མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བདེ་སྐྱིད་ངོ་མ་སེམས་དང་ཚོར་བ་གཉིས་ལ་བརྟེན་ནས་ཡོང་གི་ཡོད།

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

འདས་པའི་བདུན་ཕྲག་གཅིག་རིང་༸གོང་ས་མཆོག་གིས་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་དང་གྲོང་ཁྱེར་ཝི་ལི་ཡམ་བྷག་བཅས་སུ། མང་ཚོཊ་ལ་བྱམས་བརྩེ་དང་སེམས་ཀྱི་ཞི་བདེ། ཆོས་ལུཊ་ཀྱི་རྒྱ་ལས་བརྒལ་བའི་བཟང་སྤྱོད་ཐོག་བཀའ་སློབ་བསྩལ་འདུག

ཟླ་འདིའི་ཕྱི་ཚེས་ ༨ ཉིན་ནས་དུས་ཡུན་བདུན་ཕྲག་གཉིས་ཙམ་རིང་། ༸གོང་ས་མཆོག་གིས་ཨ་རིའི་མངའ་སྡེ་ཁག་དྲུག་ནང་ཆོས་ཕྱོཊ་ཀྱི་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཕྱི་ཚེས་ ༨ ཉིན་༸གོང་ས་མཆོག་ནེའུ་ཡོག་སཱེ་རཱི་ཁུ་སི་ (Syracuse University) གཙུག་ལག་སློབ་གྲྭས་གོ་སྒྲིག་ཞུས་པའི་༼ཞི་བདེ་གླེང་སྟེཊ་༽འདུ་འཛོམས་ཐོག་ཆིབས་བསྒྱུར་བསྐྱངས་ཡོད་འདུག་ལ། འདུ་འཛོམས་དེར་ཨ་རིའི་དབུས་གསང་བའི་ལས་ཁུངས་ཀྱི་བློན་ཆེན་ཟུར་པ་(R.James Woolsey) མཆོག་དང་། མཉམ་འབྲེལ་རྒྱལ་ཚོཊ་ཀྱི་སྐུ་ཚབ་ཟུར་པ་ (Andre Young )། ཨི་རན་ནོ་བེལ་ཞི་བདེའི་གཟེངས་རྟཊ་བཞེས་མཁན་ཨེ་བྷ་ཌེ་ (Shirin Ebadi)། ཨི་ཇིབ་མཁས་དབང་མཱ་ཧཱ་མེ་ཌི་(Mohamed Elbaradei) བཅས་མཉམ་ཞུཊ་གནང་ཡོད་འདུག

འདུ་འཛོམས་དེའི་ཐོག་མར་༸གོང་ས་མཆོག་གིས་ས་གནས་མི་མང་ ༢༠༠༠ བརྒལ་བར། འཛམ་གླིང་ཞི་བདེ་ནི་སྨོན་ལམ་བརྒྱབ་པ་ཙམ་དང་ཁ་ནས་བཤད་པ་ཙམ་གྱིས་ཡོང་ཐབས་མེད་པར། དོན་དམ་གྱི་ཞི་བདེ་ནི་དངོས་ཡོད་གནས་ཚུལ་ཤེས་རྟོཊ་བྱུང་བའི་ཐོག་དངོས་སུ་ལག་ལེན་དུ་བསྟར་དགོས་རྒྱུ་དང་། དུས་རབས་ ༢༡ པ་ཞི་བདེའི་དུས་རབས་ཤིག་ཡོང་མིན་གྱི་འགན་གཙོ་བོ་གཞོན་སྐྱེས་ཚོར་ཡོད་ཚུལ། དུས་རབས་ཉི་ཤུའི་ནང་རྒྱལ་ཁབ་ཕན་ཚུན་བར་དགྲ་འཛིན་གྱི་འདུ་ཤེས་བཟུང་སྟེ་དམག་འཁྲུག་རྒྱག་སྐབས། མང་ཚོཊ་ཀྱིས་སོ་སོའི་རྒྱལ་ཁབ་ཀྱི་དམག་ལ་བསྟོད་གླུ་ལེན་པ་དང་། དམག་འཁྲུག་ལ་མཉམ་ཞུཊ་བྱས་པ་ལས་དམག་འཁྲུག་དེ་ཅིའི་ཕྱིར་རྒྱག་དགོས་པའི་གནད་དོན་ཐོག་དྲི་བ་བསླེབས་མེད་ཀྱང་། ཝེ་ཊི་ནམ་གྱི་དམག་འཁྲུག་བྱུང་རྗེས་གཞི་ནས་མང་ཚོཊ་ཁྲོད་དམག་འཁྲུག་གི་བྱུང་རྐྱེན་ཐོག་བསམ་བློ་གཏོང་རྒྱུའི་འགྱུར་བ་ཕྱིན་ཡོད་ལུཊ་དང་། དེ་བཞིན། དུས་རབས་ཉི་ཤུའི་མགོ་སྟོད་དུ་འཛམ་གླིང་མི་མང་ལ་ཁོར་ཡུག་ཐོག་དོ་སྣང་དེ་ཙམ་མེད་ཀྱང་། དུས་རབས་ཉེར་གཅིག་པའི་མགོ་ནས་རྒྱལ་ཁབ་ཁག་གི་མགོ་ཁྲིད་དང་མང་ཚོཊ་གཉིས་ཀར་ཁོར་ཡུག་སྲུང་སྐྱོབ་ཐོག་དོ་སྣང་ཆེན་པོ་བསླེབས་ཏེ་ལས་འགུལ་རིམ་པར་སྤེལ་ཡོད་སྐོར། མི་ལོ་ ༢༠༠ གོང་ནས་ཚན་རིག་དང་འཕྲུལ་ཆས་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད་འདུག་ལ། ལོ་ངོ་དེ་དག་རིང་མི་ཚང་མས་ཕྱིའི་དངོས་པོའི་ཐོག་ནས་བདེ་སྐྱིད་རག་ཐབས་བྱས་ཀྱང་། ད་ཆར་ཚན་རིག་པས་ཕྱིའི་དངོས་པོ་ཡར་རྒྱས་ཁོ་ནས་མི་ཚེ་སྐྱིད་པོ་ཡོང་ཐུབ་ཀྱི་མེད་པ་ར་སྤྲོད་བྱུང་ཅིང་། བདེ་སྐྱིད་ཀྱི་གཞི་རྩ་སེམས་དང་ཚོར་བ་གཉིས་ལ་བརྟེན་ནས་ཡོང་བཞིན་པ་ཤེས་རྟོཊ་འབྱུང་བཞིན་ཡོད་ཚུལ་སོཊ་གསུངས་ཡོད་འདུག

སྐབས་དེར་༸གོང་ས་མཆོག་གིས་གསུངས་དོན། “མི་ཞིག་གི་བསམ་བློ་ཞི་བདེ་བག་ཕེབས་ཡོད་ན། ཕྱིའི་གཟུཊ་པོར་དཀའ་ངལ་ཅི་ཙམ་འཕྲད་ཀྱང་དཀའ་ངལ་དེ་ཙམ་ཡོང་གི་མེད། ཀླད་པའི་ཐོག་བཤད་ན། དཀའ་ངལ་ཆུང་དུ་འགྲོ་རྒྱུ་དེ་འདྲ་གང་ཡང་མེད། དེང་སྐབས་ཕྱིའི་གཟུཊ་པོ་དང་ཀླད་པའི་ཚོར་བ་གཉིས་ཀྱིས་མིའི་བདེ་སྡུག་གི་དཀའ་ངལ་ཡོངས་རྫོཊ་སེལ་ཐུབ་ཀྱི་མེད་སྟབས། ནང་སེམས་བསྒྱུར་བཅོས་གཏོང་དགོས་པ་ར་འཕྲོད་བྱུང་སྟེ། དུས་དང་མཐུན་པའི་འགྱུར་བ་རང་བཞིན་གྱིས་འགྲོ་གི་ཡོད། དངོས་པོ་ཡར་རྒྱས་ཕྱིན་པ་ཙམ་གྱིས་སེམས་ལ་ཞི་བདེ་མི་ཡོང་བ་མང་ཚོཊ་ལ་ཤེས་ཡོན་ཐོག་གསལ་བཤད་བྱ་དགོས། དངོས་པོ་ཡར་རྒྱས་ཕྱིན་པ་ཁོ་ནས་ང་ཚོའི་དཀའ་ངལ་སེལ་ཐུབ་ཀྱི་མེད་ལ། འགྲེལ་བཤད་དེ་དག་ལྷ་ཡུལ་དང་ཀླུ་ཡུལ་སོཊ་ལ་འབྲེལ་བ་མེད་པའི་ཐོག་གསལ་བཤད་བྱ་དགོས། ཁྲིམས་དང་བཀའ་བཏང་བ་ལྟ་བུ་མིན་པར། མང་ཚོགས་ལ་ཤེས་ཡོན་གྱི་ལམ་ལུཊ་ཐོག་སེམས་ཀྱི་ཞི་བདེ་གལ་ཆེན་ཡིན་པ་འགྲེལ་བཤད་རྒྱག་དགོས། ”ཞེས་གསུངས་འདུག

ཕྱི་ཚེས་ ༩ ཉིན་༸གོང་ས་མཆོག་གིས་༼འཛམ་གླིང་ནང་ཆིག་སྒྲིལ་ཐོག་རྩོད་རྙོག་འདུམ་སྒྲིག་བྱེད་ཕྱོཊ་༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་ཅིང་། ཉིན་རྒྱབ་སཱེ་རཱི་ཁུ་སི་གཙུག་ལག་སློབ་གྲྭའི་རྩེད་ཐང་དུ་ཚོཊ་པའི་(COMMON GROUND FOR PEACE) རོལ་དབྱངས་འདུ་འཛོམས་ཐོག་ཆིབས་བསྒྱུར་བསྐྱངས་ཏེ། ཁུལ་དེའི་མི་མང་ ༡༥༠༠ ལྷག་ལ་གོ་གནས་ཀྱི་ཆེ་ཆུང་ལ་མ་ལྟོས་པར་མི་སུ་ཡིན་རུང་། སྤྱི་ཚོཊ་ལ་མ་བརྟེན་པར་བདེ་སྐྱིད་ནམ་ཡང་འཐོབ་ཐབས་མེད་པ་དང་། དོན་ལྡན་གྱི་མི་ཚེ་ཞིག་ཡོང་བར་གཞན་ལ་བསླུ་བྲིད་དང་བཤུ་གཤོག་གཏོང་མི་རུང་ཞིང་། རང་གཅེས་འཛིན་བྱས་ཀྱང་བྱེད་སྟངས་མི་གཞན་ལ་གནོད་པ་མ་བསྐྱལ་བར་རང་གཞན་གཉིས་ཀར་ཕན་ཐོཊ་ཡོང་རྒྱུ། སོ་སོའི་ཁེ་ཕན་སྲུང་སྐྱོབ་དང་མཉམ་དུ་གཞན་གྱི་ཁེ་ཕན་ལའང་སྲུང་སྐྱོབ་བྱ་རྒྱུ་དང་། དེང་དུས་ཤེས་ཡོན་སྲིད་བྱུས་ནང་བཟང་སྤྱོད་ཀྱིས་འདང་གི་མེད་པ་ངོས་འཛིན་གྱིས། མ་འོངས་པའི་མི་རབས་ཚོར་ཆོས་ལུཊ་ཀྱི་རྒྱ་ལས་བརྒལ་བའི་བཟང་སྤྱོད་སྤེལ་ན་ཕན་ཐོཊ་ཆེན་པོ་ཡོད་ཚུལ་བཅས་གསུངས་འདུག

ཉིན་དེར་སཱེ་རཱི་ཁུ་སི་གཙུག་ལག་སློབ་གྲྭར་གསར་འགོད་ལྷན་ཚོཊ་ཤིག་གི་སྐབས། ༸གོང་ས་མཆོག་གིས་ད་ཆར་ཁོང་བོད་ཀྱི་ཆབ་སྲིད་མགོ་ཁྲིད་ལས་བགྲེས་ཡོལ་གནང་ཡོད་སྟབས། ཆོས་ཕྱོཊ་ཀྱི་དབུ་ཁྲིད་རྐྱང་པ་ཞིག་ཡིན་ཚུལ་ངོ་སྤྲོད་དང་འབྲེལ། དེང་སྐབས་ཁ་ཤས་ཀྱིས་རང་ཉིད་ནང་པ་ཡིན་ཚུལ་བརྗོད་ཀྱི་ཡོད་རུང་། དོན་དམ་ཐོག་ཆོས་ཀྱི་སྙིང་པོ་མ་ཤེས་པར་ཆོ་ག་ཕྱག་ལེན་ཙམ་ལ་མགོ་འཁོར་བཞིན་ཡོད་སྟབས། ཁོང་ནང་པའི་ཆོས་བྱེད་མཁན་ཞིག་ཡིན་པའི་ཆ་ནས། དུས་རྒྱུན་བོད་དང་རྒྱ། ཐེ་ལན་ཌི། ཉི་ཧོང་། འབར་མ། སིང་ངྷ་ལཱ་བཅས་ཀྱི་ནང་པ་ཚོ་དུས་རབས་ཉེར་གཅིག་པའི་ནང་པ་བྱ་དགོས་པའི་སྐུལ་མ་གནང་གི་ཡོད་སྐོར་གསུངས་ཡོད་ཅིང་། སྐབས་དེར་༸གོང་ས་མཆོག་གིས་གསར་འགོད་པའི་མེར་བསྲེཊ་སྐོར་གྱི་དྲི་བར་ལན་འདེབས་གནང་སྟེ། “གནད་དོན་དེ་ཆབ་སྲིད་ཀྱི་ཚོར་བ་རྣོ་བའི་གནད་དོན་ཞིག་རེད། ངོས་ཀྱིས་ཆབ་སྲིད་འགན་དབང་ཡོངས་རྫོཊ་མི་དམངས་ཀྱི་འོས་འདེམས་བྱས་པའི་མགོ་ཁྲིད་ལ་རྩིས་སྤྲད་ཡོད་སྟབས། གནད་དོན་དེའི་ཐོག་ང་ཚོའི་ཆབ་སྲིད་མགོ་ཁྲིད་ཀྱིས་ལངས་ཕྱོཊ་གསལ་བཤད་གནང་གི་རེད། ངོས་ཀྱིས་ཐོག་མ་ནས་སེམས་སྐྱོ་དགོས་པའི་གནད་དོན་དེ་རྒྱ་གཞུང་གི་ནོར་འཁྲུལ་གྱི་སྲིད་བྱུས་ལས་བྱུང་བ་རེད་ཅེས་བཤད་ཡོད། ད་ཆར་ཧུའུ་ཡོ་པང་གིས་རྒྱ་གཞུང་གིས་བོད་ཐོག་འཛིན་པའི་ནོར་འཁྲུལ་སྲིད་བྱུས་ཟེར་བ་དེའི་འབྱུང་རྐྱེན་ཐོག་ཞིབ་འཇུག་དགོས་པ་མ་ཟད། ཏེང་ཞའོ་ཕིང་གིས་བརྗོད་པ་ལྟར་དངོས་ཐོག་བདེན་འཚོལ་ཐུབ་པ་ཞིག་བྱ་དགོས། ”ཞེས་གསུངས་འདུག

ཕྱི་ཚེས་ ༡༠ ཉིན་༸གོང་ས་མཆོག་གིས་ཨ་རིའི་གྲོང་ཁྱེར་ཝི་ལི་ཡམ་བྷག་ (Williamsburg) ཏུ། ཝི་ལི་ཡམ་དང་མེ་རི་མཐོ་སློབ་ (College of William & Mary) སློབ་མ་༨༠༠༠ བརྒལ་བར་བྱམས་བརྩེའི་སྐོར་བཀའ་སློབ་བསྩལ་ཏེ། འགྲོ་བ་མིར་འཕྲད་བཞིན་པའི་དཀའ་ངལ་སེལ་རྒྱུར་ཐབས་ལམ་རྙིང་པ་བེད་སྤྱོད་བཏང་ན་ནོར་འཁྲུལ་ཡིན་ཚུལ་དང་། སྨན་པ་ཞིག་ལ་ཆ མཚོན་ན། ན་ཚའི་གནས་སྟངས་ལ་བལྟས་ཏེ་སྨན་བཅོས་བྱ་དགོས་རྒྱུ་ལས་ནད་པ་དེ་མི་རིཊ་དང་ཆོས་ལུཊ། རིཊ་རུས། ཤེས་ཚད་ཅི་ཡིན་གྱི་དབྱེ་བ་འབྱེད་ཀྱི་མེད་སྐོར་དང་། ང་ཚོའི་གནད་དོན་ཁག་གི་ཐོག་བྱེད་ཐབས་དེའི་རིཊ་བེད་སྤྱོད་གཏོང་རྒྱུ་གལ་ཆེན་ཡིན་ཚུལ། དུད་འགྲོ་ཞིག་ལ་ཆ་མཚོན་ནའང་རང་གི་ཕྲུ་གུར་བརྩེ་བ་དང་སེམས་ཚོར་ཆེན་པོ་ཡོད་པ་ལྟར། འགྲོ་བ་མིས་ཀྱང་སོ་སོའི་རྣམ་དཔྱོད་བེད་སྤྱོད་བཏང་ན། རང་གི་གཉེན་ཉེ་ཙམ་དུ་མ་ཟད་དགྲ་བོ་ཚུད་པའི་འགྲོ་བ་སེམས་ཅན་ལ་ཉེ་རིང་མེད་པའི་བྱམས་བརྩེ་སྤྲོད་ཐུབ་ཀྱི་ཡོད་སྐོར་གསུངས་ཡོད་འདུག

གྲོང་ཁྱེར་ཝི་ལི་ཡམ་བྷག་གི་མཛད་འཆར་ཁག་གྲུབ་སྟེ་ཕྱི་ཚེས་ ༡༡ ཉིན་ནས་༸གོང་ས་མཆོག་གིས་མུ་མཐུད་ཨ་རིའི་ས་གནས་ཁག་ཏུ་མང་ཚོཊ་ལ་ཆོས་འབྲེལ་དང་བཀའ་སློབ་སྩོལ་བཞིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་སྤེལ་ཚོགས་ཆེན་གྱི་ཚོགས་ཞུགས་པ། ༢༠༢༦།༥།༢༠ ནོར་ཝེ་རླུང་འཕྲིན་ཁང་གི་པར།
Mobile App

༧གོང་ས་མཆོག་ནས་བོད་བརྒྱུད་ནང་བསྟན་ཁྲོད་བུད་མེད་ཀྱི་ནུས་སྟོབས་གོང་དུ་སྤེལ་བར་བླ་ན་མེད་པའི་གོ་སྐབས་བསྐྲུན་གནང་ཡོད།

ཆུ་ཚོད་ ༡༢ སྔོན་ལ།
1 Chinese President Xi Jinping and Democratic People's Republic of Korea (DPRK) leader Kim Jong Un shake hands at the Great Hall of the People in Beijing, China September 4, 2025. China Daily via REUTERS
Mobile App

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིན་བྱང་ཀོ་རི་ཡར་འགྲོ་འཆར་ཡོད་འདུག

ཆུ་ཚོད་ ༡༢ སྔོན་ལ།
TTTT
Mobile App

སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷ་ལགས་སུ་ཁྲིག་རྩེ་གཟེངས་རྟགས་ཕུལ།

༢༠༢༦/༠༥/༢༠
Front Slider

Public Reactions to the Election Results | Real Opinions & Views

༢༠༢༦/༠༥/༢༠
མདོ་ཁམས་ཆུ་བཞི་སྒང་དྲུག་གཞིས་བྱེས་གཉིས་དང་ཧི་མ་ལ་ཡའི་ནང་པའི་ཆོས་ཚོགས་ཐུན་མོང་ནས་༸གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བཞིན་པ། ༢༠༢༦།༠༥།༢༠ དུས་བབ་གསར་ཁང་གི་པར།
༸གོང་ས་མཆོག གསར་འགྱུར།

ཚོགས་སྡེ་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས་སོང་།

༢༠༢༦/༠༥/༢༠
Photo from the Facebook of Tsering Luding. Collected by Tibet Times.
Mobile App

བོད་མི་འཇིགས་བྲལ་ཀླུ་ལྡིང་ལགས་ཁེ་ན་ཌའི་དམག་དཔོན་ཞིག་ཏུ་བསྐོས་གཞག་གནང་འདུག

༢༠༢༦/༠༥/༢༠

མཆན། 1

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    མི་ལོ་ ༢༠༠ གོང་ནས་ཚན་རིག་དང་འཕྲུལ་ཆས་ཧ་ལས་པའི་ཡར་རྒྱས་ཕྱིན་ཡོད་འདུག་ལ། ལོ་ངོ་དེ་དག་རིང་མི་ཚང་མས་ཕྱིའི་དངོས་པོའི་ཐོག་ནས་བདེ་སྐྱིད་རག་ཐབས་བྱས་ཀྱང་། ད་ཆར་ཚན་རིག་པས་ཕྱིའི་དངོས་པོ་ཡར་རྒྱས་ཁོ་ནས་མི་ཚེ་སྐྱིད་པོ་ཡོང་ཐུབ་ཀྱི་མེད་པ་ར་སྤྲོད་བྱུང་ཅིང་། བདེ་སྐྱིད་ཀྱི་གཞི་རྩ་སེམས་དང་ཚོར་བ་གཉིས་ལ་བརྟེན་ནས་ཡོང་བཞིན་པ་ཤེས་རྟོཊ་འབྱུང་བཞིན་ཡོད་ཚུལ་སོཊ་གསུངས་ཡོད་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese