དེ་ཡིན་དུས། དུས་རབས་ ༢༡ པ་དམག་འཁྲུག་མེད་པ་དང་འཚེ་བ་མེད་པར། མི་ཀུན་མཛའ་ཞིང་མཐུན་པ་ཞིག་ཡོང་བའི་འབད་བརྩོན་བྱ་དགོས་པ་རེད། ཚན་རིག་དང་འཕྲུལ་ཆས་ཐོག་མི་མཐུན་པོ་བཟོ་ཐབས་ཡོད་པ་མ་རེད། མཐུན་པོ་བཟོ་དགོས་ན་མིའི་བསམ་བློའི་ནང་མཛའ་བརྩེ་དགོས་པ་རེད། མཛའ་བརྩེ་དེ་མི་དུང་ཕྱུར་ ༧༠ ཡོད་པ་རྣམས་བདེ་བ་འདོད་པ་དང་། སྡུག་བསྔལ་མི་འདོད་པའི་མི་གཅིག་པ་ཡིན་པའི་མཛའ་བརྩེ་དེ་དགོས་པ་རེད། ང་ཚོ་འགྲོི་བ་མིའི་རིཊ་ཡིན་ཞེས་བཤད་རྒྱུ་ཞིག་བྱུང་ན། གཅིག་གིས་གཅིག་ལ་འཚེ་བ་བྱེད་པ་དང་། ཁྲག་དོག་བྱེད་པའི་གཞི་རྩ་གང་ཡང་ཡོད་པ་མ་རེད། ”ཅེས་གསུངས།

མཐའ་མར་༸གོང་ས་མཆོག་གིས་འཛམ་གླིང་དེང་དུས་ཤེས་ཡོན་སློབ་གསོའི་ལམ་ལུཊ་ཁྲོད་ཆོས་དང་མ་འདྲེས་པའི་བཟང་སྤྱོད་སློབ་ཚན་གསར་འཛུཊ་དགོས་པའི་ཐོག་གསུངས་དོན། “ཕྱིའི་དངོས་པོར་བརྟག་དཔྱད་བྱས་ཏེ་ཕན་དང་གནོད་པ་ག་རེ་ཡོད་མེད་ཐོག་གདོང་ལེན་བྱེད་ཀྱི་ཡོད་པ་བཞིན། ནང་ཤེས་པའི་ཐོག་རྟོག་པ་འདྲ་མིན་ནང་གནོད་པ་ཡོད་མཁན་སེམས་དཀྲུག་མཁན་གྱི་རྟོག་པའི་རིཊ་ག་རེ་འདུག སེམས་ལ་ཞི་བདེ་བསྐྲུན་མཁན་གྱི་བློ་ག་རེ་འདུག དེ་ང་ཚོས་ཤེས་དགོས་པ་གལ་ཆེན་པ་རེད། ཆོས་ཕྱོཊ་ཐོག་ཕྱིན་ན་རྒྱ་ཆུང་ཆུང་ཆཊ་པ་རེད། ང་ཚོས་འཛམ་གླིང་ཡོངས་ལ་ཁྱབ་པའི་ཤེས་ཡོན་སློབ་གསོའི་ནང་དེ་སྤྲད་དགོས་ཀྱི་འདུག དེ་ཆོས་ཀྱི་སྐད་ཆ་གང་ཡང་མ་རེད། འཕྲོད་བསྟེན་ཐོག་དེ་བསླེབས་ཀྱི་ཡོད་པ་རེད། མི་སྤྱི་ཡོངས་ཀྱི་བདེ་སྐྱིད་ཆེད་ངོ་སྤྲོད་བྱེད་ཀྱི་ཡོད། ད་ལྟའི་ཤེས་ཡོན་ལམ་ལུཊ་དེ་ཕྱིའི་དངོས་པོར་གཞི་བཅོལ་བའི་ཤེས་ཡོན་ལམ་ལུཊ་ཤིག་ཆཊ་ཡོད། ཤེས་ཡོན་ནི་ཀུན་ལ་ཁྱབ་པ་ཞིག་ཡིན་སྟབས། དུས་རབས་འདིའི་ནང་ཤེས་ཡོན་ཐོག་ཆུང་ཆུང་སྐབས་ནས། སློབ་ཚན་ནང་ཕྱིའི་དངོས་པོ་དང་འབྲེལ་བའི་སློབ་ཚན་ཁོ་ནར་ཆ་མ་གཞག་པར། ནང་བསམ་བློའི་འགྲོ་སྟངས་ཐོག་ཉམས་ཞིབ་ཀྱི་ཐོག་ནས། སྐྱེ་པ་ཕྱི་མ་དང་དཀོན་མཆོག་གི་སྐད་ཆ་མ་བཤད་པར། སོ་སོ་སྒེར་གྱི་མི་ཚེ་དོན་དང་ལྡན་པ་ཞིག་ཡོང་ཐབས་དང་ཁྱིམ་ཚང་སྐྱིད་པོ་ཡོང་བ། སྤྱི་ཚོཊ་བདེ་བོ་ཡོང་རྒྱུའི་དོན་དུ། སེམས་ཀྱི་འགྲོ་སྟངས་དེ་སློབ་གསོ་ནང་བསླེབ་ཐུབ་པ་བྱ་དགོས་ཀྱི་འདུག དེང་དུས་ཤེས་ཡོན་ལམ་ལུཊ་ནང་ཆོས་དང་མ་འདྲེིས་པའི་སེམས་ཀྱི་རྣམ་གཞག་གི་འགྲོ་སྟངས་དེ་བསླེབ་དགོས་ཀྱི་འདུག དེ་ནི་སོ་སོའི་དོན་དག་རེད་ལ་སོ་སོའི་ལས་འགན་ཡང་ཆཊ་ཡོད། ཆོས་དང་མ་འདྲེས་པའི་ཀུན་སྤྱོད་ཡར་རྒྱས་གཏོང་ཆེད། དེ་རིང་འདིར་ཐའེ་ཝན་ནས་མི་ ༨༠༠ ཙམ་ཡོད་པ་རེད། མི་ ༨༠༠ མི་རེ་ངོ་རེ་ནས་བསམ་བློ་དེའི་ཐོག་བཞག་སྟེ། མི་རེའི་ངོས་ནས་སོ་སོའི་གྲོཊ་པོ་ ༡༠ རེ་ལ་འབྲེལ་བ་ཡོང་ཐུབ་ཀྱི་རེད། མི་ ༨༠༠ དེར་མི་ ༨༠༠༠ གི་འབྲེལ་བ་ཡོང་གི་རེད། མི་༨༠༠༠ གིས་མི་བཅུ་རེ་ལ་འབྲེལ་བ་བྱས་ཏེ་མི་ཁྲི་ ༨༠༠༠༠ འབྲེལ་བ་ཡོང་གི་ཡོད་དུས། དེ་རིང་འདིར་ཕེབས་བསྡད་པའི་རྒྱ་རིཊ་གཙོས་བོད་པ་དང་ཕྱི་མི་ཡིན་རུང་། ཡ་རབས་ཟེར་བ་དེ་ཆོས་གཅིག་པུའི་སྐད་ཆ་མ་རེད། དེ་མི་ཚེ་སྐྱིད་པོ་ཡོང་བའི་དོན་དག་དང་འབྲེལ་ཆཊ་ཡོད་སྟབས་ཚང་མས་བློ་སྦྱང་སྟེ་བསམ་བློ་གཏོང་པ་རེད། ”ཅེས་གསུངས་བྱུང་།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

ཆུ་ཚོད་ ༡༠ སྔོན་ལ།
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

ཆུ་ཚོད་ ༡༤ སྔོན་ལ།
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བོད་ལ་ཕེབས་རྒྱུའི་ཐུགས་རེ་ཡོད། 

༢༠༢༦/༠༦/༠༤

མཆན། 2

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མཐའ་མར་༸གོང་ས་མཆོག་གིས་འཛམ་གླིང་དེང་དུས་ཤེས་ཡོན་སློབ་གསོའི་ལམ་ལུཊ་ཁྲོད་ཆོས་དང་མ་འདྲེས་པའི་བཟང་སྤྱོད་སློབ་ཚན་གསར་འཛུཊ་དགོས་པ་་་་་་་་ སོགས་ཀྱི་སྐོར་་གསུངས་ཟེར།
    ཡང་༸གོང་ས་མཆོག་གིས།
    ་་་་། དེ་རིང་འདིར་ཕེབས་བསྡད་པའི་རྒྱ་རིཊ་གཙོས་བོད་པ་དང་ཕྱི་མི་ཡིན་རུང་། ཡ་རབས་ཟེར་བ་དེ་ཆོས་གཅིག་པུའི་སྐད་ཆ་མ་རེད། དེ་མི་ཚེ་སྐྱིད་པོ་ཡོང་བའི་དོན་དག་དང་འབྲེལ་ཆཊ་ཡོད་སྟབས་ཚང་མས་བློ་སྦྱང་སྟེ་བསམ་བློ་གཏོང་པ་རེད། ཅེས་གསུངས་འདུག་གོ །

    Reply
  2. thapkegyatso says:
    ལོ་ 14 སྔོན།

    ཨེ་མ་ཧོ་རྨད་བྱུང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese