མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་དང་བལ་ཡུལ་ནས་ཡོང་བ་ཡིན་མིན་དྲི་ལ་སྣོམ་གྱི་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༠/༠༧
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་ལོ་གསུམ་བཞིའི་རིང་རྒྱ་གཞུང་གིས་བོད་ནུབ་རྒྱུད་ས་མཚམས་ཁག་ཏུ་དམ་དྲག་ཆེ་རུ་བཏང་སྟེ། ལྷ་ས་ནས་འགྲམ་བར་ཞིབ་བཤེར་ས་ཚིགས་བཅུ་གྲངས་གསར་དུ་བཙུགས་ཡོད་པ་མ་ཟད། ས་ཚུགས་དེ་དག་ཏུ་འགྲུལ་བཞུད་པ་ཚོར་འཇིགས་སྐུལ་དང་ཅ་དངོས་རྐུ་འཕྲོག་སོགས་བྱེད་ཀྱི་ཡོད་འདུག

ཉེ་ལམ་འདི་གའི་གསར་འགོད་པ་ངྷ་རམ་ས་ལའི་དབུས་སྣེ་ལེན་ཁང་ལ་བསྐྱོད་དེ། བོད་ནས་གསར་དུ་འབྱོར་བའི་འགྲམ་དང་ལྷ་སའི་བར་ལོ་ ༡༢ ལྷག་གི་རིང་གླ་གཏོང་རླངས་འཁོར་བཏང་མྱོང་མཁན་བོད་མི་ཞིག་ལ་བཅར་འདྲི་བྱས་པ་ལྟར་ན། སྔོན་ཆད་བལ་བོད་ས་མཚམས་འགྲམ་དང་བོད་ཀྱི་རྒྱལ་ས་ལྷ་སའི་བར་རྒྱ་གཞུང་གི་ཞིབ་བཤེར་ས་ཚུགས་ཆེ་བ་གཉིས་ཙམ་ལས་མེད་ཀྱང་། ༢༠༠༨ ལོའི་རྗེས་དང་སྔ་ལོའི་རྡོར་གདན་དུས་དབང་སྐབས། ཉེན་རྟོག་པ་དང་དམག་མིའི་ཞིབ་བཤེར་ས་ཚུགས་ ༡༥ ཙམ་ཇེ་མང་དུ་བཏང་ཡོད་འདུག

ཞིབ་བཤེར་ས་ཚུགས་དེ་དག་ཏུ། རྒྱ་གར་དང་བལ་ཡུལ་ནས་ཕྱིར་བོད་ནང་ལོག་མཁན་ཚོའི་ལག་ནས། ༧གོང་ས་མཆོག་དང་བླ་སྤྲུལ་ཚོར་བསྔོ་རྟེན་སྐྱབས་རྟེན་ཕུལ་བའི་ཐོ་ཡིག་དང་བྱིན་རླབས། བླ་སྤྲུལ་ཁག་གི་སྐུ་པར་མཐོང་ཚད་བཙན་འཕྲོག་བྱེད་ཀྱི་ཡོད་པ་མ་ཟད། འདྲི་རྩད་སྣ་ཚོགས་དང་གང་བྱུང་བཀག་ཉར་གཅར་རྡུང་བྱེད་ཀྱི་ཡོད་འདུག  

   ལྷ་ས་ནས་འགྲམ་ལ་ཡར་ཡོང་མཁན་རིགས་ཡིན་ན་གཞིས་ཀ་རྩེ་ཡན་གྱི་ས་ཚུགས་ཁག་ཏུ་ལག་འཁྱེར་ཐོ་འགོད་བྱེད་རྒྱུ་ཙམ་སྔོག་བཤེར་རིགས་མེད་ཀྱང་། འགྲམ་ནས་མར་ལྷ་སར་འགྲོ་མཁན་རིགས་ཡིན་ཚེ། ཐོག་མར་འགྲམ་ཉེན་རྟོག་ཞིབ་བཤེར་ས་ཚུགས་སུ་ལམ་འགྲོ་བ་རེ་རེ་བཞིན་ལག་འཁྱེར་ལ་ཞིབ་འཇུག་དང་ཅ་དངོས་ཞིབ་བཤེར་བྱེད་ཀྱི་ཡོད་པ་དང་། དེ་ནས་སྤྱི་ལེ་ཁ་ཤས་མཚམས་སུ་ ‘ཆོག་ཤན་རྫོང’ ཞིབ་བཤེར་ས་ཚུགས་ཡོད་པ་དང་། དེ་གར་ལག་འཁྱེར་ཐོ་འགོད་དང་ལག་འཁྱེར་ངོས་ཀྱི་པར་དང་ལམ་འགྲོ་བའི་གདོང་མཐུན་མིན་ཞིབ་འཇུག ལམ་འགྲོ་བའི་ཅ་དངོས་རེ་རེ་བཞིན་ཞིབ་འཇུག་ནན་མོ་བྱེད་ཀྱི་ཡོད་འདུག

དེ་ནས་ལེ་སྤྱི་ལེ་ ༨༠ ཙམ་གྱི་སར་གཉའ་ལམ་རྫོང་ཞིབ་བཤེར་ས་ཚུགས་ཡོད་པ་དང་། དེ་གར་བསྐྱར་དུ་ལག་འཁྱེར་ཐོ་འགོད་དང་ཅ་དངོས་ཞིབ་བཤེར་བྱས་ཏེ། རྒྱ་གར་ནས་འཁྱེར་ཡོང་བའི་བླ་སྤྲུལ་ཚོའི་སྐུ་པར་མཐོང་ཚད་འཕྲོག་བཅོམ་བྱེད་ཀྱི་ཡོད་པ་མ་ཟད། ཐ་ན་རྒྱ་གར་དང་བལ་ཡུལ་ནང་ཡོད་པའི་གཉེན་ཉེ་ཚོའི་པར་རིགས་མཐོང་ཡང་། དེ་གང་ནས་འཁྱེར་ཡོང་མིན་དང་། མི་དེ་སུ་ཡིན་མིན། ལས་ཀ་ཅི་ཞིག་བྱེད་ཀྱི་ཡོད་མེད་སོགས་འདྲི་རྩད་བྱེད་ཀྱི་ཡོད་འདུག 

   གཉའ་ལམ་དང་སྤྱེ་ལེ་ ༢༠ ཙམ་གྱི་སར་ ‘མན་པོ’ ཞིབ་བཤེར་ས་ཚུགས་ཡོད་པ་དང་། དེ་གའི་ཞིབ་བཤེར་དུས་ཚོད་ངེས་མེད་ཡིན་འདུག དེ་ནས་སྤྱི་ལེ་ཁ་ཤས་མཚམས་སུ་ ‘ལོའུ་ལོའུ’ ཞིབ་བཤེར་ས་ཚུགས་ཡོད་ཅིང་། དེ་གར་ཐོག་མར་འགྲུལ་པའི་ལག་འཁྱེར་ཐོ་འགོད་ཀྱིས་གློག་ཀླད་ནང་བཅུག་རྗེས། རླངས་འཁོར་ནང་ཡོད་པའི་འགྲུལ་བའི་ཅ་དངོས་ཡོངས་རྫོགས་ཕྱིར་བཏོན་རེ་རེ་བཞིན་ཞིབ་འཇུག་བྱེད་ཀྱི་ཡོད་པ་དང་། དེ་ནས་སྤྱི་ལེ་ ༣ ཙམ་གྱི་སར་ ‘པེ་པཱ་ཞང’ ཞིབ་བཤེར་ས་ཚུགས་སྔར་བཞིན་ལག་འཁྱེར་དང་ཅ་དངོས་ཞིབ་འཇུག་བྱེད་ཀྱི་ཡོད་འདུག དེ་ནས་སྤྱེ་ལེ་ ༩༠ ཙམ་གྱི་སར་ལྷ་རྩེ་རྫོང་ཞིབ་བཤེར་ས་ཚུགས་ཡོད་པ་དང་། དེ་གར་གོང་ལྟར་སྔོག་བཤེར་བྱེད་ཀྱི་ཡོད་པ་མ་ཟད། ལག་འཁྱེར་ཐོག་གསལ་ཁ་མེད་པའི་རིགས་ལ་དྲི་མར་བསྣམས་ཏེ། བལ་ཡུལ་དང་རྒྱ་གར་སོགས་ཕྱི་རྒྱལ་ནས་ཡོང་བ་ཡིན་མིན་ལ་བརྟག་དཔྱད་གཏོང་གི་ཡོད་པ་དང་། ཐ་ན་རླངས་འཁོར་ཁ་ལོ་བའི་སྐེ་ལ་བཏགས་ཡོད་པའི་སྲུང་སྐོར་ཚུན་སྔོག་བཤེར་བྱེད་ཀྱི་ཡོད་འདུག   

   ས་ཚུགས་དེ་དག་བརྒྱུད་རྗེས་ས་སྐྱའི་ཟམ་ཁ་དང་ ‘ཞཱ་ཅེ་དན’ གཞིས་ཀ་རྩེ། སྙེ་མོ་རྫོང་། ‘ཐའོ་ཧཱ་ཚོན’བཅས་སུ་རླངས་འཁོར་ཁ་ལོ་བས་ལམ་འགྲོ་རྣམས་ཀྱི་ལག་འཁྱེར་ཐོ་འགོད་ཀྱིས་ཞིབ་བཤེར་མི་སྣར་རྩིས་འབུལ་བྱེད་པ་ཙམ་ལས། དམིགས་གསལ་ཅ་དངོས་ལ་སྔོག་བཤེར་བྱེད་ཀྱི་མེད་ཀྱང་། ལྷ་སའི་གནམ་ཐང་དང་མེ་འཁོར་འབབ་ཚིགས་གཉིས་ཀྱི་བཞི་མདོར་འབྱོར་སྐབས། འགྲུལ་པའི་ལག་འཁྱེར་ཐོ་འགོད་དང་ཅ་དངོས་སྔོག་བཤེར་ཆ་ཚང་བྱས་རྗེས། ཉེན་རྟོག་པས་རླངས་འཁོར་གྱི་སྣེ་འཁྲིད་དེ། མེ་འཁོར་འབབ་ཚིགས་འདབས་སུ་ཡོད་པའི་ཞིབ་བཤེར་ས་ཚུགས་ཆེ་བ་དང་། ལྷ་སའི་བདེ་སྲུང་དམག་མིའི་ལས་ཁུངས་ལ་རྩིས་སྤྲོད་བྱེད་ཀྱི་ཡོད་པ་དང་། དེ་གར་ལམ་འགྲོ་བའི་ཅ་དངོས་ཡོངས་ལ་བསྐྱར་དུ་སྔོག་བཤེར་བྱས་ཏེ་གཞུང་བཞེས་གཏོང་དགོས་པའི་རིགས་གཞུང་བཞེས་དང་། འདྲི་རྩད་བཀག་ཉར་བྱེད་དགོས་པའི་རིགས་བཙོན་འཇུག་བཅས་བྱེད་ཀྱི་ཡོད་འདུག

   མཇུག་ཏུ་གསར་འགོད་པས་ཁོ་ལ་འགྲམ་དང་ལྷ་སའི་བར་གྱི་རླངས་འཁོར་ཁ་ལོ་བའི་དཀའ་ངལ་གཙོ་བོ་ག་རེ་ཡིན་མིན་དྲིས་པར་ཁོང་གིས། “དཀའ་ངལ་ཆེ་ཤོས་ས་ཚུགས་ཁག་ཏུ་དམག་མི་དང་ཉེན་རྟོག་པ་ཚོས་རླངས་འཁོར་ནང་ཞིབ་བཤེར་ཡང་ཡང་བྱས་ཏེ། རྒྱ་གར་དང་བལ་ཡུལ་ནས་ཕྱིར་ལོག་མཁན་ཚོའི་ལག་གི་ཅ་དངོས་བཙན་འཕྲོག་བྱེད་པ་དང་། ལྷག་པར་དུ་དཔེ་ཆ་དང་གློག་བརྙན་འོད་སྡེར་སོགས་ལ་དམིགས་བསལ་དམ་དྲག་བྱས་ཏེ། མེ་མདའ་དང་དུག་རྫས་ཀྱི་ནག་ཚོང་འཁྱེར་གྱི་ཡོད་པ་ལས་ལྷག་གི་ལྟ་སྟངས་འཛིན་གྱི་ཡོད་པ་དེ་རེད། སོ་སོ་བོད་པ་ཞིག་ཡིན་པའི་ཆ་ནས་གནས་ཚུལ་དེ་རིགས་བྱུང་སྐབས་མི་སྐྱིད་པ་ཡོང་གི་འདུག་ལ། ལམ་འགྲོ་བ་ཚོར་རོགས་རམ་བྱས་ཏེ་རང་ཉིད་དཀའ་ངལ་ནང་ཚུད་པའང་བྱུང་མྱོང་ཡོད” ཅེས་བརྗོད་བྱུང་།

ཁོས་མུ་མཐུད་དུ་བརྗོད་དོན། “ད་ལོ་ལྷ་ས་ཇོ་ཁང་མདུན་དུ་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེཊ་བཏང་བའི་ཉིན་ཤས་རྗེས། ངས་ལྷ་སའི་བུད་མེད་ཅིག་དང་ཆབ་མདོའི་རྒན་པོ་ཞིག གཞན་རྒྱ་རིགས་བུད་མེད་གཅིག་བཅས་རླངས་འཁོར་ནང་བཞག་ཡོང་སྐབས། སྙེ་མོ་ཞིབ་བཤེར་ས་ཚུགས་ནས་རྒྱ་རིགས་བུད་མེད་དེ་འགྲོ་རུ་བཅུག་སྟེ་ང་ཚོ་ཚང་མ་ཉིན་ ༢ རིང་བཀག་ཉར་བྱས་སོང་། ངས་ཁོང་ཚོར་རྒྱུ་མཚན་དྲིས་སྐབས་རྒྱ་རིགས་ཡིན་ན་འགྲོ་ཆོག་གི་རེད་ཟེར། དེ་མི་རིགས་དབྱེ་འབྱེད་ཀྱི་ལས་ཀ་ཞིག་རེད། ལྷ་སར་ཡང་གནས་ཚུལ་འདི་རིགས་ཤུགས་ཆེན་པོ་རེད། ཉེན་རྟོག་པ་དང་དམག་མི། ཐ་ན་ལས་ཁུངས་ཁག་གི་ལས་བྱེད་ཚོས་ཀྱང་བོད་མི་ཚོར་ལྟ་སྟངས་ལོགས་ཀ་འཛིན་གྱི་འདུག” ཅེས་བརྗོད་བྱུང་།

༼ བོད་ཀྱི་དུས་བབ་ཚགས་པར་ལས་འདིར་བཀོད། ༽

གསར་འགོད་པ། དོན་གོ

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ནས་བསྩལ་བའི་གསུང་འཕྲིན་ཁག

ཆུ་ཚོད་ ༡༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

བོད་རྒྱལ་ལོ་ ༢༡༥༢ ལོར་༧གོང་ས་མཆོག་ལ་མཇལ་བཅར་ཞུ་མཁན་གྱི་གནད་ཡོད་མི་སྣ།

༢༠༢༦/༠༢/༡༦
Mobile App

རྒྱལ་བ་རིན་པོ་ཆེའི་མཚན་དང་ཨེབ་སུ་ཊེན་ (Epstein) གྱི་ཡིག་ཆའི་སྐོར་གྱི་དངོས་ཡོད་གནས་ཚུལ་ལ་ལྟ་བ།

༢༠༢༦/༠༢/༡༤
བོད་དངུལ་འགྲེམས་སྟོན་དུ་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས་ལྟ་སྐོར་བྱེད་བཞིན་པ། ༢༠༢༦།༢།༡༣ དུས་བབ་གསར་ཁང་གི་པར།
Mobile App

བོད་རང་བཙན་བསྐྱར་ནན་གསལ་བསྒྲགས་ཀྱི་ཉིན་མོ་སྲུང་གཙི་ཞུས།

༢༠༢༦/༠༢/༡༣
ttt
Mobile App

སྤེན་པ་ཚེ་རིང་མཆོག་སླར་ཡང་སྲིད་སྐྱོང་ལ་འོས་འདེམས་བྱུང་བའི་གསལ་བསྒྲགས་གནང་སོང་།

༢༠༢༦/༠༢/༡༣
༸གོང་ས་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།
༸གོང་ས་མཆོག གསར་འགྱུར།

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ཞབས་སོར་བདེ་བར་འཁོད་སོང་།

༢༠༢༦/༠༢/༡༣

མཆན། 4

  1. སྟག་ཚང་རིག་རྒོད་། says:
    ལོ་ 13 སྔོན།

    ད་ང་ཚོ་ཕ་ཡུལ་ཐག་ཇི་རིང་དུ་འགྲོ་ཡི་ཡོད་པའི་འཚོར་བ་ཡོང་གི་འདུག

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    མི་རིགས་དབྱེ་འབྱེད་ཀྱི་ལས་ཀ་ནི། ཁྲིམས་འགལ་ཙམ་མ་ཟད། འཇིགས་སུ་རུང་བའི་ལས་ཀ་ཞིག་ཀྱང་རེད་དོ།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    “ད་ལོ་ལྷ་ས་ཇོ་ཁང་མདུན་དུ་བོད་མི་གཉིས་ཀྱིས་རང་ལུས་མེར་བསྲེཊ་བཏང་བའི་ཉིན་ཤས་རྗེས། ངས་ལྷ་སའི་བུད་མེད་ཅིག་དང་ཆབ་མདོའི་རྒན་པོ་ཞིག གཞན་རྒྱ་རིགས་བུད་མེད་གཅིག་བཅས་རླངས་འཁོར་ནང་བཞག་ཡོང་སྐབས། སྙེ་མོ་ཞིབ་བཤེར་ས་ཚུགས་ནས་རྒྱ་རིགས་བུད་མེད་དེ་འགྲོ་རུ་བཅུག་སྟེ་ང་ཚོ་ཚང་མ་ཉིན་ ༢ རིང་བཀག་ཉར་བྱས་སོང་། ངས་ཁོང་ཚོར་རྒྱུ་མཚན་དྲིས་སྐབས་རྒྱ་རིགས་ཡིན་ན་འགྲོ་ཆོག་གི་རེད་ཟེར། དེ་མི་རིགས་དབྱེ་འབྱེད་ཀྱི་ལས་ཀ་ཞིག་རེད། ལྷ་སར་ཡང་གནས་ཚུལ་འདི་རིགས་ཤུགས་ཆེན་པོ་རེད། ཉེན་རྟོག་པ་དང་དམག་མི། ཐ་ན་ལས་ཁུངས་ཁག་གི་ལས་བྱེད་ཚོས་ཀྱང་བོད་མི་ཚོར་ལྟ་སྟངས་ལོགས་ཀ་འཛིན་གྱི་འདུག” ཟེར།

    Reply
  4. ཤག་སྒང་པ། says:
    ལོ་ 13 སྔོན།

    གནས་ཚུལ་ཞིབ་ཙམ་བཏང་བར་ཐུགས་རྗེ་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese