མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར།

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp


པར་བ་བློ་བཟང་དབང་རྒྱལ་ལཊ་ཀྱིས་གོ་སྒྲིག་
བྱས་པའི་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་དེ་སང་ཉིན་ནས་ཉིན་གཉིས་རིང་ངྷ་སར་འཚོཊ་རྒྱུ་རེད།

དེ་རིང་ཕྱི་ཚེས་ ༡༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༡༡ སྟེང་ངྷ་ས་མེག་གྷན་བྷག་སུ་ (Bhagsu Hotel) གསོལ་མགྲོན་ཁང་གི་མདུན་ཐང་དུ། བོད་ཀྱི་མཛངས་མའི་འགྲན་བསྡུར་གོ་སྒྲིག་པ་སྐུ་ཞབས་བློ་བཟང་དབང་རྒྱལ་ལཊ་ཀྱིས། ཧི་མ་ཡ་ལའི་མཛངས་མ་འགྲན་བསྡུར་མགོ་འཛུཊ་ཀྱི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང་།

གསར་འགོད་ལྷན་ཚོཊ་ཐོག་མཛངས་མ་འགྲན་བསྡུར་གོ་སྒྲིག་པ་སྐུ་ཞབས་བློ་བཟང་དབང་རྒྱལ་ལཊ་ཀྱིས། ཐེངས་འདིའི་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་དེ་ཧི་མ་ལ་ཡའི་ཞི་བདེ་དང་ཁོར་ཡུག་སྲུང་སྐྱོབ་ཐོག་ཆེད་དུ་དམིཊ་པ་ཞིག་ཡིན་སྐོར་དང་། འཛམ་གླིང་སྟེང་གི་རི་བོ་མཐོ་ཤོས་མང་ཆེ་བ་ཧི་མ་ལ་ཡའི་རི་རྒྱུད་དུ་ཆཊ་ཡོད་ཅིང་། རི་རྒྱུད་དེར་ཆཊ་པའི་མི་རིཊ་ཁག་གི་རིག་གཞུང་དང་ཁོར་ཡུག་དེ་སའི་གོ་ལའི་ཐོག་ཧ་ཅང་གལ་ཆེན་ཆགས་ཡོད་ཚུལ། དེང་སྐབས་ཧི་མ་ལ་ཡའི་རི་རྒྱུད་ལ་ཁོར་ཡུག་ཐོག་དཀའ་ངལ་གསར་པ་ཞིག་འཕྲད་བཞིན་ཡོད་སྟབས། ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་གྱི་སྡིངས་ཆ་བརྒྱུད་དེ་ཁོར་ཡུག་སྲུང་སྐྱོབ་ཀྱི་གོ་རྟོགས་སྤེལ་རྒྱུ་ཡིན་སྐོར་བཅས་ངོ་སྤྲོད་གནང་སོང་།

ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་ཁྲོད་ཐོག་མ་ལ་དྭཊ་ནས་མོན་ཡུལ་བར་གྱི་བུ་མོ་ ༡༠ ཙམ་གྱིས་ཐོ་འགོད་བྱས་ཡོད་ཀྱང་། སྐབས་མཚམས་སུ་བསླེབས་སྐབས་བུ་མོ་ ༥ ཕྱིར་འཐེན་བྱས་ཏེ་མཐར་བུ་མོ་ ༥ ཙམ་ལས་འགྲན་ཞུཊ་གནང་མཁན་བྱུང་མི་འདུག་ལ། ད་ལོའི་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་ནང་ཞུཊ་མཁན་བུ་མོ་དག་ནི། སྐྱེས་ཡུལ་ཀང་རཱ་རྫོང་ཁོངས་ཡིན་པའི་བུ་མོ་རཱ་ཅི་ཎ་ངྷི་མེན་ (Rachna Dhinman) ལཊ་རང་ལོ་ ༡༩ ཡིན་ཞིང་ལས་གནས་གྱོན་གོས་འཁྲབ་སྟོན་པ་ཡིན་འདུག བུ་མོ་ཀུན་དགའ་ཚེ་བརྟན་བྷོ་ཊི་ཡཱ་ལཊ་ནི་འབྲས་ལྗོངས་ནས་ཡིན་ཞིང་། རང་ལོ་ ༡༩། ཅན་ངྷི་ངྷར་མཐོ་སློབ་ཀྱི་སློབ་ཕྲུག་ཡིན་འདུག བུ་མོ་འཕྲིན་ལས་དབྱངས་ཅན་ལཊ་ནི་སྦེལ་ཏི་ནས་ཡིན་ཞིང་། རང་ལོ་ ༢༢།  ཧི་མ་ཅལ་མཐོ་སློབ་ཀྱི་སློབ་ཕྲུག་ཡིན་འདུག བུ་མོ་རིན་ཆེན་སྒྲོལ་མ་བྷོ་ཊི་ཡཱ་ལཊ་ནི་འབྲས་ལྗོངས་ནས་ཡིན་ཞིང་། རང་ལོ་ ༢༣། ཅན་ངྷི་སྒར་མཐོ་སློབ་ཀྱི་སློབ་ཕྲུག་ཡིན་འདུག བུ་མོ་ཨེན་ཎེ་ནོར་བུ་ (Anne Norbu Bhutia) ལཊ་ནི་འབྲས་ལྗོངས་ནས་ཡིན་ཞིང་། རང་ལོ་༡༩ ། གྱོན་ཆོས་འཁྲབ་སྟོན་པ་ཞིག་ཡིན་འདུག

 

སང་ཉིན་ཕྱི་ཚེས་ ༡༢ ཉིན་གྱི་སྔ་དྲོར་ངྷ་ས་བོད་ཀྱི་ཟློས་གར་ཚོགས་ཁང་དུ་སྔོན་འགྲོའི་འགྲན་བསྡུར་གནང་རྒྱུ་ཡིན་པ་དང་། ཚེས་ ༡༣ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ པའི་སྟེང་དངོས་གཞིའི་འགྲན་བསྡུར་སྐབས། སྒྱུ་རྩལ་དང་ངོ་སྤྲོད། ཆས་གོས་འཁྲབ་སྟོན། བཅར་འདྲི་བཅས་བརྒྱུད་དེ་ཨང་དང་པོ་ཐོབ་མཁན་ལ་ཧི་མ་ལ་ཡའི་མཛངས་མའི་དངུལ་གྱི་དབུ་རྒྱན་དང་ཧིན་སྒོར་ཆིག་འབུམ་ ༡༠༠༠༠༠ གི་གསོལ་རས་གནང་རྒྱུ་དང་། ཨང་གཉིས་པར་བྱ་དགའ་ཧིན་སྒོར་ལྔ་ཁྲི་ ༥༠༠༠༠། ཨང་གསུམ་པར་བྱ་དགའ་ ༢༥༠༠༠ བཅས་གནང་རྒྱུ་ཡིན་འདུག

བློ་བཟང་དབང་རྒྱལ་ལགས་ཀྱིས་བརྗོད་པ་ལྟར་ན། ཧི་མ་ལ་ཡ་མཛངས་མའི་དབུ་རྒྱན་དེར་བོད་ཀྱི་མཛངས་མའི་དབུ་རྒྱན་ལས་གོང་ཚད་ཆེན་པོ་སྤྲད་དེ་བཟོ་འགོད་བྱས་ཡོད་ཅིང་། མཛངས་མའི་དབུ་རྒྱན་གྱི་ཇུས་འགོད་ཀྱང་ཧི་མ་ལ་ཡའི་མི་རིཊ་ཐུན་མོང་གི་ངོ་བོ་མཚོན་པར་བྱས་ཏེ་བཟོས་ཡོད་སྐོར་བརྗོད། ཉིན་དང་པོར་འཛིན་བྱང་རེར་ཧིན་སྒོར་ ༡༠༠ དང་། ཉིན་གཉིས་པའི་དངོས་གཞིའི་སྐབས་འཛིན་བྱང་རེར་ཧིན་སྒོར་ ༡༥༠ རེ་ཡིན་འདུག

གསར་འགོད་པས་བློ་བཟང་དབང་རྒྱལ་ལཊ་སུ་ཐེངས་འདིའི་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་ཁྲོད། བོད་པའི་བུ་མོ་ཞུགས་མེད་དོན་ཅི་ཡིན་སྐོར་དྲིས་པར་ཁོང་གིས། “ ལ་དྭགས་ནས་མོན་བར་ཧི་མ་ལ་ཡའི་རི་རྒྱུད་ཆཊ་ཀྱི་ཡོད་པ་རེད། ང་རང་གིས་ལས་འགུལ་འདི་ཐོག་མར་མགོ་འཛུཊ་སྐབས་ནས་སློབ་ཕྲུག་ཚོཊ་པ་ཁག་དང་ངོ་དེབ་སོཊ་བརྒྱུད་ལམ་འདྲ་མིན་ཐོག་འབྲེལ་བ་བྱས་པ་ཡིན། མཐའ་མ་བུ་མོ་ ༥ མ་གཏོཊ་ཡོང་ཐུབ་ཡོད་པ་མ་རེད། བོད་པའི་བུ་མོ་མི་འདུག་ཟེར་བ་དེ་ང་ཚོས་གོ་སྐབས་མ་སྤྲད་པ་དེ་འདྲ་མ་རེད། ང་རང་གིས་བོད་པའི་བུ་མོ་ཁག་ཅིག་ལ་ཐད་ཀར་འགྲན་བསྡུར་འདི་ལ་ཞུཊ་ཐུབ་ན་ཡག་པོ་རེད་ཞུས་པ་ཡིན། ཁོང་ཚོ་མ་ཞུཊ་ན་ངས་དབང་ཡོད་བཤད་ས་འགྲོ་གི་མ་རེད” ཅེས་བརྗོད་བྱུང་།

བློ་བཟང་དབང་རྒྱལ་ལགས་ཀྱིས་བརྗོད་ན། ད་ལོ་སྟེ་ ༢༠༡༣ ལོའི་བོད་ཀྱི་མཛངས་མའི་འགྲན་བསྡུར་དེ། འདི་ལོའི་ལོ་གསར་སྐབས་དང་བསྟུན་ཏེ་རྒྱ་གར་ལྷོ་ཕྱོགས་བོད་མི་གཞིས་སྒར་སྦེལ་ཀོབ་གཞིས་ཆཊ་སུ་འཚོཊ་འཆར་ཡོད་སྐོར་དང་། ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་སྐབས་རྗེས་མ་དག་ངྷ་ས་ཙམ་མིན་པར་རིམ་བཞིན་ཧི་མ་ལ་ཡའི་གྲོང་ཁྱེར་ཆེ་ཁག་ཏུ་འཚོགས་འཆར་ཡོད་སྐོར་སོགས་བརྗོད་བྱུང་།

རང་ལོ་ ༡༩ ཡིན་པ་ཀང་རཱའི་བུ་མོ་རཱ་ཅི་ཎ་ངྷི་མེན་ལགས།

རང་ལོ་ ༡༩ ཡིན་པ་འབྲས་ལྗོངས་ཀྱི་བུ་མོ་ཀུན་དགའ་ཚེ་བརྟན་བྷོ་ཊི་ཡཱ་ལགས།

རང་ལོ་ ༡༩ ཡིན་པ་འབྲས་ལྗོངས་ཀྱི་བུ་མོ་ཨེན་ཎེ་ནོར་བུ་ལགས།

རང་ལོ་ ༢༣ ཡིན་པ་འབྲས་ལྗོངས་ཀྱི་བུ་མོ་རིན་ཆེན་སྒྲོལ་མ་བྷོ་ཊི་ཡཱ་ལགས།

རང་ལོ་ ༢༢ ཡིན་པ་སྦེལ་ཏིའི་བུ་མོ་འཕྲིན་ལས་དབྱངས་ཅན་ལགས།

གསར་འགོད་པ། དཔལ་ལྡན།  

འབྲེལ་ཡོད་གསར་འགྱུར།

རྒྱ་ནག་དང་རྒྱལ་སྤྱིའི་ཆབ་སྲིད་འགྱུར་ལྡོག རེ་བ་དང་གདོང་ལེན་གླེང་བ། ༢༠༢༣།༠༦།༨-༡༠ དུས་བབ་ཀྱི་པར།
Mobile App

རྒྱ་ནག་གི་བཙན་གནོན་མྱོང་བཞིན་པའི་མི་རིགས་མི་འདྲ་བས་མ་འོངས་ནུས་པ་མཉམ་སྤུང་གི་གཞི་རྟེན་འཚོལ་གྱི་འདུག

༢༠༢༣/༠༦/༠༨
Advertisement for App

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་གཉིས་པའི་འབུམ་རམས་སློབ་མ་གསར་བསྡུའི་གསལ་བསྒྲགས།

༢༠༢༣/༠༦/༠༨
Sikyong Penpa Tsering and the members of the Tibetan Parliament’s Standing Committee with the diplomats of the US Embassy, Photo : TibetDotNet
Mobile App

བཀའ་སྤྱི་གཉིས་ཀྱིས་རྒྱལ་ས་ལྡི་ལིར་བོད་དོན་ཞུ་གཏུགས་ལས་འགུལ་སྤེལ།

༢༠༢༣/༠༦/༠༨
Mobile App

བོད་ཀྱི་འདས་དོན་གྱི་བསམ་ཚུལ་འགའ་གླེང་བར་བྱ།

༢༠༢༣/༠༦/༠༧
བྷི་ཧར་མངའ་སྡེའི་ཟམ་ཆེན་ཞིག་ལ་གློ་བུར་རྡིབ་སྐྱོན་བྱུང་།
Mobile App

བྷི་ཧར་གྱི་ཟམ་ཆེན་ཞིག་ལ་གློ་བུར་དུ་རྡིབ་སྐྱོན་བྱུང་།

༢༠༢༣/༠༦/༠༥
League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP
Mobile App

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

༢༠༢༣/༠༦/༠༥

མཆན། 12

  1. དར་ལྕེ་ཟད་པོ།། says:
    ལོ་ 11 སྔོན།

    ཞིབ་པར་ལྟོས་དང་་ལོ་བཅུ་དགུ་དང་ཉི་ཤུ་ཡས་མས་ཤིག་ཡིན་ས་རེད། རྒས་མོ་རྐྱང་རྐྱང་རེད་དཀོན་མཆོག དངུལ་གྱི་དོན་དུ་སླེབས་པ་ཐག་གིས་ཆོད།།

    Reply
  2. དར་ལྕེ་ཟད་པོ།། says:
    ལོ་ 11 སྔོན།

    དགོས་པའི་མཆོད་རྟེན་ནག་པོ་བཞག མི་དགོས་བྲག་ལ་སྐུ་དཀར་གསོལ་ཟེར་བའི་དཔེ་དེ་བདེན་ཨེ་འདུག དགོས་སའི་བོད་ཁྱིམ་སློབ་གྲྭའི་སློབ་ཕྲུག་རྣམས་ལ་དཀྲིག་མོག་རེ་ལས་ཟ་རྒྱུ་མེད་སར་ཞལ་འདེབས་འབུམ་རེ་ཚ་ཡོད་ན་དངོས་གནས་དགོས་ས་རེད། རྒྱ་གར་སྟོབས་ཆེན་རྒྱལ་ཁབ་འོག་ཏུ་འཚོ་བའི་མི་དེ་ཚོ་ལ་མི་དགོས་ས་ཞིག་རེད་ལ། མ་ཟད་རྩ་འཇགས་མས་ཀ་བ་ལ་ལྷན་པོ་གླན་པ་རང་རེད།

    Reply
  3. ཆུ་ཐིགས་སྔོན་མོ། says:
    ལོ་ 11 སྔོན།

    ཡག་པོ་རེད་་་་སོ་སོ་རང་ངོས་ནས་ནུས་པ་བཏོན་ནས་ལས་འགུལ་ཞིག་སྤེལ་གྱི་ཡོད་པར་ངོ་རྒོལ་བྱེད་དགོས་དོན་མི་འདུག་་་་་་བོད་མི་རིགས་ལ་གནོད་པའི་ལས་ཀ་འདྲ་བྱས་ན་ང་ཚོ་སུ་ཡིན་ཡང་ངོ་རྒོལ་བྱེད་དགོས་པ་རེད་་་་་དེ་མིན་ཁོ་རང་ལ་རྒྱབ་སྐྱོར་བྱེད་མ་ཐུབ་ཀྱང་ངོ་རྒོལ་བྱེད་དགོས་པ་མཐོང་གི་མི་འདུག་་་་་
    བྱ་བ་ལམ་འགྲོ་ཡོང་བའི་སྨོན་འདུན་ཡོད་་་་
    ངས་བུ་མོ་འདི་ཚོ་ལས་སྦེལ་ཏིའི་བུ་མོ་འཕྲིན་ལས་དབྱངས་ཅན་ལ་འོས་འཕེན་གི་ཡིན་་་་་་དེ་ལ་མ་རེག་ན་་་་དབུ་རྒྱན་དེ་བློ་བཟང་དབང་རྒྱལ་གྱི་མགོ་ལ་དཀོན་རོགས་གནང་་་་ཧཧ

    Reply
  4. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    རང་ལོ་ ༢༢ ཡིན་པ་སྦེལ་ཏིའི་བུ་མོ་འཕྲིན་ལས་དབྱངས་ཅན་ལགས། མཛེས་སེ་འདུག་གདའ། ཧཧཧོཧོ།

    Reply
  5. སྦྲ་དཔལ་ལྡན། says:
    ལོ་ 11 སྔོན།

    ངས་ནི་ཀང་རིའི་བུ་མོ་ལ་ཧི་མ་ལ་ཡའི་མཛེས་མའི་མཚན་བྱང་སྤྲད་པ་ཡིན།

    Reply
  6. གནས་ཚང་། says:
    ལོ་ 11 སྔོན།

    བློ་བཟང་དབང་རྒྱལ་ལ་བཀྲ་ཤིས་བདེ་ལེགས་ཡོད། ཚང་མ་ལོས་མཁྱེན་དགོས་པ་ནི་སྤྱི་དོན་དང་རང་དོན་མཉམ་འགྲུབ་ཡོང་གི་ཡོད་པ་རེད། སོ་སོར་ནུས་པ་ཡོད་ན་ཆོས་ཉིད་འདིར་རྒས་རྒྱུ་ཡོད་པ་མ་རེད། ཧི་མ་ལ་ཡའི་ཁོར་ཡུག་འདི་བོད་ཀྱི་སྲོག་རྩ་ལྟ་བུ་རེད་ལ། འདི་ལས་ལྷག་པའི་བོད་དོན་ཞིག་ཀྱང་ཡོད་པ་མ་རེད། ཉུང་མཐར་དོན་ཆེན་འདི་བོད་པ་ཞིག་གིས་སྒྲུབ་པ་ཡིན་པས། བོད་ཅེས་པ་འདི་ཁྱབ་བསྒྲགས་ལ་འགྲོ་བཞིན་ཡོད་པ་རེད།

    Reply
  7. ཁྲི་སྲོང་བཙན། says:
    ལོ་ 11 སྔོན།

    འབྲས་ལྗོངས་བུ་མོ་ཨེན་ནི་དེའི།།
    སྤྱན་ལ་བལྟས་ནས་ང་ཡི་མཇེ།།
    དོན་མེད་ཀེར་ནས་ཉིན་འགའི་རིང་།།
    ནད་དགོངས་ཞུས་ནས་བསྡོད་དགོས་བྱུང་།། །།

    Reply
  8. འཇམ་བཟང་། says:
    ལོ་ 11 སྔོན།

    ལྟས་ངན་བློ་བཟང་དབང་རྒྱལ་ཟེར་བ་དེ་མི་བྱེད་དགུ་བྱེད་དེའི་བྱེད་ཀྱི་འདུག།
    དེ་ལ་དངོས་གནས་བཟོ་བཅོས་ཏོག་ཙམ་རྒྱབ་དགོས་ས་རེད། སྡོད་ཐུབ་མཁན་ཞིག་ཁྱོན་ནས་མ་རེད། ཉིན་གཅིག་ལྟོས་ཨ། ཨ་མའི་བུ་ཞིག་གིས། ཁོ་ལ།
    དེ་དུས་འགྱོད་པ་སྐྱེས་ཡོང་།

    Reply
  9. ཀརྨ་རྡོ་རྗེ། says:
    ལོ་ 11 སྔོན།

    བོད་མོ་མ་འཛུལ་ན་བློ་བཟང་དབང་རྒྱལ་ལགས་ལ་གང་བྱེད་ཐུབ་བམ། འོནད་ཀྱང་ན་ནིང་བོད་མོ་རྐྱང་རྐྱང་ཡིན་པ་ལ་ད་ལོ་བོད་མོ་གཅིག་ཀྱང་མེད་དགོས་དོན་དེ་ཅི་ཡིན་ནམ།
    སྔར་གྱི་དུས་སུ་བོད་མོ་གཅིག་དང་བློ་དབང་བར་འཁྲུགས་རྩོད་བྱུང་བ་དང་། དེའི་སྐབས་ཡིག་ཆ་རྐུ་ཤོར་གྱི་ལན་འདེབས་གཅིག་ཀྱང་དྲྭ་བརྙན་གཅིག་གི་ནང་ལ་བསྟན་སོང་དྲན་ལགས།

    Reply
  10. ཤར་ཕྱོགས་ཁུག་རྟ། says:
    ལོ་ 11 སྔོན།

    གྲོགས་དབང་རྒྱལ་གྱི་གོམ་གང་མདུན་སྤོས་ཀྱི་ལས་གཞི་འདི་ལ་རྒྱབ་སྐྱོར་ཞུ། དེ་བཞིན་དྲ་འབུ་ཁ་ཤས་མེས་འཚིག་བཞིན་པ་འདྲ། བློ་བཟང་དབང་རྒྱལ་གྱིས་སྒེར་དོན་སྒྲུབ་ན་གཞུང་དོན་སྒྲུབ་ན་དེ་ཁོ་རང་གི་རང་དབང་རེད། སྤྱི་ཚོགས་ནང་འབུར་ཐོན་ཆགས་ཡོང་དུས་མིག་ཚ་བ་འདི་བོད་མི་ཚོ་དམིགས་བསལ་ཅིག་ཡིན་ས་རེད།

    མཛངས་མ་ཡིན་ན་མཛེས་མ་མིན་ན་འགྲིག་གི་ཡོད་པ་རེད། ཡིན་ནའང། ཁ་སྣ་ཡག་པོ་ཞིག་འཛོམས་དགོས་པ་རེད། དེ་ནི་ཚང་མ་འཛོམས་འདུག ད་འགྲིག་ཤག

    Reply
  11. ཚེ་གྲུབ། says:
    ལོ་ 11 སྔོན།

    ཆོབ་འདྲ་བོ་ཞིག་ཏུ་མཐོང་སོང་། བློ་བཟང་དབང་རྒྱལ་གྱི་བྱེད་སྟངས་འདི་ཆོབ་རང་རེད། བློ་བཟང་དབང་རྒྱལ་འདི་མི་ཁྱད་མཚར་ཞིོག་རེད། ག་ཚོད་བྱས་ནའང་རང་འགར་འདུག་ཚོད་མེད་པའི་མི་ཞིག་རེད། ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་འདི་བོད་པ་དང་འབྲེལ་བ་མེད་པ་ཆགས་པ་རེད། དེ་ཁ་གསལ་བོ་བྱས་ཏེ་ཞུ་འདོད་བྱུང་སོང་། གཉིས་པ་བློ་བཟང་དབང་རྒྱལ་གྱི་བྱ་སྤྱོད་ཀྱང་ཁ་ཇེ་གསལ་དང་མངོན་གསལ་ཆགས་ཡོང་གི་འདུག ད་ངས་མང་པོ་མི་བཤད། བློ་བཟང་དབང་རྒྱལ་གྱིས་བོད་དོན་སྒྲུབ་ཀྱི་ཡོད་པ་རེད་དམ། རང་དོན་སྒྲུབ་ཀྱི་ཡོད་པ་རེད། དེ་དྲི་བ་གནད་འགག་ཅན་ཞིག་ཡིན།

    Reply
  12. བསོད་དགའ། says:
    ལོ་ 11 སྔོན།

    བློ་བཟང་དབང་རྒྱལ་ཟེར་བའི་བཀྲ་མི་ཤིས་པའི་མི་འདི་བོད་པ་མིན་རྐྱེན་ཧི་མ་ལ་ཡའི་མིང་འཁྱེར་ནས་བོད་ཀྱི་སྤྱི་ཚོགས་ཆཱུང་ཆུང་ནང་འདི་འདྲའི་ཞབས་ཆུང་ལས་འགུལ་སྤེལ་བར་ངོ་རྒོལ་ཡོད། ལྷག་པར་བོད་མོ་ནག་མི་ལ་སྡུག་བསྔལ་འདི་འདྲའི་ལྷུང་བསྡད་སྐབས་སྤེ་ཀོབ་ནས་བོད་ཀྱི་མཛངས་མ་འགྲན་བསྡུར་གྱི་བྱ་འགུལ་སྤེལ་དུས་ངོ་རྒོལ་ཆེན་པོ་བྱེད་ངེས་ཡིན།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist