མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིག་སྒྲིབ་ལས་འགུལ་མཇུག་བསྒྲིལ།

བོད་ཀྱི་དུས་བབ།
༢༠༡༢/༡༠/༠༨
Share on FacebookShare on TwitterShare on EmailShare on Whatsapp


བོད་རིགས་ན་གཞོན་
ཤེས་རབ་ཚེ་རྡོར་ལགས་ཀྱིས་ད་ལོའི་གསུམ་ཅུའི་དུས་དྲན་ཉིན་བཞུགས་སྒར་ནས་མགོ་འཛུགས་ཀྱིས་༼གངས་ལྗོངས་ཀྱི་ཕོ་ཉ༽ཞེས་པའི་མིང་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་གཙོས་པའི་འཛམ་གླིང་གི་སྲིད་གཞུང་ཁག་ལ་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་རྒྱབ་སྐྱོར་ཡོང་ཆེད། རྒྱ་གར་རྒྱལ་ཡོངས་ནང་མིག་སྒྲིབ་རྒྱལ་དཀྲོགས་ཟེར་པའི་བོད་དོན་ངོ་སྤྲོད་དང་མཚན་རྟགས་བསྡུ་རུབ་ཀྱི་ལས་འགུལ་ཞིག་སྤེལ་ཡོད་པ་དེ་ཕྱི་ཚེས་ ༦ ཉིན་ལྡི་ལིར་མཇུག་བསྒྲིལ་ཏེ། ཉིན་འདི་འགར་ལྡི་ལིར་ཡོད་པའི་རྒྱལ་ཚོགས་ཡན་ལག་ལས་ཁུངས་དང་རྒྱལ་ཁབ་ཁག་གི་གཞུང་ཚབ་ཁང་ལ་མཚན་རྟགས་འབུལ་བཞིན་ཡོད་འདུག

ཁོང་གིས་འདས་པའི་ཟླ་ ༦ དང་ཕྱེད་ཀའི་རིང་རྒྱ་གར་གྱི་མངའ་སྡེ་ཡོངས་སུ་ས་གནས་ཁག་ ༡༠༨ ནང་སྐོར་སྐྱོད་ཀྱིས། ཞོགས་པ་ཆུ་ཚོད་ ༩ ནས་ཕྱི་དྲོ་ཆུ་ཚོད་ ༥ བར་ཁོང་གིས་མིག་གཉིས་རས་ནག་གིས་གཡོགས་ཏེ། རྒྱ་དམར་གཞུང་གིས་བོད་ས་བཙན་བཟུང་བྱས་པ་དང་། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། བོད་མིའི་རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་སྐོར་ངོ་སྤྲོད། རྒྱ་ནག་གིས་བོད་ཀྱི་ཁོར་ཡུག་གཏོར་བཅོམ་གཏོང་བཞིན་ཡོད་པ་དེས་བོད་ཙམ་མ་ཟད། རྒྱ་གར་གཙོས་པའི་ཨེ་ཤ་ཡའི་རྒྱལ་ཁབ་མང་པོར་གནོད་འཚེ་ཕོག་གི་ཡོད་ཚུལ་སོགས་མང་ཚོགས་ལ་གོ་རྟོགས་སྤེལ་ཏེ། ད་ཆར་མཚན་རྟགས་ལྔ་ཁྲི་སུམ་བརྒྱ་གསུམ་ཅུ་སོ་དྲུག་ ༥༠༣༣༦ བསྡུ་རུབ་གནང་ཡོད་འདུག

གསར་འགོད་པས་ཁ་པར་བརྒྱུད་ལས་འགུལ་དེ་ཐོག་མ་ཟླ་ ༣ གྱི་འཆར་གཞི་ཡིན་ཡང་ད་ཆར་ཟླ་དྲུག་ལྷག་ཕྱིན་པའི་རྒྱུ་མཚན་དྲིས་སྐབས། གཅིག་ནས་ས་གནས་ཁག་ཏུ་སྐོར་སྐྱོད་སྐབས་ས་གནས་བདེ་སྲུང་བའི་ཆོག་མཆན་རག་མིན་གྱིས་ཅུང་འགོར་འགྱངས་བྱས་པ་དང་། གཉིས་ནས་ལས་འགུལ་དངོས་གཞིའི་སྐབས་ཐོག་མའི་འཆར་གཞི་ལས་ས་གནས་ཀྱི་ཁྱབ་ཁོངས་ཆེ་རུ་ཕྱིན་ཏེ། ཐོག་མའི་ཟླ་གསུམ་གྱི་འཆར་གཞིའི་ནང་ས་གནས་ཁག་ ༦༠ ཙམ་ལ་སྐོར་སྐྱོད་བྱ་འཆར་དེ་རྗེས་སུ་ས་གནས་ཁག་ ༡༠༨ ཙམ་ལ་སྐོར་སྐྱོད་བྱ་དགོས་ཆགས་ཏེ་ཟླ་དྲུག་ལྷག་ཕྱིན་སྐོར་བརྗོད་བྱུང་།

ཁོང་གིས་ “མཚན་རྟགས་བསྡུ་རུབ་ནི་བོད་པ་དང་རྒྱ་གར་ཡུལ་མི་གཉིས་ཀའི་ཁྲོད་བྱས་ཡོད། ཐེངས་འདིའི་མཚན་རྟགས་ནང་ཨ་རུ་ཎ་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་འཆམ་བློན་ཆེན་པདྨ་མཁའ་འགྲོ་མཆོག་གཙོས་མངའ་སྡེ་གཞུང་གི་གནད་ཡོད་དཔོན་རིགས་ཁག་ཅིག་གིས་བོད་དོན་རྒྱབ་སྐྱོར་གྱི་མཚན་རྟགས་བཀོད་ཡོད་པ་ལས། ས་གནས་གཞན་ཕལ་ཆེ་བེར་མང་ཚོགས་ཁྲོད་མཚན་རྟགས་བསྡུས་ཡོད་”ཟེར།

ལས་འགུལ་འདིའི་ཟླ་དྲུག་ལྷག་རིང་གི་འགྲོ་སོང་སྐོར་ལ། ཐོག་མའི་ཆར་ཧིན་སྒོར་འབུམ་གཅིག་བུ་ལོན་བླངས་ཏེ་ལས་འགུལ་མགོ་འཛུགས་གནང་ཡོད་པ་དང་། བོད་པ་འདུས་སྡོད་ཁུལ་ཏུ་སྐོར་སྐྱོད་སྐབས་བོད་མི་ཚོས་སྡོད་གནས་དང་ཞལ་ལག་གྲ་སྒྲིག་གནང་ཡོད་པ་མ་ཟད་ཞལ་འདེབས་ཀྱང་གང་འཚམ་རེ་གནང་ཡོད་འདུག ཁོང་གིས་བརྗོད་དོན། “ལས་འགུལ་སྐབས་གྲོགས་པོ་ཀརྨ་དོན་འགྲུབ་དང་ཀརྨ་རབ་བརྟན་གཉིས་དང་བླངས་ཐོག་མཉམ་ཞུགས་གནང་ཡོད་སྟབས། འགྲོ་གྲོན་ཆེན་པོ་དེ་འདྲ་ཕྱིན་མེད་ཀྱང་ཟླ་དྲུག་རིང་རླངས་འཁོར་ཞིག་གླས་པར་ཧིན་སྒོར་འབུམ་གསུམ་ཙམ་ཕྱིན་སོང་། དེ་ལ་གཞི་ནས་ཐབས་ཤེས་བྱ་དགོས་པ་རེད” ཅེས་བརྗོད་བྱུང་།

ཁོང་ལ་ལས་འགུལ་དེར་འདོད་བློ་ཁེངས་པ་ཞིག་བྱུང་ཡོད་མེད་དྲིས་པར། “ཐེངས་འདིའི་ལས་འགུལ་མཇུག་བསྡོམས་བརྒྱབ་ཡོད་ཀྱང་ལས་ཀ་ད་དུང་ཚར་མེད་པ་དང་། ལྷག་པར་དུ་བོད་ནང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་གི་དཀའ་ངལ་མ་སེལ་པར་དུ་ལས་འགུལ་གང་སྤེལ་ཡང་དེར་འདོད་བློ་ཁེངས་འགྲོ་བ་ཞིག་ཡོང་གི་མ་རེད། ངའི་ལས་འགུལ་མཇུག་སྒྲིལ་བའི་ཕྱི་ཉིན་བོད་ནང་བསྐྱར་དུ་རང་ལུས་མེར་བསྲེགས་གནང་པ་དེས། ང་ཚོས་ལས་འགུལ་གཅིག་གཉིས་རེ་སྤེལ་པ་ཙམ་གྱི་འགྲིག་གི་མེད་པ་གསལ་བོར་བསྟན་ཡོད” ཟེར།

རྒྱ་གར་མི་མང་གིས་རྒྱབ་སྐྱོར་གང་འདྲ་ཡོད་མེད་དྲིས་པར། “ སྔོན་ཆད་ལས་འགུལ་མང་པོ་སྤེལ་པའི་ཉམས་མྱོང་ལ་བལྟས་ན། དེ་རེབ་རྒྱ་གར་མང་ཚོགས་ཁྲོད་བོད་དོན་ལ་དོ་སྣང་དང་རྒྱབ་སྐྱོར་ཆེ་བ་འདུག དེ་ནི་གཙོ་བོ་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གནས་སྟངས་ལ་བརྟེན་ནས་བྱུང་པ་ཞིག་རེད་དྲན་གྱི་ཡོད” ཅེས་བརྗོད་བྱུང་།

ལས་འགུལ་སྐབས་ཁོང་གི་མིག་གཉིས་ལ་རས་ནག་གིས་གཡོགས་དོན་ནི། མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་གི་དབུ་ཁྲིད་ཚོས་བོད་ནང་གི་ཛ་དྲག་གནས་སྟངས་ཤེས་བཞིན་དུ་མཐོང་ན་མ་མཐོང་ཁུལ་གྱིས་མིག་ལྡན་ལོང་བའི་རྟུལ་ཞུགས་འཛིན་གྱི་ཡོད་པ་མཚོན་པར་བྱས་པ་ཞིག་ཡིན་འདུག་ལ། ཕྱི་ཚེས་ ༨ ཉིན་རྒྱབ་ཁོང་དངོས་སུ་ལྡི་ལིར་ཡོད་པའི་རྒྱལ་ཚོགས་ཡན་ལག་ལས་ཁུངས་ལ་ཕྱིན་ཏེ། མཚན་རྟགས་ལྔ་ཁྲི་ལྷག་བཀོད་པའི་ཞུ་འབོད་ཡིག་ཆ་འབུལ་སྐབས་མིག་རས་ནག་པོ་དེ་ཁོ་ཚོར་ལེན་དུ་འཇུག་རྒྱུ་ཡིན་པ་དང་། དེ་ནི་རྒྱལ་ཚོགས་དང་རྒྱལ་སྤྱིའི་སྲིད་གཞུང་ཁག་གི་དཔོན་རིགས་ཚོས་བོད་ཀྱི་གནད་དོན་ཐོག་དྲང་བདེན་ལ་རྒྱབ་སྐྱོར་གྱི་མིག་ཕྱེ་རྒྱུའི་རེ་སྐུལ་ཞིག་ཡིན་ཡིན་པར་བརྗོད་བྱུང་། 

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

དྷ་ས་ནས་ལྡི་ལི་བར་གྱི་ཞྭ་མོ་ནག་པོའི་གོམ་བགྲོད་ཀྱི་ལས་འགུལ་བ། ༢༠༢༦།༠༣།༣༡ དུས་བབ་ཀྱི་པར།
Mobile App

དྷ་རམ་ས་ལ་ནས་ལྡི་ལི་བར་ཞྭ་མོ་ནག་པོའི་གོམ་བགྲོད་མགོ་འཛུགས་གནང་།

ཆུ་ཚོད་ ༣ སྔོན་ལ།
The new government led by Prime Minister Balendra Shah unveiled an ambitious 100-point work plan on Saturday, a signal of a break from the slow, plodding pace of past administrations. PHOTO: THE KATHMANDU POST
Mobile App

བལ་ཡུལ་གྱི་སྲིད་གཞུང་གསར་པའི་བསྒྱུར་བཅོས་དོན་ཚན་ ༡༠༠ ལག་བསྟར་བྱེད་ཀྱི་ཡོད་འདུག

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༣།༣༡
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཁྲུག་རྩོད་འཕྲལ་དུ་མཚམས་འཇོག་ཐུབ་པའི་ཐུགས་སྨོན་མཛད། 

ཆུ་ཚོད་ ༦ སྔོན་ལ།
Mobile App

སྐབས་ ༡༧ པའི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པ་མཇུག་སྒྲིལ་སོང་།

༢༠༢༦/༠༣/༣༠
Mobile App

ཀ་ལུ་མན་གྲོང་དུ་ཟླ་གཅིག་དང་ཕྱེད་ཀ

༢༠༢༦/༠༣/༣༠
Mobile App

རྩིས་ལོ་ ༢༠༢༦་་༢༠༢༧ ནང་དགོས་དངུལ་བཀའ་འཁྲོལ་ཧིན་སྒོར་ས་ཡ་ ༣༤༠༨ ལྷག་སྤྱི་མོས་གཏན་འབེབས་གནང་།

༢༠༢༦/༠༣/༣༠

མཆན། 6

  1. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 13 སྔོན།

    སྤུན་ཟླ་ཤེས་རབ་ཚེ་རྡོར་ལགས་ནས་ཐོག་མར་རང་ལུས་མེར་བསྲེག་གི་ལས་འགུལ་དང་། བར་དུ་དོན་དངོས་སྐོར་བསྐྱོད་མིག་བསྒྲིབ་རྒྱལ་དཀྲོགས་ལས་འགུལ་རྒྱུན་རིང་དང་། ད་དུང་ཡང་ལྷག་བསམ་དང་སེམས་ཤུགས་སྔར་ལྷག་གི་འཆར་གཞི་དང་དགོངས་ཚུལ་ཚོར་བ་དང་ལྡན་པའི་ཐོག་ནས་གསུངས་པ་སོགས་ལ་སྙིང་ཐག་པ་ནས་གུས་བཏུད་དང་རྒྱབ་སྐྱོར་ཞུ།།།

    Reply
  2. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    གསུམ་ཅུའི་དུས་དྲན།
    འདི།
    གསུམ་བཅུའི་དུས་དྲན་ལ་བཅོས་རོགས་གནོངས།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    གསུམ་པའི་ ༡༠ ཉིན་ལས་འགུལ་བརྩམས་པ་དེ། །

    བོད་རིགས་ན་གཞོན་ཤེས་རབ་ཚེ་རྡོར་ལགས། །
    གསུམ་ཅུའི་དུས་དྲན་ཉིན་ནས་མགོ་འཛུགས་ཀྱིས། །
    རྒྱ་གར་ཡོངས་ནང་མིག་སྒྲིབ་རྒྱལ་དཀྲོགས་དང་། །
    བོད་དོན་ངོ་སྤྲོད་མཚན་རྟགས་བསྡུ་རུབ་མཛད། །

    ཚེས་ ༦ ལྡི་ལིར་མཇུག་བསྒྲིལ་མངྒ་ལམ། །

    Reply
  4. ཅང་མེད། says:
    ལོ་ 13 སྔོན།

    མང་པོ་བཤད་ནས་དུས་ཚོདའཕྲོ་བླགས་རེད། ལྡོག་ལྡོག་དང་སྒོང་སྒོང་བྱས་ནས་བཤད་ན་་་་་ཁྱེད་ཀྱི་བཅོས་མིན་ལྷག་བསམ་ལ་་་་སེམས་གཏིང་ནས་བཀའ་དྲིན་ཆེ་ཞུ།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 13 སྔོན།

    བོད་མི་རྒྱལ་གཅེས་པ་སྒེར་པས་སྤྱི་དོན་ལས་འགུལ་ལ་རྗེས་སུ་ཡི་རང་ཡོད་ལགས།

    Reply
  6. བཙན་ནག་པས། says:
    ལོ་ 13 སྔོན།

    བོད་མིའི་མི་རེ་ངོ་རེའི་ལས་འགུལ་འདྲ་རེ་སྤེལ་བ་ཡིན་ཡག་པོ་རྗེས་སུ་ཡིད་རང་ཞུ་ཡས་རང་ཡིན། རྒྱལ་གཅེས་པ་ཁོང་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཞུ་རྒྱུ་རང་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese