མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཐ་སྙད་གང་དེའི་འབྱུང་ཁུངས་ལ་གཞི་བཅོལ་ན་ཚད་ལྡན་ཡོང་།

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཤེས་རབ་དགའ་ཚལ་སློབ་གྲྭའི་གོ་སྒྲིག་འོག དཔའ་བོའི་རྗེས་དྲན་ཕ་སྐད་གཙང་མའི་ཐ་སྙད་འགྲན་བསྡུར་ཐེངས་དང་པོ་བྱས་ཏེ། ནོར་གླིང་མཐོ་སློབ་ཀྱི་འགྲན་ཞུགས་པ་ཚོར་ཨང་དང་པོ་ཐོབ་སོང་།

དེ་རིང་ཕྱི་ཚེས་ ༡༠ ཉིན་ཏེ་ལྷག་དཀར་ཉིན་དང་བསྟུན་ཏེ་ངྷ་སའི་ཉེ་འདབས་ཤེས་རབ་དགའ་ཚལ་སློབ་གླིང་དུ། སློབ་གྲྭ་དེ་གའི་སློབ་ཟུར་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱི་རྗེས་དྲན་ཕ་སྐད་གཙང་མའི་ཐ་སྙད་གསར་པའི་དྲི་རྩལ་འགྲན་བསྡུར་ཐེངས་དང་པོ་དེ་གནང་ཡོད་ཅིང་། ཐ་སྙད་འགྲན་བསྡུར་དེའི་སྐུ་མགྲོན་གཙོ་བོར་དབུས་བོད་མིའི་སྒྲིག་འཛུགས་ཤེས་རིག་ལས་ཁུངས་ཀྱི་ཐ་སྙད་རྩོམ་སྒྲིག་ཚན་པའི་འགན་འཛིན་ཨ་ཙཱརྱ་ཀརྨ་སྨོན་ལམ་ལགས་དང་། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་མདོ་སྨད་སྤྱི་འཐུས་སྒྲོལ་དཀའ་སྐྱབས། དེ་བཞིན་སློབ་གྲྭའི་དགེ་ལས་སློབ་ཕྲུག་ཡོངས་བཅས་མཉམ་ཞུགས་གནང་སོང་།

ཐེངས་འདིའི་ཕ་སྐད་གཙང་མའི་དྲི་རྩལ་འགྲན་བསྡུར་ཁྲོད་ས་རཱ་མཐོ་སློབ་དང་ནོར་གླིང་མཐོ་སློབ། སྨན་རྩིས་ཁང་མཐོ་སློབ། ཀིརྟི་མཐོ་སློབ། ཤེས་རབ་དགའ་ཚལ་སློབ་གྲྭ་བཅས་ཀྱི་སློབ་ཕྲུག་ ༡༠ རེ་བཅས་ཁྱོན་སློབ་མ་ ༥༠ ཙམ་ཉམས་ཞུགས་གནང་ཡོད་ཅིང་། བོད་སྐད་ཐ་སྙད་གསར་པའི་སྐོར་ནས་ཅ་ལག་ལ་བལྟས་ཏེ་མིང་འབྲི་བ་དང་། དངོས་མིང་སྡེབ་འབྲི། དཔོད་བྲིས། ནོར་བཅོས། མགྱོགས་འབྲི། ཆ་ཤས། དཔེ་རིས་ངོས་འཛིན། མྱུར་རྩལ། དབྱེ་འབྱེད། མང་ཤེས་མང་ཐོབ་བཅས་དྲི་བ་རིགས་ ༡༠ ཙམ་བརྒྱུད་དེ། ནོར་གླིང་མཐོ་སློབ་ཀྱི་འགྲན་ཞུགས་པ་ཚོར་སྤྱིའི་སྐར་གྲངས་ ༡༥༠ ནས་སྐར་གྲངས་ ༩༥ ཐོབ་པར་ཨང་དང་པོའི་བྱ་དགའ་ཧིན་སྒོར་ ༡༠༠༠༠ དང་། ཤེས་རབ་དགའ་ཙལ་སློབ་གླིང་གི་འགྲན་ཞུགས་པ་ཚོར་སྤྱིའི་སྐར་གྲངས་ ༡༥༠ ནས་སྐར་གྲངས་ ༩༡།༥ ཐོབ་པར་ཨང་གཉིས་པའི་བྱ་དགའ་ཧིན་སྒོར་ ༧༠༠༠། ས་རཱ་མཐོ་སློབ་ཀྱི་འགྲན་ཞུགས་པ་ཚོར་སྤྱིའི་སྐར་གྲངས་ ༡༥༠ ནས་སྐར་གྲངས་ ༨༦ རག་པར་ཨང་གསུམ་པའི་བྱ་དགའ་ཧིན་སྒོར་ ༥༠༠༠ བཅས་ཐོབ་སོང་།

དྲི་རྩལ་འགྲན་བསྡུར་གྱི་ཐོག་མར་གོ་སྒྲིག་ཚོགས་ཆུང་གི་བོད་དགེ་སྐལ་བཟང་ཉི་མ་ལགས་ཀྱིས་དྲི་རྩལ་འགྲན་བསྡུར་གྱི་དགོས་པ་དང་གོ་སྒྲིག་བྱེད་ཕྱོགས་ངོ་སྤྲོད་གནང་སྐབས། དེང་སྐབས་བོད་ནང་དུ་རྒྱུའི་གནོན་ཤུགས་འོག་བོད་མི་ཚོས་ཕ་སྐད་གཙང་མའི་ལས་འགུལ་ལ་དོ་སྣང་དང་ཁྱབ་སྤེལ་ཤུགས་ཆེར་བྱེད་ཀྱི་ཡོད་པར་བརྟེན། བཙན་བྱོལ་རང་དབང་ལུང་པའི་ནང་གཅིག་ནས་སོ་སོའི་སྐད་ཡིག་ལ་སྦྱང་བརྩོན་ངེས་པར་བྱ་དགོས་པའི་འོས་འགན་ཡོད་པ། གཉིས་ནས་བོད་ནང་གི་བོད་མི་ཚོའི་ཕ་སྐད་གཙང་མའི་ལས་འགུལ་ལ་རྒྱབ་སྐྱོར་བཅས་ཀྱི་ཆེད་དུ་ལྷག་དཀར་གཟའ་ཚེས་དང་བསྟུན། ཤེས་རབ་དགའ་ཚལ་སློབ་གྲྭའི་སློབ་ཟུར་རང་ལུས་མེར་བསྲེགས་གཏོང་མཁན་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་དང་དགུ་འགྲུབ་གཉིས་ཀྱི་རྗེས་དྲན་ཕ་སྐད་གཙང་མའི་ཐ་སྙད་གསར་པའི་འགྲན་བསྡུར་འདི་གོ་སྒྲིག་བྱས་པ་ཞིག་དང་། གོ་སྒྲིག་ཚོགས་ཆུང་གིས་ཐེངས་འདིའི་འགྲན་བསྡུར་ཁྲོད་ངྷ་ས་ཁུལ་དང་ཉེ་འཁོར་ཚོགས་སྡེ་མང་ཚོགས་གང་མང་མཉམ་ཞུགས་ཡོང་རྒྱུར་འབད་བརྩོན་བྱས་ཀྱང་། སྡེ་ཚན་ ༥ ལས་མ་བྱུང་པ་དེ་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་པའི་སྐད་རིག་ལ་འཛིན་པའི་རྣམ་འགྱུར་ཞིག་གསལ་ཐོན་བྱུང་ཡོད་པ་དང་། དེ་ནི་བློ་ཕམ་བྱ་གཞི་ཞིག་ཡིན་སྐོར་བརྗོད་སོང་།

དེའི་རྗེས་ཤེས་རབ་དགའ་ཚལ་སློབ་གྲྭའི་ངེས་སྟོན་པ་བུ་ཕྲུག་ཤཱསྟི་ལགས་ཀྱིས་སློབ་གྲྭ་ངོ་སྤྲོད་དང་སྦྲགས། བོད་ཀྱི་སྐད་ཡིག་ནི་བོད་པའི་ཆོས་དང་རིག་གཞུང་གི་གཞི་རྟེན་ཡིན་པར་ཚང་མས་རྗོད་ཀྱི་ཡོད་ཀྱང་། བཙན་བྱོལ་ནང་གི་བོད་མི་ཚོས་བོད་སྐད་བཤད་དུས་ཧིན་རྡུའམ་དབྱིན་སྐད་ཀྱི་ཐ་སྙད་མ་བསྲེས་པར་བོད་སྐད་གཙང་མ་བཤད་མཁན་ཧ་ཅང་དཀོན་པ་དང་། བོད་ནང་དུ་རྒྱ་སྐད་ཀྱི་བསྲེས་སླད་ཤོར་གྱི་ཡོད་པའི་གནས་སྟངས་ཤིག་ཆགས་ཡོད་སྐོར་བརྗོད་དེ། ཁོང་གིས་ “བོད་པའི་སྐད་ཡིག་ལ་བོད་རང་གིས་བདག་པོ་མ་བརྒྱབ་ན་གཞན་གྱིས་བདག་པོ་རྒྱག་གི་མ་རེད་”ཅེས་བརྗོད་སོང་།

ཐ་སྙད་འགྲན་བསྡུར་གྱི་ལས་རིམ་ཡོངས་སུ་གྲུབ་མཐར་སྐུ་མགྲོན་གཙོ་བོ་ཨ་ཙཱརྱ་ཀརྨ་སྨོན་ལམ་ལགས་ཀྱིས་བོད་ཕྱི་ནང་གཉིས་ཀྱི་ཐ་སྙད་གསར་བཟོའི་ཁྱད་པར་དང་འབྲེལ་གསུངས་དོན། བོད་ནང་ལ་མཚོན་ན་རྒྱ་ནག་གི་སྲིད་ཇུས་དང་རྒྱའི་སྐད་ཡིག་གི་བཙན་འཛུལ་འོག བོད་ཀྱི་སྐད་ཡིག་གི་གནས་བབ་ཛ་དྲག་ཏུ་ཡོད་ཀྱང་། དེང་སྐབས་སོ་སོའི་སྐད་ཡིག་ལ་དོ་སྣང་ཆེན་པོ་ཡོད་པ། སྔོན་ཆད་བོད་ནང་གི་ཐ་སྙད་གསར་པའི་རིགས་རྒྱ་སྐད་རྐྱང་པ་གཞིར་བཟུང་གིས་བོད་ སྒྱུར་བྱས་པའི་ཁ་ཕྱོགས་ལ་དེང་སང་འགྱུར་བ་ཆེན་པོ་ཐེབས་བཞིན་པ་ནི། དེང་གི་ཅ་དངོས་ཐོན་རྫས་གསར་པ་གང་ཞིག་གི་མིང་དང་ཐ་སྙད་བོད་སྒྱུར་རམ་གཏན་འབེབས་བྱེད་སྐབས་རྒྱ་ཡིག་ཙམ་མིན་པར་དབྱིན་ཡིག་དང་ཧྥ་རན་སིའི་སྐད་ཡིག་སོགས་ཅ་དངོས་གང་དེའི་ཐོག་མའི་མིང་དང་ཐ་སྙད་ཡོང་པའི་མ་ཡིག་ལ་གཞི་བཅོལ་ཏེ་བོད་སྐད་ནང་གསར་བཟོ་གཏན་འབེབས་བྱེད་ཀྱི་ཡོད་པ་དེ། བོད་སྐད་ཡིག་གི་ཐ་སྙད་གསར་པའི་རིགས་ཚད་ལྡན་ཅན་དུ་འགྲོ་ཐུབ་པའི་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་ཡིན་སྐོར་བརྗོད་བྱུང་།

ཁོང་གིས་མུ་མཐུད་བཙན་བྱོལ་ནང་གི་བོད་སྐད་ཡིག་གི་གནས་བབ་སྐོར་ནས། བཙན་བྱོལ་སྤྱི་ཚོགས་ནང་གི་བོད་མི་རྣམས་རྒྱལ་ཁབ་འདྲ་མིན་ནང་གནས་ཡོད་པའི་གནས་སྟངས་འོག བོད་མི་ཚོས་བོད་སྐད་བཤད་སྐབས་སོ་སོའི་གནས་ཡུལ་གྱི་སྐད་ཡིག་དང་བསྲེས་སླད་མེད་པར་བོད་སྐད་གཙང་མ་བཤད་མི་ཤེས་པ་དང་། ཅ་དངོས་གང་ཞིག་ཉོ་ཚོང་བྱེད་སྐབས་དེ་དག་གི་མིང་དང་ཐ་སྙད་བོད་སྐད་ནང་བཤད་མི་ཤེས་པའི་གནས་སྟངས་ཤིག་ཏུ་གྱུར་ཡོད་པ། བོད་མི་ཚོ་བཙན་བྱོལ་དུ་འབྱོར་རྗེས་ཀྱི་༧གོང་ས་མཆོག་གི་བཀའ་སློབ་ནང་། དགེ་རྒན་ཚོས་སློབ་ཚན་གང་ཞིག་བསླབ་ཀྱི་ཡོད་ཀྱང་སེང་ཉིན་གྱི་ཁྲིད་གཞི་དོ་དགོང་ནས་གྲ་སྒྲིག་བྱས་ཏེ། སང་ཉིན་སློབ་ཚན་ཁྲིད་སྐབས་ཚང་མ་བོད་སྐད་ཡིག་ནང་ཆ་ཚང་བསླབ་ཐུབ་པ་ཞིག་བྱ་དགོས་པར་གསལ་ཡོད་ཀྱང་། ཚང་མས་དོ་སྣང་མ་བྱས་པར་འཐུས་ཤོར་དུ་ཕྱིན་མཐར། ད་ལོ་ ༥༠ རྗེས་སུ་ད་གཟོད་སྐད་ཡིག་གི་ཐད་ནས་རང་ཉིད་འཐུས་ཤོར་དང་རྗེས་ལུས་ཐེབས་ཡོད་པའི་ཚོར་སྣང་ཡོང་གི་ཡོད་སྐོར་བརྗོད་སོང་།

ཡང་ཁོང་གིས་དེང་སྐབས་བོད་ཕྱི་ནང་གཉིས་སུ་སྒེར་དང་སྒྲིག་འཛུགས་མང་པོ་ཞིག་གིས་བོད་སྐད་ཀྱི་ཐ་སྙད་གསར་བཟོའི་སྐོར་ལ་ཤུགས་རྒྱག་གི་ཡོད་པ་དང་། ཅ་དངོས་གཅིག་ལ་མིང་མི་འདྲ་བ་འགར་རེ་ཡོང་གི་ཡོད་ཀྱང་། མཚམས་རེར་གོ་བརྡ་མ་འཕྲོད་པའི་དཀའ་ངལ་ཡོང་སྲིད་ནའང་། ཅ་དངོས་གཅིག་ལ་མིང་ངམ་ཐ་སྙད་མི་འདྲ་བ་མང་པོ་ཞིག་པ་དེ་ཕན་ཚུན་ལ་དཔྱད་གཞི་དང་། ཐ་སྙད་གསར་པ་གཏན་འབེབས་ལ་ཕན་ཐོགས་ཡོང་པའི་རྒྱུ་ཆ་ཞིག་ལས་འགལ་རྐྱེན་ཞིག་ལ་ཁོང་སྒེར་ངོས་ནས་ངོས་འཛིན་བྱེད་ཀྱི་མེད་སྐོར་བརྗོད་སོང་།

ཐེངས་འདིའི་ཕ་སྐད་གཙང་མའི་ཐ་སྙད་གསར་པ་འགྲན་བསྡུར་གྱི་བྱ་དགའ་ཨང་དང་པོའི་སྦྱིན་བདག་ནི་བསང་ཆུ་འབྲུག་བྷེ་ལགས་དང་། ཨང་གཉིས་པའི་བྱ་དགའི་སྦྱིན་བདག་ནི་བཀྲ་ཤིས་དོན་འགྲུབ་ལགས། ཨང་གསུམ་པའི་བྱ་དགའི་སྦྱིན་བདག་ཟླ་བ་རིན་ཆེན་ལགས་བཅས་ཀྱིས་གནང་ཡོད་འདུག

གསར་འགོད་པའི་ཐེངས་འདིའི་འགྲན་བརྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ནོར་གླིང་གི་འགྲན་ཞུགས་པའི་ནང་གི་སློབ་མ་ཀླུ་མཚོ་སྐྱིད་ལགས་སུ་ཁོ་ཚོས་ཐེངས་འདིའི་འགྲན་ཞུགས་ཆེད་གྲ་སྒྲིག་གང་འདྲ་བྱས་ཡོད་མེད་དང་། ཨང་དང་པོ་ཐོབ་པའི་གདེང་ཚོད་ཡོད་མེད་དྲིས་པར་ཁོ་མོས། ཟླ་གཅིག་དང་ཕྱེད་ཀའི་གོང་གོ་སྒྲིག་ཚོགས་ཆུང་གིས་ཁོ་ཚོར་བོད་ནང་གི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཀྱིས་རྩོམ་སྒྲིག་བྱས་པའི་བོད་སྐད་ཐ་སྙད་གསར་པའི་ནང་གི་ཐ་སྙད་ ༨༠༠༠ ཙམ་དཔེ་རིས་དང་བཅས་པ་མཁོ་སྤྲོད་གནང་བྱུང་པ་ལྟར་དེ་སྦྱངས་ཡོད་ཚུལ་དང་། ཉིན་བཅུའི་གོང་ཙམ་ནས་ཁོ་ཚོ་འགྲན་ཞུགས་པ་དག་གིས་དགོང་མའི་རང་སྦྱང་སྐབས་གྲོས་བསྡུར་གང་ལེགས་བྱས་ཡོད་སྐོར་དང་། ཤེས་རབ་དགའ་ཚལ་སློབ་གྲྭའི་འགྲན་ཞུགས་པ་དག་གིས་སྦྱོང་བརྡར་ཧ་ཅང་ཡག་པོ་བྱེད་ཀྱི་ཡོད་སྐོར་གོ་ཐོས་བྱུང་པ་ལྟར་ཨང་དང་པོ་ཁོ་ཚོར་འཐོབ་ངེས་ཡིན་པ་དང་། ཨང་གཉིས་པ་གསུམ་པའི་ནང་ཚུད་ཐུབ་པའི་རེ་བ་བཟུང་ཡོད་སྐོར་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

Mobile App

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་བོད་དོན་གླེང་སློང་ངེས་པར་དུ་གནང་དགོས་པའི་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༡༠
བསམ་ཚུལ།

བོད་ཀྱི་དཔའ་རྒོད་རང་བཙན་བློ་དགའ་ལས་འཕྲོས་པའི་རྗེས་དྲན།

༢༠༢༦/༠༧/༡༠
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གི་ཞབས་པུས་དྲག་སྐྱེད་བྱུང་མུས་ཡིན་པར་གསུངས། 

༢༠༢༦/༠༧/༠༩
A magnitude 5.29 earthquake struck the Sichuan province in southwestern China on Sunday, June 28, 2026
Mobile App

ཟི་ཁྲོན་ཞིང་ཆེན་ཁུལ་དུ་ཚད་རིམ་ལྔ་ཅན་གྱི་ས་ཡོམ་བསྟུད་མར་བྱུང་། 

༢༠༢༦/༠༧/༠༩
Advertisement for App

ཕྱི་ལོ་ ༢༠༢༦ སྐྱིད་ཚལ་གླིང་གི་སློབ་ཡོན་གསལ་བསྒྲགས།

༢༠༢༦/༠༧/༠༩
Mobile App

ཨ་རིས་བོད་དོན་འཐབ་རྩོད་ལ་རྒྱབ་སྐྱོར་བྱ་རྒྱུ་བསྐྱར་ནན་བྱས།

༢༠༢༦/༠༧/༠༩

མཆན། 7

  1. གཅེར་བུ་པ། says:
    ལོ་ 14 སྔོན།

    འདི་ལྟར་གང་སར་གོ་སྒྲིག་བཟོ་བ་དངོས་གནས་དོན་ལྡན་ཞིག་ཏུ་མཐོང་གི་ཡོད་ལ།ལྷག་ཏུ་འགྲོ་སོང་གཏོང་མཁན་ཚོས་ཀྱང་བཏང་ས་མ་ནོར་བ་དང་།ཞུགས་མཁན་ཚོས་ཀྱང་ཧུར་ཐག་གིས་སྦྱང་བརྩོན་གནང་ནས་ཞུགས་པར་དགའ་བ་ཚད་མེད་སྐྱེས་སོང་།

    Reply
  2. ཤིག། says:
    ལོ་ 14 སྔོན།

    ཤིན་ཏུ་ཡག་པོ་རེད། བོད་མི་བོད་སྐད་མ་སྦྱང་ན་བོད་མི་ཡིན་ཟེར་ངོ་རེ་ཚ།་ དེ་འདྲ་བའི་ལས་གུལ་ནི་བོད་ཀྱི་སྐད་ཡིག་ལ་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་གཏོང་ཐུབ།

    Reply
  3. མི་ཆུང་། says:
    ལོ་ 14 སྔོན།

    ཡིད་རང་ཆེན་པོས་གུས་བརྩི་དང་བསྔགས་བརྗོད་ཞུ།

    Reply
  4. རྣོ་ཁབ་ལེན། says:
    ལོ་ 14 སྔོན།

    འདི་ཚོ་བོད་ཀྱི་དཔའ་བོ་རེད་ལ་དོན་དངོས་ཀྱི་དཔའ་རྟགས་ཡང་རེད། བཀའ་དྲེན་ཆེ་རྒྱབ་སྐྱོར་ཡོད། ད་དུང་མུ་འཐུད་རོགས་གནང་།

    Reply
  5. རྣོ་ཁབ་ལེན། says:
    ལོ་ 14 སྔོན།

    ཧ་ཅང་དགའ་བྱུང་། གོ་སྒྲིག་གནང་མཁན་དང་སྦྱིན་བདག་ཚོར་ཐུགས་རྗེ་ཆེ་ཞུ། འགྲན་ཞུགས་པ་ཡོངས་དང་ལྷག་པར་བྱ་དགའ་ཐོབ་ས་ཚོར་དམིགས་བསལ་འཚམས་འདྲི་ཡོད།
    བོད་མའི་བླ་སྲོག་ལ་གཅེས་སྐྱོང་དངོས་གནས་འདི་རིགས་རེད།

    Reply
  6. དབུས་སྟོད་ཀྱི་སྐྱ་རེང་། says:
    ལོ་ 14 སྔོན།

    ཧ་ཅང་གི་རྗེས་སུ་ཡི་རང་ངང་རྒྱབ་སྐྱོར་དང་། སླད་མར་ཡང་དེ་ལྟ་བུའི་ལས་འགུལ་ཡང་ཡང་འབྱུང་ཐུབ་ན་མཐུན་རྐྱེན་གང་ཐུབ་སྦྱར་རྒྱུར་འདོད་བ་ཤིན་ཏུ་ཆེ་ཞུ།།

    Reply
  7. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ། གོ་སྒྲིག་ཚོགས་ཆུང་གིས་ཐེངས་འདིའི་འགྲན་བསྡུར་ཁྲོད་ངྷ་ས་ཁུལ་དང་ཉེ་འཁོར་ཚོགས་སྡེ་མང་ཚོགས་གང་མང་མཉམ་ཞུགས་ཡོང་རྒྱུར་འབད་བརྩོན་བྱས་ཀྱང་། སྡེ་ཚན་ ༥ ལས་མ་བྱུང་པ་དེ་ནི་བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་པའི་སྐད་རིག་ལ་འཛིན་པའི་རྣམ་འགྱུར་ཞིག་གསལ་ཐོན་བྱུང་ཡོད་པ་དང་། དེ་ནི་བློ་ཕམ་བྱ་གཞི་ཞིག་ཡིན་སྐོར་བརྗོད་སོང་། ་་་ཟེར།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese