མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧི་མ་ལ་ཡའི་མཛངས་མའི་བོད་དོན་ལས་འགུལ།

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཉིན་རྒྱབ་དྷ་སར་བོད་དོན་ལས་འགུལ་བ་མཱ་ཧེ་ཤ་དང་ཁོང་གིས་ཉེ་ཆར་གོ་སྒྲིག་བྱས་པའི་ཧི་མ་ལ་ཡའི་མཛངས་མའི་འགྲན་བསྡུར་ཁྲོད་ཨང་དང་པོ་ཐོབ་མཁན་ནེ་ཧཱ་གཉིས་ཀྱིས་ལས་འགུལ་སྤེལ་སོང་།

དེ་རིང་ཕྱི་ཚེས་ ༡༢ ཉིན་རྒྱབ་ཆུ་ཚོད་ ༢ པའི་སྟེང་མེག་གྷན་རླངས་འཁོར་འབབ་ཚུགས་སུ། རྒྱ་གར་བོད་དོན་ལས་འགུལ་བ་སྐུ་ཞབས་མཱ་ཧེ་ཤ་(Dr.Mahesh Yadav) དང་། ཉེ་ཆར་ཁོང་གིས་མཱ་ཌེ་ཡ་པར་ཌེ་ཤི་མངའ་སྡེ་ནང་གོ་སྒྲིག་བྱས་པའི་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་ཁྲོད། ཨང་དང་པོ་ཐོབ་མཁན་ནེ་ཧཱ་(Neha Saini) དང་ཨང་གསུམ་པ་ཐོབ་མཁན་བུ་མོ་མན་ཌེཔ་(Mandeep Kaur) བཅས་ཀྱིས་ཧུའུ་ཅིན་ཐའོ་ཡི་པར་རིས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་ཤིག་སྤེལ་སོང་།

རྒྱ་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས་མཱ་ཧེ་ཤ་ལགས་ཀྱིས་རང་ཉིད་འདས་པའི་ལོ་མང་རིང་ནས་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ནང་ཞུགས་ཡོད་པ་དང་། མ་འོངས་པར་མུ་མཐུད་ལས་འགུལ་སྤེལ་རྒྱུ་ཡིན་སྐོར། ཐེངས་འདིར་ཧུའུ་ཅིན་ཐའོ་ཡི་པར་རིས་མེར་བསྲེགས་བཏང་པ་དེ་ནི། རྒྱ་ནག་གཞུང་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ཡི་མགོ་ཁྲིད་འོག བོད་ནང་ལ་གདུག་རྩུབ་དྲག་གནོན་གྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་མུས་ལ་ངོ་རྒོལ་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

དེ་བཞིན་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་ཁྲོད། ཨང་དང་པོ་ཐོབ་མཁན་མཛངས་མ་ནེ་ཧཱ་ལགས་ཀྱིས། དེ་རིང་གི་ལས་འགུལ་འདི་ནི་ཁོ་མོར་ཧི་མ་ལ་ཡའི་མཛངས་མའི་དབུ་རྒྱན་ཐོབ་རྗེས་ཀྱི་བོད་དོན་ལས་འགུལ་ཐེངས་བཞི་པ་དེ་ཆགས་ཡོད་པ་དང་། འདིར་མ་ཡོང་གོང་ཁོ་མོ་ཨོ་ཎ་ས་གནས་ཀྱི་བུད་མེད་མཐོ་སློབ་ཏུ་ཕྱིན་ཏེ་བོད་དོན་ཁྱབ་བསྒྲགས་ཀྱི་ལས་འགུལ་སྤེལ་ཡོད་སྐོར་བརྗོད་ཡོད།

གསར་འགོད་པའི་དྲི་བར་ལན་འདེབས་སྐབས། ཁོ་མོས་གཅིག་ནས་སྐུ་ཞབས་མཱ་ཧེ་ཤ་ལགས་ཀྱིས་གོ་སྒྲིག་བྱས་པའི་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་གྱི་ངོ་བོ་བོད་དོན་ལས་འགུལ་ཞིག་ཆགས་ཡོད་པ་དང་། མོ་རང་ཉིད་ལ་མཚོན་ན་༧གོང་ས་མཆོག་ནི་བོད་ཙམ་མིན་པར་འཛམ་གླིང་སྤྱི་དང་ལྷག་པར་དུ་རྒྱ་གར་ལ་བཀའ་དྲིན་ཆེན་པོ་ཡིན་པ། དེང་སྐབས་བོད་ནང་གི་གནས་སྟངས་ཧ་ཅང་ཛ་དྲག་ཏུ་གྱུར་ཡོད་པ། བོད་ནི་རྒྱ་གར་གྱི་བདེ་འཇགས་དང་འབྲེལ་བ་དམ་པོ་ཡོད་པ་བཅས་ལ་བརྟེན་ནས། བོད་དོན་འཐབ་རྩོད་ཀྱི་ལས་འགུལ་དེ་སོ་སོའི་འགན་འཁྲུ་ཞིག་ཏུ་མཐོང་གི་ཡོད་སྐོར་བརྗོད་བྱུང་།

སྐུ་ཞབས་མཱ་ཧེ་ཤ་ལགས་ཀྱིས་ཉེ་མལ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་ཧི་མ་ལ་ཡའི་མཛངས་མ་འགྲན་བསྡུར་(Miss Himalaya-2012 “Beauty Pageant” awareness on Tibet Freedom) ཞིག་ཚོགས་ཡོད་ཅིང་། འགྲན་བསྡུར་དེར་འགྲན་ཞུགས་པ་བུ་མོ་༦༠བྱུང་པ་ལས་རྟིང་རྩོད་འགྲན་བསྡུར་ནང་བུ་མོ་ ༡༢ ཚུད་པའི་ཁྲོད།  ཨང་དང་པོ་ཧི་མ་ཅལ་མངའ་སྡེ་ཨོ་ཎ་ནས་ཡིན་པ་བུ་མོ་ནེ་ཧ་དང་། ཨང་གཉིས་པ་མཱ་ཌེ་ཡ་པར་ཌེ་ཤི་མངའ་སྡེ་ནས་ཡིན་པ་ཌོལ་ལེ་(Dolly Tongya) དང་། ཨང་གསུམ་པ་པུན་ཇབ་མངའ་སྡེ་ནས་ཡིན་པ་མན་ཌེཔ་(Mandeep Kaur) བཅས་ཡིན་འདུག་ལ། མཛངས་མའི་འགྲན་བསྡུར་དེར་ཞུགས་པའི་ཆ་རྐྱེན་ནི་བོད་དོན་ལས་འགུལ་གྱི་ངོ་བོའི་སྟེང་ཞུགས་དགོས་པ་དང་། འགྲན་བསྡུར་ཁྲོད་རྒྱལ་ཁ་ཐོབ་མཁན་དག་གིས་བོད་དོན་འཐབ་རྩོད་ལ་ཁ་ཞེ་གཉིས་མེད་ཀྱིས་ལས་དོན་སྤེལ་དགོས་པ་དེ་ཡིན་འདུག

 

ཨང་དང་པོ་ནེ་ཧཱ་དང་ཨང་གཉིས་པ་ཌོལ་ལེ། ཨང་གསུམ་པ་མན་ཌེབ་གསུམ།

གསར་འགོད་པ། བནྡེ་སྐྱབས།

(གནས་ཚུལ་རྒྱས་པ་ཚེས་ ༢༠ ཉིན་གྱི་དུས་བབ་ཚགས་ཤོག་ལ་གཟིགས།)

 

 

འབྲེལ་ཡོད་གསར་འགྱུར།

པར་འགྲེལ། པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༨།༦
Mobile App

བལ་ཡུལ་དུ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་བཀག་སྡོམ་བྱས་འདུག

ཆུ་ཚོད་ ༢ སྔོན་ལ།
UFLPA Entity List with 43 Additional Chinese Companies
By Scott E. Diamond
Mobile App

ཨ་རིས་བོད་དང་ཡུ་གུར་གཉིས་འབྲེལ་གྱི་རྒྱ་ནག་གི་བཟོ་ཚོང་ཁང་ ༤༣ བཀག་སྡོམ་ལག་བསྟར་བྱས།

༢༠༢༦/༠༨/༠༤
Prime Minister Narendra Modi exchanges a handshake with Chinese President Xi Jinping during the SCO Summit in Tianjin last year | ANI
Mobile App

བྷི་རིག་ཚོགས་ཆེན་སྟེང་བོད་པའི་གསར་འགོད་པ་རྣམས་བཀག་སྡོམ་དགོས་པའི་གནོན་ཤུགས་སྤྲད།

༢༠༢༦/༠༨/༠༣
བྲག་དཀར་རྫོང་གི་རྫོང་དཔོན་འབྲུག་འབུམ་རྒྱལ།
Mobile App

རྫོང་དཔོན་འབྲུག་འབུམ་རྒྱལ་གྱིས་ཆོས་ཕྱོགས་ཀྱི་བྱེད་སྒོར་དམ་དྲག་མ་བྱས་རྐྱེན་རྫོང་དཔོན་ཀྱི་ལས་གནས་ནས་ཕུད།

༢༠༢༦/༠༨/༠༢
ལང་ཧྥུ་ཁོན། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༥།༨།༡
Mobile App

བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚོགས་གཞོན་ལང་ཧྥུ་ཁོན་གྱི་གོ་གནས་བླངས།

༢༠༢༦/༠༨/༠༡
TTT
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚན་ནོར་བུ་བོད་དུ་ཆོས་སྲིད་གཉིས་ཀྱི་ལས་དོན་བསྒྲུབ་པར་མངགས།

༢༠༢༦/༠༨/༠༡

མཆན། 6

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    བོད་ཀྱི་མཚངས་མའི་འགྲན་སྡུར་དང་། ཧི་མ་ལ་ཡའི་མཛངས་མའི་ལས་དོན་གཉེར་མཁན་བློ་བཟང་དབང་རྒྱལ་ལགས་ཀྱི་བསམ་དོན་འགྲུབ་པར་ཤོག །

    Reply
  2. ཚ་བ་སྒྲོན་མེ། says:
    ལོ་ 14 སྔོན།

    ཨོ་ཧོ་་་ད་ཡིན་ན་བོད་དོན་གྱི་ཆེད་དུ་ལས་འགོལ་སྤུལ་མཁན་མང་གྲགས་ཡ་འདུག
    བོད་དོན་དེ་རྩེད་མོ་རྩེ་ཆེས་དང་དཔལ་འབྱོལ་མཁོ་སྒྲུབ་བྱ་ས་ལྟ་བུ་བྱེད་བཞིན་འདུག
    ད་ཡིན་ན་རྗེས་མ་མི་འདི་ཚོས་སྐྱག་པ་ཞིག་བཏང་ན་ཡང་བོད་རྩ་དོན་གྱི་ཆེད་དུ་ཡིན་ལབ་ངེས་རེད།

    Reply
  3. སྙིང་མིག says:
    ལོ་ 14 སྔོན།

    བློ་བཟང་དབང་རྒྱལ་ལ་སྔོན་ཆད་ཡིན་ཆེས་གཏན་ནས་མེད། འོན་ཀྱང་ད་ལན་བྱེད་སྟངས་ལ་བལྟས་ན་ཕོ་རུས་ཡོད་མཁན་ཞིག་ཡིན་པ་ཤེས་སོང་། ཆབ་སྲིད་གཏིང་ཟབ་མོ་ཞིག་ཤེས་མདོག་གིས་དགྲ་བོའི་རྐུབ་ལ་ལྕེས་བལྡག་གྲབ་བྱེད་བཞིན་སྡོད་པ་ནི་དགོད་ཤོར་མོ་ཞིག་རེད། ཚུར་ལ་ཕ་མེས་བཀྲོངས་ཤིང་ཕ་གཞིས་འཕྲོག སྤུན་ཟླ་དུ་མའི་ཚེ་སྲོག་བཀུམས་ཀྱང་། ཕར་ལ་མི་རུང་དང་མི་ཉན་ཟེར་ནས་སྡོད་པ་ལས་མེ་རྟགས་དུ་བ་དང་། ཆུ་རྟགས་རླངས་པ་ཙམ་བསྟན་ན། ཕར་ཕྱོགས་ཀྱང་མི་ཞིག་ཡིན་པའི་ཆ་ནས་ཞེད་སྣང་འཚེར་སྣང་ལོས་ཡོད།

    Reply
  4. ཨ་ར་དཀར་པོ says:
    ལོ་ 14 སྔོན།

    ཡང་ཧི་མ་ལ་ཡའི་མཛངས་མ་ཞིག་བདམས་འདུག དེ་ཡང་བུ་མོ་དྲུག་ཅུའི་ཁྲོད་ནས། ད་ཆ་པར་བ་བློ་བཟང་དབང་རྒྱལ་གྱིས་ཀྱང་གཅིག་འདེམས་རྒྱུ་རེད། བུ་མོ་ལྔའི་ནང་ནས། ཧི་མ་ལ་ཡ་ལ་མཛངས་མ་མང་བ་ལ།

    Reply
  5. བཙན་པོ། says:
    ལོ་ 14 སྔོན།

    གཉིས་ནས་བློ་བཟང་དབང་རྒྱལ་དང་ཁོ་གཉིས་བར་གྱི་ཧི་མ་ལ་ཡའི་མཛངས་མ་འགྲན་རྩོད་ཆེད་ཆབ་སྲིད་ཀྱི་ལས་འགུལ་ཐབས་ཆག་འདི་འདྲ་མ་སྤེལ་རོགས། རབ་བྱུང་ན་བློ་བཟང་དབང་རྒྱལ་དང་ཁྱེད་གཉིས་ནས་བོད་དོན་ལ་ཁ་ཡ་མ་བྱས་ན་ཡག་ས་རེད། སོ་སོའི་ག་རེ་འཁྲབ་ན་འཁྲབ་རྐྱང་བྱོས།། དེ་མིན་ད་དུང་བོད་ཀྱི་རྩ་དོན་སོ་སོའི་ཁེ་ཕན་ནང་བེད་སྤྱོད་གཏོང་ན། ལས་སླ་བོར་བཞག་མི་ཡོང་ཐག་ཆོད་ཡིན།།

    Reply
  6. བཙན་པོ། says:
    ལོ་ 14 སྔོན།

    བོད་དང་རྒྱ་ནག་གི་གནས་ཚུལ་མི་ཤེས་མཁན་གྱི་ཚོང་པ་འདི་ཚོ་ལྟས་ངན་རེད། བོད་དོན་ལ་ཁ་གཡར་ནས་སོ་སོའི་སྒོར་ཁུག་རྒྱགས་པ་བཟོ་པ་འདི་ཞེ་མེར་ལངས་སྤྱད་རེད། མགོ་སེར་ཚོའི་ནང་ནའང་འདི་འདྲ་མང་པོ་འདུག རྒྱབ་སྐྱོར་གནང་ནའང་བོད་ལ་ཕན་པ་ཞིག་གནང་རོགས། དེ་མིན་ཁྱེད་རྣམས་པས་ཇུས་གཏོགས་མ་བྱས་ན་བཟང། སྐུ་མཁྱེན།།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese