མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ཐག་གཅོད་ཀྱི་གོ་ལོག

བོད་ཀྱི་དུས་བབ།
༢༠༡༢/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

ཐེ་བོ་ཤེས་རབ་རྒྱ་མཚོ།

གཞི་རིམ་གྱི་མི་མང་པོ་ཞིག་ལ་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཕྱོགས་ཐད་གོ་ལོག་ཆེན་པོ་ཐེབས་ཡོད་པ་དང་། འདི་ནི་ཁ་རྩང་དེ་རིང་གི་ལྟ་བུའི་བོད་ཀྱི་གནད་དོན་ཐད་ལ་མཁས་པ་ཡིན་ཟེར་ནས་རྩོམ་ཡིག་སྤེལ་མཁན་གྱི་ནུབ་ཕྱོགས་པ་དང་རྒྱ་ནག་ནས་བྲོས་བྱོལ་དུ་ཕྱིན་པའི་རྒྱ་མི་དེ་ཚོས་རྐྱེན་བྱས་ཡོད། བོད་དང་རྒྱ་ནག་ཐད་ངས་དང་ཁོས་ཤེས་ཟེར་མཁན་གྱི་ནུབ་ཕྱོགས་པ་དང་རྒྱ་ནག་གི་རྩོམ་པ་པོ་དེ་ཚོས་བསམ་བློ་ལས་སླ་བོ་བཏང་ནས་བོད་ཀྱི་གནད་དོན་འདི་ཐག་གཅོད་བྱེད་ཐུབ་མིན་དེ་ཀྲུང་ནན་ཧེའི་ཆབ་སྲིད་དབང་འཛིན་པ་འགའི་མི་གཤིས་ཀུན་སྤྱོད་ཀྱི་ཐོག་ན་འཚོལ་ཞིབ་བྱེད་ཀྱིན་ཡོད་པ་དང་། དེ་འབྲེལ་གྱི་རྩོམ་ཡིག་ཀྱང་མང་པོ་ཞིག་བོད་ཡིག་ནང་སིམ་འཛུལ་བྱེད་ཀྱིན་ཡོད། དྲང་བཤད་བྱས་ན་བསམ་ཚུལ་དང་ལྟ་ཚུལ་དེ་རིགས་ཀྱིས་བོད་མི་ཚོ་སོས་དལ་དུ་འཇུག་གི་ཡོད། ངས་བསམ་ན་ཁོ་ཚོས་ད་དུང་བོད་ཀྱི་གནད་དོན་ཐད་ནོར་འཁྲུལ་ཅན་གྱི་རྩོམ་ཡིག་མུ་རུ་སྤེལ་རྒྱུ་ཡིན་པ་དང་། དེའི་མཇུག་འབྲས་ནི་བོད་མི་ཚོའི་བསམ་ཡུལ་ལས་འདས་པ་ཞིག་ཡིན་སྲིད།

བོད་ཀྱི་གནད་དོན་ཐག་ཇི་ལྟར་གཅོད་མིན་གཙོ་བོ་དེ་བོད་མི་རིགས་ཀྱི་སྙིང་སྟོབས་དང་ཆོད་སེམས་ཀྱི་སྟེང་ན་ཡོད་པ་ལས་རྒྱ་ནག་སྲིད་གཞུང་དང་འབྲེལ་བ་གཏན་ནས་མེད། དེ་བས་ཀྱང་སྲིད་གཞུང་དེའི་མགོ་ཁྲིད་ཁ་ཤས་དང་འབྲེལ་བ་ཡོད་པ་ཞིག་གཏན་ནས་མིན། བསམ་གཞིགས་ཞིབ་མོ་བྱས་ནས་བཤད་ན་དེ་ནི་བོད་མི་རིགས་ཀྱི་ཕུགས་འདུན་སྟེང་ནས་རྐང་འཛུགས་དགོས་པ་ཞིག་རེད་མོད། འོན་ཀྱང་ནུབ་ཕྱོགས་པ་དང་སྐམ་ས་ཆེན་པོ་ནས་བྲོས་བྱོལ་དུ་ཕྱིན་པའི་རྒྱ་ནག་གི་མཁས་པ་ཡིན་ཟེར་ནས་བོད་ཀྱི་གནད་དོན་ཐད་རྩོམ་ཡིག་སྤེལ་མཁན་དེ་ཚོས་འགྱུར་ལ་ཉེ་བའི་རྒྱ་ནག་གི་མགོ་ཁྲིད་ཞིན་ཅིན་ཕིན་དང་ཁོའི་ཕ་འདས་པོའི་མི་གཤིས་ཀྱི་ཕྲ་རྡུལ་ནང་དུ་བོད་ཀྱི་གནད་དོན་ཐག་གཅོད་འབྱུང་སྲིད་པའི་ཆ་འདྲེས་ཡོད་པའི་ཚོད་དཔག་གི་སྐད་ཆ་དེ་ཚོ་ནི་ལོང་བས་གླང་འཇུག་རང་རེད། སྐབས་འདིར་ཚང་མས་གསལ་པོ་ཤེས་དགོས་པ་དང་། དུས་རྟག་ཏུ་བརྗེད་མི་ཉན་པ་ག་རེ་འདུག་ཅེ་ན། རྒྱ་ནག་དམར་ཕྱོགས་སྲིད་གཞུང་འདི་སྒེར་གཅོད་སྲིད་གཞུང་ཞིག་དང་འདིའི་མགོ་ཁྲིད་དག་ནི་སྲིད་དབང་སྒེར་གཅོད་པ་ཞེ་གཅིག་ཆགས་ཡོད་པ་འདི་རེད།

འདི་ལྟའི་སྲིད་དབང་སྒེར་གཅོད་པའི་གཞུང་ཞིག་གི་མགོ་ཁྲིད་མི་སྣའི་སྒེར་གཤིས་ལ་བརྟེན་ནས་བོད་དོན་ཐག་གཅོད་འབྱུང་སྲིད་པའི་ལྟ་ཚུལ་འཛིན་གྱིན་པ་ནི་རྦད་དེ་ནོར་འཁྲུལ་ཅན་ཞིག་ཡིན། སྒེར་གཅོད་སྲིད་གཞུང་ཚང་མའི་ཁྱད་ཆོས་གཅིག་ནི། མི་གཙང་བ་འགོས་པའི་ཕོར་བ་ཞིག་དང་འདྲ་བར་དེའི་ནང་ལ་ཆང་དང་ཆུ་ག་རེ་བླུགས་ནའང་སུས་ཀྱང་འཐུང་ས་གཏན་ནས་མི་འགྲོ་བ་དང་གཏན་ནས་འཐུང་མི་ཐུབ་པ་དེ་རེད། སྲིད་གཞུང་གང་ཞིག་སྒེར་གཅོད་ཆགས་ཟིན་རྗེས་དེའི་མགོ་ཁྲིད་མི་སྣ་དག་ཀྱང་རང་བཞིན་གྱིས་སྒེར་གཅོད་པ་ཞེ་གཅིག་ཆགས་འགྲོ་བ་རེད། དེ་ནི་མགོ་ཁྲིད་མི་སྣ་གང་དེའི་མི་གཤིས་ཀྱིས་མ་ཡིན་པར་སྲིད་གཞུང་གང་དེའི་དཀྱིལ་འཁོར་གྲུབ་སྟངས་ཀྱི་དབང་གིས་ཡིན། ཡང་གཅིག་བཤད་ན། གཏོར་གཟུགས་མཆོད་རྟེན་དབྱིབས་ཅན་གྱི་སྲིད་དབང་ཟུར་གསུམ་མ་འདི་ཁ་ལ་འཁྱེར་ཐུབ་ཚེ་དེ་ལ་བརྟེན་ནས་དབང་ཆ་དང་དཔལ་འབྱོར་སྒེར་གཅོད་བྱེད་ཐུབ་ཀྱི་ཡོད་པ་དང་། ཉིན་མཚན་གོ་ལྡོག་ནས་བུད་མེད་གྲགས་ཅན་རྣམས་ལ་ལོག་གཡེམ་བྱེད་ཆོག་པས། རྒྱ་ནག་གི་མགོ་ཁྲིད་རིམ་པ་དག་གི་ནང་ན་དབང་ཆ་དང་དཔལ་འབྱོར། ལོག་གཡེམ་བཅས་ལ་མི་དགའ་མཁན་ཞིག་གང་ན་སུ་ཡོད་དམ།

སྐད་ཆ་མི་བསྐོར་བར་ཐད་བཤད་བྱས་ན། འཕྲུལ་འཁོར་ཆེན་པོ་ཞིག་དང་འདྲ་བར་སྒེར་གཅོད་སྲིད་གཞུང་གིས་གཅུས་གཟེར་ལྟ་བུའི་རང་ཉིད་ཀྱི་གྲུབ་ཆ་ཡིན་པའི་མི་ཚང་མ་སྒེར་གཅོད་པ་ཞེ་གཅིག་ཏུ་བཟོ་བཞིན་ཡོད་པ་དང་། དེ་ལྟའི་སྒེར་གཅོད་པ་ཞིག་གི་མདུན་དུ་པུས་འཛུགས་མཐེབ་རྩེང་གིས་ཞུ་འཐེན་གྱིས་རང་དབང་སློང་མོ་བྱེད་པ་ནི་ཁྱི་རྒན་ཁ་ནས་ཤ་འཕྲོག་པ་ལྟར་ཡོང་སྲིད་པ་ཞིག་མ་ཡིན། ང་ཚོ་ལ་དངོས་གནས་རྒྱ་ནག་དམར་ཕྱོགས་སྲིད་གཞུང་ལ་རང་དབང་སློང་མོ་བྱེད་རྒྱུ་ལས་ནུས་པ་གཞན་མེད་པ་དངོས་བདེན་ཡིན་ཚེ། ང་ཚོ་ཁ་ཁུ་སིམ་པོ་བྱས་ནས་འདུག་རྒྱུ་དེ་ཡག་ཤོས་རེད། རྒྱ་ནག་དམར་ཕྱོགས་སྲིད་གཞུང་ལ་རང་དབང་སློང་མོ་བྱེད་པ་ནི་བསམ་བཞིན་དུ་མིག་ཕྱེས་ནས་བྲག་གཡེང་དུ་མཆོང་ཞོར་གསོན་འདོད་ཀྱི་རེ་སེམས་བཅངས་བ་རང་རེད་ལ། བྱེད་སྟངས་འདི་རིགས་ལ་འཇིག་རྟེན་ན་  “གླེན་པ་”  ཞེས་པའི་ཐ་སྙད་འདི་གནའ་སྔ་མོ་ཞིག་ནས་བཏགས་ཡོད་སྐད།

རྒྱ་ནག་དམར་ཕྱོགས་ཚོགས་པ་འདི་སྲིད་དབང་སྒེར་གཅོད་པ་མཚན་ཉིད་ཚང་བ་ཞིག་ཡིན་པའི་རྒྱུ་མཚན་གྱིས་གཏོར་གཟུགས་མཆོད་རྟེན་དབྱིབས་ཅན་གྱི་སྲིད་གཞུང་འདིས་མི་བཟང་མི་ངན་ལ་འགྱུར་དུ་འཇུག་ཐུབ་ཀྱི་ཡོད་པས། གཏོར་གཟུགས་མཆོད་རྟེན་དབྱིབས་ཅན་གྱི་སྲིད་དབང་ཟུར་གསུམ་མ་འདིའི་རྩེ་མོར་སོན་པའི་མགོ་ཁྲིད་སུ་ཡིན་ཡང་མི་ངན་ཞེ་གཅིག་ལས་ཡོང་མི་སྲིད་པ་ཡིན། རྒྱུ་མཚན་ནི་གཏོར་གཟུགས་མཆོད་རྟེན་དབྱིབས་ཅན་གྱི་སྲིད་དབང་ཟུར་གསུམ་མ་འདིའི་རྩེ་མོར་འཛེག་དགོས་ཚེ་མི་དེ་ལ་ལག་འཁྱེར་ཞིག་དགོས་ཀྱི་ཡོད་པ་དང་། ལག་འཁྱེར་དེ་ནི་རྒྱ་མི་དུང་ཕྱུར་བཅུ་གཅིག་ལྷག་གི་ནང་ནས་མི་ངན་མཚན་ཉིད་མཚང་བ་ཞིག་ཡིན་ཚེ་དེ་ལ་ད་གཟོད་ལམ་དེ་བརྒྱུད་སྲིད་དབང་ཟུར་གསུམ་མ་དེའི་རྩེ་མོར་འཛེག་ཆོག་པའི་ལག་འཁྱེར་ཞིག་རག་འགྲོ་བ་ཡིན། མི་བཟང་པོ་ཞིག་ལམ་འདི་བརྒྱུད་འགྲོ་ས་ཞིག་མེད། སྔོན་ཆད་ཅིག་ལ་མི་བཟང་རེ་གཉིས་ལམ་འདི་བརྒྱུད་ནས་སོང་མྱོང་ཡང་། དེའི་མཇུག་འབྲས་ང་ཚོ་ཚང་མས་ཤེས་གསལ་ལྟར་ཡིན་པས། བདག་གིས་འདི་ན་གཅིག་གཅིག་གཉིས་གཉིས་ཀྱིས་འགྲེལ་བརྗོད་བྱ་རྒྱུ་མིན།

བདག་གིས་གོང་ནས་བཤད་བཤད་པོ་འདིས་བརྡ་ཅི་ཞིག་སྟོན་བཞིན་ཡོད་ཅེ་ན། མདོ་དོན་ང་ཚོས་གོམ་པ་རེ་རེ་བྱས་ཏེ་སོ་སོའི་འདོད་འདུན་གྱི་ཕྱོགས་སུ་སྤོ་དགོས་པ་ལས། གཞན་གྱིས་བཤད་པ་ལྟར་རྒྱ་ནག་དམར་ཕྱོགས་སྲིད་གཞུང་གི་མགོ་ཁྲིད་རེ་རེའི་ཁ་ངོ་ལ་བལྟས་ནས་ཁོ་ཚོའི་མི་གཤིས་ཁྱད་གླེང་གིས་རང་སེམས་གསོ་རྒྱུའི་དུས་སྐབས་ཤིག་མིན། སྲིད་དབང་སྒེར་གཅོད་པ་ཞིག་གི་མདུན་ལ་པུས་འཛུགས་ཀྱིས་ཞུ་བ་འཐེན་ནས་རང་དབང་སློང་མོ་བྱེད་པ་ནི་བྲག་ལ་སོ་བཏབ་པ་ལྟར་ཡིན།

མ་འོངས་པར་གཏོར་གཟུགས་མཆོད་རྟེན་དབྱིབས་ཅན་གྱི་སྲིད་གཞུང་དེ་ལ་འགྱུར་བ་ཐེབས་ནའང་། བོད་དོན་ཐག་གཅོད་འབྱུང་མིན་ད་དུང་ཐེ་ཚོམ་ཡིན་པས་ཉི་མ་མ་སོང་ནས་བཤད་རྒྱུས་ཕོངས་པའི་མི་ཚོའི་སྐད་ཆ་ལ་ཉན་ནས་རང་ཉིད་ཟད་ནས་ཡལ་དུ་འཇུག་མི་ཉན་པ་དེ་ཡིན།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་མཇུག་སྒྲིལ་སོང་།

ཆུ་ཚོད་ ༢ སྔོན་ལ།
Lobga Rangzen
Mobile App

བཙན་བྱོལ་བོད་མི་བློ་དགའ་རང་བཙན་ལགས་ཀྱིས་ཨ་རིར་སྐུ་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གིས་བོད་ཐོག་འཛིན་པའི་དྲག་གནོན་དབང་སྒྱུར་ལ་ངོ་རྒོལ་གནང་ཡོད།

༢༠༢༦/༠༧/༠༤
ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 
Mobile App

ཨོ་གླིང་གྲོས་ཚོགས་འཐུས་རྣམས་ཀྱིས་རྒྱ་ནག་གི་ཁྲིམས་གསར་པར་སྐྱོན་བརྗོད་གནང་། 

༢༠༢༦/༠༧/༠༤
བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

༢༠༢༦/༠༧/༠༤
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣

མཆན། 6

  1. ཕུན་ཚོགས ། says:
    ལོ་ 14 སྔོན།

    འདི་ནི་འུ་ཚོས་ད་ལྟའི་གནས་བབ་འདི་དཔང་ལ་བཅོལ་ནས། བསམ་གཞིགས་འདི་ལྟར་གནང་དགོས་པའི་དུས་ལ་བབས་ཡོད། འདིོ་ལྟའི་རྩོམ་ཡིག་མང་ཙམ་ཡོང་བའི་རེ་བ་དང་ཡིད་ཆེས་ཀྱིས་ཁེངས་ནས་ཡོད།

    Reply
  2. ཕུན་ཚོགས ། says:
    ལོ་ 14 སྔོན།

    གྲོགས་པོའི་དཔྱད་བརྗོད་འདི་དཔྱད་བརྗོད་སྤེལ་སྟངས་སྣང་བ་འགྲོ་བོ་ཞིག་ཏུ་མཐོང་བ་མ་ཟད། མི་རྣམས་ལ་ཀླད་པ་དཀྲུག་སྟངས་ཀྱང་མི་དམན་པ་ཞིག་ཡིན་པའི་ངེས་ཤེས་བྱུང་།
    ངོ་མ་རེད། མིག་སྔའི་རྒྱ་ནག་གི་གནས་བབ་གཞི་ལ་བཞག་ནས་བཤད་ན། རྒྱ་ནག་གཞུང་གི་ཆབ་སྲིད་གོ་རིམ་ནི་དཔོན་འཛིན་རིང་ལུགས་པ་ཞིག་དང་། དཔོན་འཛིན་རིང་ལུགས་པའི་ཕྱོགས་གཏོགས་ཀྱི་མི་སུ་འདྲ་ཡིན་ཡང་དཔོན་འཛིན་རིང་ལུགས་པའི་ར་བ་ལས་བརྒལ་ཐབས་མེད་རྐྱེན། ཟུར་གསུམ་དང་ཟུར་བཞི་སོགས་གང་ལ་བསྐོར་ཀྱང་མཐའ་མའི་ཐག་གཅོད་ནི་གཏོར་གཟུགས་རང་ལས་གང་ཡང་འདའ་མི་ཐུབ་པ་དེ་རེད།
    འོན་ཀྱང་བོད་པ་རྣམས་ཀྱིས་ངེས་པར་ཤེས་དགོས་ཞིག་དང་ཧ་གོ་དགོས་པ་ཞིག་ནི། བོད་དོན་ཐག་གཅོད་ཀྱི་གནད་རྩ་གལ་འགངས་ཆེ་ཤོས་དེ་ནི་རྒྱ་ནག་མི་མང་དང་། བོད་པ་མི་རིགས་གཉིས་ཀྱི་མཐའ་མའི་རྟིང་རྩོད་ཀྱི་རྒྱལ་ཁ་ལ་ལྟ་དགོས་རྒྱུ་དང་། རྟིང་རྩོད་ཀྱི་གོ་རིམ་དེ་ཡང་དམངས་གཙོ་དང་། འདྲ་མཉམ། རང་དབང་སོགས་ཀྱི་དར་དཀར་ཤུགས་ཀྱིས་ཕྱར་སྟངས་ལ་རགས་ལས་པ་ཤིན་ཏུ་གསལ་དགོས་པ་དེ་ཡིན།
    གལ་སྲིད་དེ་འདྲའི་གླེང་སློང་གི་མགོ་དང་། གལ་སྲིད་དེ་ལྟའི་དོགས་སློང་གི་དཔྱད་གཞི་ཙམ་ཡང་འཇོག་མ་ཐུབ་པ་ཡིན་ན། བརྩམས་ཆོས་གང་ཞིག་གློག་པ་པོར་སྔང་སྐྲག་སློང་བྱེད་ཀྱི་ཐོ་ཡོར་ནག་པོ་ཞིག་ལས་ཅི་ཡང་མི་ཡོང་ངོ་།

    Reply
  3. ཤར་མདའ། says:
    ལོ་ 14 སྔོན།

    རྩོམ་ཡིག་ཡག་པོ་བྲིས་འདུག་བསམ་བློ་གཏོང་ས་ཡོད་པ་ཞིག་རེད་དྲན་སོང་གང་ལྟར་འདི་ལྟར་བསམ་བློ་བཏང་ཡོང་ན་བོད་ཀྱི་གནད་དོན་ཐག་གཅོད་བྱེད་ཕྱོགས་སྐོར་ཐུགས་བསམ་ཟབ་མོ་གཏོང་རྒྱུ་ཡོད་པ་རབ་སྤྲོད་བསལ་བོ་རེད།

    Reply
  4. གནས་ཚང་། says:
    ལོ་ 14 སྔོན།

    ཡག་པོ་ཞེ་དྲག་གསུངས་ཤག འདི་ནི་རྣམ་དཔྱོད་ངོ་མ་དེ་རེད། ཡིན་ནའི། ཁ་སྐོང་གཅིག་བྱེད་དགོས་ཀྱི་འདུག མི་འདི་རིགས་ཀྱིས་ཅིའི་ཕྱིར་འདི་ལྟར་བོད་ལ་མགོ་གཡོག་མགོ་བསྐོར་གཏོང་བཞིན་ཡོད་པ་རེད་དམ། རྡ་རམ་ས་ལའི་མི་དྲག་ཚོ་ཅིའི་ཕྱིར་སྐད་ཆ་འདིར་ཉན་མཁན་དུ་གྱུར་ཡོད་པ་རེད་དམ། དྲི་བ་འདི་གཉིས་ཀྱི་རྩ་བ་དེ་ཨ་རིའི་སྒོར་མོ་བྲོས་པར་བཀྰ་དྲིན་ཆེ་ཞེས་པ་འདིར་ཐུག་ཡོད་པ་དང་། མདོར་དེད་སོང་ན་རྒྱ་ནག་ལ་ལེགས་བཅོས་ལས་གསར་བརྗེ་བྱེད་མི་རུང་ཞེས་པའི་སྲིད་ཇུས་དེར་ཐུག་ཡོད། དེའང་གུང་ཁྲན་ཏང་ལ་ཤ་ཚ་བཞིན་པ་ཞིག་མིན་ནའང་། ཁེ་བཟང་ཟ་ཡུལ་གུང་ཁྲན་ཏང་གི་དབང་བསྒྱུར་བྱེད་ཡུལ་ལས་ཉེན་ཁ་མེད་ས་ཞིག་མེད་པས་ཀྱང་ཡིན།

    ད་དྲི་བ་གཞན་ཞིག་ཡོང་བཞིན་པ་ནི་ནང་བ་ཞིག་གིས་བྱེད་བབས་འདིར་རྒྱབ་བསྐྱོར་གནང་བ་ཡིན་ན། སྡོམ་པ་རྒྱུད་ན་བསྡད་ཡོད་མེད་དེ་ཡིན་པས། ཆོས་པ་རྣམ་དག་ཅིག་གིས་ལན་ཞིག་གནང་རོགས།

    Reply
  5. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    རྒྱ་དཔོན་བརྗེ་པོ་རྒྱབ་རུང་བོད་དོན་སེལ་རྒྱུའི་ཡིད་བྱེད་བྱ་རྒྱུ་མེད་པ་ནི་འདས་པའི་མི་ཐོག་གཉིས་ཙམ་བརྗེ་ཟིན་རུང་བོད་དོན་གྱི་སྲིད་ཅུས་ཇེ་ཞན་ཇི་སྡུག་གྱུར་ཡོད་པ་ངེད་ཚོའི་མདུན་དུ་མཐོང་བཞིན་བཞིན་པ་དེ་ཡིན། སྤྱི་ལོ་༡༩༨༠-༡༩༩༢་བར་བོད་ནང་༧གོང་ས་༧མཆོག་གི་སྐུ་དཔར་དང་རླུང་འཕྲིན་སོགས་ཉན་རྒྱུ་ཡོད་། ད་ཆ་དེ་ཚོ་བྱས་ན་བཙོན་དུ་འགྲོ་རྒྱུ་ལས་ལྷག་མེད།

    Reply
  6. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ཁ་རྩང་དེ་རིང་། དང་། མདང་དེ་རིང་གཉིས་གང་འཐད་པ་འདུག་གམ།
    ་་་་་་་ ཡང་གཅིག་བཤད་ན། གཏོར་གཟུགས་མཆོད་རྟེན་དབྱིབས་ཅན་གྱི་སྲིད་དབང་ཟུར་གསུམ་མ་འདི་ཁ་ལ་འཁྱེར་ཐུབ་ཚེ་དེ་ལ་བརྟེན་ནས་དབང་ཆ་དང་དཔལ་འབྱོར་སྒེར་གཅོད་བྱེད་ཐུབ་ཀྱི་ཡོད་པ་དང་། ཉིན་མཚན་གོ་ལྡོག་ནས་བུད་མེད་གྲགས་ཅན་རྣམས་ལ་ལོག་གཡེམ་བྱེད་ཆོག་པས། རྒྱ་ནག་གི་མགོ་ཁྲིད་རིམ་པ་དག་གི་ནང་ན་དབང་ཆ་དང་དཔལ་འབྱོར། ལོག་གཡེམ་བཅས་ལ་མི་དགའ་མཁན་ཞིག་གང་ན་སུ་ཡོད་དམ། ་་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese