མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་པོའི་རྩྭ་ས་བཙན་འཕྲོག

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ཆར་ལྷོ་སོག་པོའི་ཨ་ལ་ཧྲན་མཱེན་ཨུ་ཆི་ན་ཆི་ས་ཁུལ་དུ། སོག་རིགས་འབྲོག་པ་ཚོས་ཕ་ས་ཕྱིར་སྤྲོད་དགོས་པའི་ངོ་རྒོལ་འབོད་སྐུལ་བྱས་འདུག

ཟླ་འདིའི་ཕྱི་ཚེས་ ༢ ཉིན། རྒྱ་གཞུང་གིས་ནང་སོག་ཏུ་འབོད་པའི་ལྷོ་སོག་པོའི་ཨ་ལ་ཧྲན་མཱེན་ཨུ་ཆི་ན་ཆི་ས་ཁུལ་གྱི་འབྲོག་པ་རྣམས་ཀྱིས།  ༼མཛེས་པའི་ཕ་ས་ཕྱིར་སྤྲོད་དགོས༽ཞེས་པའི་འཕྲེད་དར་འཕྱར་ཏེ། ས་གནས་རྒྱ་གཞུང་གིས་འབྲོག་པ་མང་ཚོགས་ཀྱི་ཕྱུགས་འཚོ་སྐྱོང་བྱེད་སའི་རྩྭ་ས་རྣམས། ས་གནས་སོག་རིགས་འབྲོག་པའི་ལག་ནས་བཙན་འཕྲོག་བྱས་ཏེ། རྒྱ་ནག་ནང་ལོག་ནས་བསླེབས་པའི་རྒྱ་རིགས་ཁེ་གཉེར་ཚོང་ལས་བ་རྣམས་ལ་ཡུལ་སྐོར་ལྗོངས་རྒྱུའི་གླིང་གའི་ངོ་བོའི་ཐོག་ནས་ཕར་བོགས་མར་གཏོང་བཞིན་པར་ངོ་རྒོལ་བྱས་ཡོད་འདུག

ཕྱི་ཚེས་ ༨ ཉིན་ཨ་རིའི་ནེའུ་ཡུག་ཏུ་རྟེན་གཞི་བྱས་པའི་ལྷོ་སོག་པའི་འགྲོ་བ་མིའི་ཐོབ་ཐང་གནས་འཕྲིན་ལྟེ་གནས་ཀྱིས་གསར་འགོད་གསལ་བསྒྲགས་སྤེལ་བའི་ནང་། རྒྱ་གཞུང་ལ་ངོ་རྒོལ་བྱེད་མཁན་ལྷོ་སོག་པོའི་འབྲོག་པ་རྣམས། ས་གནས་གྲོང་རྡལ་སྲིད་གཞུང་གི་ཉེ་འདབས་ཟམ་མདོ་རུ་བསླེབས་མ་ཐག རྒྱ་གཞུང་གི་དཔོན་རིགས་དང་བདེ་སྲུང་མི་སྣ་ཡོང་སྟེ་བཀག་འགོག་བྱས་ཏེ་འཕྲེད་དར་བཙན་འཕྲོག་བྱས་ཡོད་པ་མ་ཟད། སོག་པོ་འབྲོག་པ་མང་ཚོགས་ཚོར་རྡུང་རྡེག་དྲག་པོ་བཏང་ཡོད་འདུག 

ད་ལྟའི་ཆར་ས་ཆ་དེའི་ཁྲིམས་མཐུན་བདག་དབང་ཡོད་པའི་སོག་རིགས་འབྲོག་པ་རྣམས། སོ་སོའི་རྩྭ་རའི་ནང་ཡར་མར་འགྲོ་བསྐྱོད་ཀྱི་སྐབས་སུའང་མི་སེར་ལག་ཁྱེར་ལ་ཞིབ་བཤེར་བརྒྱུད་འགྲོ་དགོས་ཀྱི་ཡོད་འདུག སོག་པོ་འབྲོག་པ་ཞིག་གིས་གསར་ལམ་ཁག་ཏུ། ས་གནས་སྲིད་གཞུང་གི་མགོ་གཙོ་ཁྲིན་ཐའེ་ཆོན་གཙོས་རྒྱའི་དཔོན་རིགས་དག་གིས། ས་ཆ་འདིར་མི་རབས་མང་པོ་གནས་སྡོད་བྱས་པའི་སོག་རིགས་འབྲོག་པ་མང་ཚོགས་ལ་གཅར་རྡུང་དྲག་པོ་བྱས་པར་བརྟེན། སོག་པོ་མི་རིགས་ལ་འཁོན་སེམས་དྲག་པ་བསླངས་ཡོད་པ་བརྗོད་འདུག 

གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། སོག་རིགས་འབྲོག་པ་རྣམས་ཀྱི་རྒྱ་གཞུང་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་དང་སྟབས་བསྟུན་ནས། རྒྱ་གཞུང་གིས་ནང་སོག་རང་སྐྱོང་ལྗོངས་སུ་འབོད་པའི་མངའ་སྡེ་སྲིད་གཞུང་གི་སྒོ་ཆེན་མདུན་དུ་མི་མང་འདུ་འཛོམས་ཀྱིས་སར་ཙོག་སྟེ་ཞི་བའི་ངོ་རྒོལ་བྱ་རྒྱུ་ཡིན་པ་མ་ཟད། པེ་ཅིན་གཞུང་དང་མཉམ་འབྲེལ་རྒྱལ་ཚོགས་ལའང་ཞུ་གཏུགས་ཡི་གེ་འབུལ་འཆར་ཡོད་འདུག 

གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

ttt
Mobile App

བདེ་སྙན་ལ་བསྐྱར་ཞིབ་དགོས་པའི་ཞུ་སྙན་ཕུལ། 

སྐར་མ ༦ སྔོན་ལ།
མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་མཚོ་ནུབ་ཁུལ་དུ་ས་ཡོམ་ཚད་རིམ་ ༦།༣ བརྒྱབ།

སྐར་མ ༢༣ སྔོན་ལ།
Advertisement for App

༄༅། །ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ལྷ་བྲིས་དང་རྟེན་བཞེངས་ཤིང་བརྐོས་སློབ་འཇུག་གསལ་བསྒྲགས།

སྐར་མ ༤༨ སྔོན་ལ།
Mobile App

བོད་ནང་དུ་ཁུང་ཙིའི་སློབ་གསོ་ལག་བསྟར་རྒྱ་ཆེར་བྱེད་བཞིན་འདུག

༢༠༢༦/༠༦/༡༥
TTT
Mobile App

བོད་མི་རྣམས་ལ་མཐུན་རྐྱེན་སྦྱོར་སྤྲོད་གང་ཐུབ་གནང་རྒྱུ་ཡིན་པ་བསྐྱར་ནན་གསུངས།

༢༠༢༦/༠༦/༡༥
རྩོམ་པ་པོ་འཛུམ་ཤུལ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་བརྩམས་པའི་དཔེ་དེབ་དབུ་འབྱེད། པར་བོད་ཀྱི་དུས་བབ་གསར་ཁང་གི་བསྒྲིགས། ༢༠༢༦།༦།༡༢
Mobile App

ང་ཚོས་རྒྱ་ནག་གི་དྲག་གནོན་ལ་འཚེ་མེད་ཞི་བའི་ཐོག་ནས་ཁ་གཏད་བཅག་པ་ནི་རྗེས་དྲན་བྱ་འོས་པ་ཞིག་ཡིན།

༢༠༢༦/༠༦/༡༢

མཆན། 5

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སོག་ཡུལ་ནང་གི་ལེ་ནིན་འདྲ་གཟུགས་ཐ་མ་དེ་རྩ་གཏོར་བཏང་ཟིན་པ་རེད། མ་འོའི་རོ་ཁོག་དེ་ཡང་་་་་་་ཧཧཧཧཧཧཧཧཧ

    Reply
  2. ཁྱམས་འཇུགས་ says:
    ལོ་ 14 སྔོན།

    སོག་རིགས་ཡར་ལ་ལོང་ཤོག་ཁྱེད་ཚོ་མེས་པོ་གནམ་ཤེས་ཡར་ལ་ཞེངས

    Reply
  3. རྩྭ་ཐང་གི་གླག་རྒོད། says:
    ལོ་ 14 སྔོན།

    ནང་སོག་མི་རིགས་ཚོ་མཚོ་བ་ལ་དཀའ་ངལ་འཕྲལ་བཞིན་པ་ནི་རྒྱ་ནག་གི་ཤིས་བཞིན་
    དུ་བཙན་འཕྲོག་བྱེད་གི་ཡོད་ས་ཁུལ་དེ་རྒྱ་མི་འབོར་ཆེན་སླེབས་པ་མང་ཆེ་བ་དམག་མི་ཡིན

    Reply
  4. གནས་ཚང་། says:
    ལོ་ 14 སྔོན།

    སོག་རིགས་མི་མང་ལ་རྒྱབ་བསྐྱོར་ཡོད།

    Reply
  5. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ནང་སོག་ངར་ཤོག རང་གི་ཐོབ་ཐང་རེད།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese