མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ན་གཞོན་ཤེས་ལྡན་པ་དག་ལ་གྲོས་སུ་འདེབས་པ།

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཐུབ་བསྟན་ཆོས་གྲགས།

ན་མོ་གུ་རུ། ཉེ་ལམ་ནས་བཟུང་མང་གཙོ་དང་རང་བཙན་བར་གྱི་ལྟ་གྲུབ་གཉིས་པོའི་ཐད་ནས་སྤྱི་ཚོགས་ནང་འུར་འདྲོགས་དང་། དོགས་འདྲོགས་མང་པོ་ཞིག་བསླངས་དང་སློང་བཞིན་པས་བོད་ཀྱི་རྩ་དོན་འཐབ་རྩོད་ལ་ངམ་ངམ་ཤུགས་ཀྱིས་གནོད་སྐྱོན་ཐེབས་བཞིན་འདུག

༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསུང་རང་ཉིད་ཀྱི་རྒྱབ་རྩར་འཁྱེར་ནས་བོད་བསྟན་པ་ཆབ་སྲིད་ཀྱི་རྩ་དོན་སྒྲུབ་མཁན་དག་ལ་དམའ་འབེབས་བྱུང་རྒྱལ་དུ་བྱེད་པ་དང་།མངོན་ལྐོག་གང་རུང་བརྒྱུད་ནས་སྤྱི་ཚོགས་ནང་ཟིང་སློང་གི་རྩོམ་ཡིག་གང་བྱུང་སྤེལ་བ་མ་ཟད། སྲིད་ཀྱི་སྣེ་མོ་འཛིན་པའི་ན་གཞོན་ཤེས་ལྡན་པ་དག་རང་གི་རྐང་མར་ཁྲག་ལས་གྲུབ་པ་དེ་གང་བྱུང་དུ་ཁ་འགྱུར་དང་།ངན་རོགས་ཕྱོགས་སྒྲིལ་བྱེད་ཐབས་སྤེལ་བ་སོགས་ཡིད་ལ་བཟོད་ཐབས་མེད་པའི་བྱ་འགུལ་གང་མང་བྱས་སོང་བ་སེམས་ཀྱིས་བཟོད་ཐབས་མ་མཆིས།

དེ་དག་ནི་ཚེ་བརྟན་རྡོ་རྗེའི་ཞི་བའི་གོམ་བགྲོད་ལས་འགུལ་ནང་རྒྱ་དར་དམར་པོ་བསྒྲེངས་པར་དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ངོ་རྒོལ་གསལ་གྲགས་སྤེལ་བའི་རྐྱེན་གྱིས་ཧ་ལམ་འབྲེལ་ལམ་ལ་དོ་ཕོག་བྱུང་སོང་སྙམ་པ་ཡང་ཡང་འཆར།འོན་ཀྱང་ད་བར་ཁ་མ་གྲགས་པར་གནས་པ་ནི་དུ་བ་རང་ཡལ་དུ་འགྲོ་བའི་རེ་བ་དྲག་པོ་བྱས་པ་ལས།སྤྱི་ཚོགས་ལ་འགན་མ་འཁྱེར་བ་དང་།ཡང་ན་ལྟད་མོ་བལྟས་པའི་ཟོལ་དུ་གནས་པ་ཞིག་རྩ་བ་ཉིད་ནས་མིན།

ནད་རྙིང་དེ་འདྲ་ཞིག་གི་རྐྱེན་ལས་དམ་ཚིག་མདུད་པ་བཤིག་ན་དགྲ་དགའ་གཉེན་སྡུག་གི་གནས་ལས་མ་འདས་པས་།འདིར་གསལ་འདེབས་ཚིག་རེ་གཉིས་འདྲ་ཞུ་ན།ཞི་བའི་གྲོམ་བགྲོད་པ་ཚེ་བརྟན་རྡོ་རྗེ་ནི་ང་ཚོའི་སེམས་ནང་དུས་བརྟན་དུ་མ་ཡལ་བའི་བཙན་པོའི་གདུང་རྒྱུད་ཀྱི་དཔའ་རྒོད་ཅིག་ཡིན།

སྐབས་དེ་དུས་ཁོང་གིས་རྒྱ་དར་འཁྱེར་བ་ཁག་མི་འདུག་སྙམ།རྒྱུ་མཚན་ནི་ཁོང་གིས་ཟིན་བྲིས་ཐོག་ནས་ལས་འགུལ་ལ་མཉམ་བཞུགས་ཡོང་བའི་རེ་སྐུལ་ཐེངས་མང་ཞུས་ཀྱང་།ཁོང་དང་མཉམ་དུ་བློ་གཅིག་སེམས་གཅིག་གིས་གོམ་བགྲོད་ལ་བཞུགས་རྒྱུར་མི་མང་པོར་ཐེ་ཚོམ་བྱུང་བ་དང་།ཁོང་གི་བློས་གཏོང་ཚད་གཞི་ཧ་ཅང་མཐོན་པོར་སོང་།ཁོང་དང་དམིགས་ཡུལ་གཅིག་མཚུངས་ཀྱི་གོམ་བགྲོད་པ་སུ་ཡང་བྱུང་མེད།ཁོང་མ་སྨད་གསུམ་གྱིས་ནར་རེར་ལུས་པའི་ལམ་ཕྲང་དག་དཀའ་བས་བརྫིས་ཤིང་།སྙིང་ཁོང་དུ་འགྱུར་མེད་ཀྱི་སྙིང་སྟོབས་གོ་ཆར་གྱོན་ཏེ་མདུན་དུ་བསྐྱོད།ཁོང་གིས་ཞི་བའི་ངོ་རྒོལ་དེ་རྒྱུན་མཐུད་བྱེད་ཐུབ་པའི་ཆེད་དུ་རྡི་ལི་ནས་རྒྱ་དར་དམར་པོ་ཞིག་ཀྱང་འཁྱེར་བར་བློ་ཁ་ཕྱོགས།

དེར་བརྟེན་ཁོང་ནི་བོད་ཀྱི་རང་དབང་བསུ་བའི་ཕོ་ཉ་དང་།ན་གཞོན་ཤེས་ཡོན་ཅན་ཞིག་གིས་རང་གི་རྒྱལ་ཁབ་ཀྱི་དོན་དུ་བློས་གཏོང་ཚད་མཐོན་པོ་གནང་མཁན་ཞིག་ཡིན་པ་བརྗོད་མི་དགོས་པ་ཞིག་རེད།

གཞན་ཡང་བོད་ཀྱི་གཞོན་ནུ་ལྷན་ཚོགས་ནས་ཚེ་བརྟན་རྡོ་རྗེར་རྒྱ་དར་བསྒྲེངས་པའི་ཉེར་ལེན་ལས་ངོ་རྒོལ་གསལ་གྲགས་སྤེལ་བའང་དོན་དང་ལྡན་པ་ཞིག་ཡིན།རྒྱུ་མཚན་ནི།གཅིག་ནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ལངས་ཕྱོགས་རང་བཙན་ཡིན་པ་དང་།གཉིས་ནས་ཡུན་རིང་མ་སོང་གོང་རྒྱ་དར་མེར་བསྲེགས་ཀྱི་ལས་འགུལ་སྤེལ་གནང་བ།ལྷག་པར་དུ་གནས་ཚུལ་གལ་ཆེ་ཤོས་ཤིག་ནི།ཐོག་མར་ཚེ་བརྟན་རྡོ་རྗེ་ལས་འགུལ་མགོ་འཛུགས་སྐབས་གཞོན་ལྷན་དང་།འབྲེལ་གཏུག་གནང་བ་མ་ཟད་གཞོན་ལྷན་གྱི་རྒྱབ་སྐྱོར་གང་ཅིར་ཡག་པོ་གནང་སོང་།

དེར་བརྟེན་གཞོན་ནུ་ལྷན་ཚོགས་དེ་ད་བར་བོད་སྤྱི་པའི་རྩ་དོན་ཐོག་ལ་ལས་དོན་གལ་ཆེན་མང་པོ་སྤེལ་གནང་ཡོད་ལ།བཙན་བྱོལ་དུ་གྱར་ནས་ཚོགས་པ་འདྲ་མིན་སྣ་ཚོགས་ཤིག་རྒྱ་བསྐྱེད་བྱུང་བའི་ནང་ནས་རྙིང་ཤོས་དང་།ནུས་པ་ཆེ་ཤོས་ལྡན་པའི་ཚོགས་པ་ཞིག་ཡིན་པ་མ་ཟད། ཚོགས་པའི་ལངས་ཕྱོགས་ཀྱང་རང་བཙན་གཙང་མར་གནས་ཡོད་སྟབས།རང་གི་ལྟ་གྲུབ་ཐོག་ནས་ལངས་ཕྱོགས་གསལ་པོ་བཟོ་དགོས་པ་དེ་ཧ་ཅང་གལ་ཆེན་ཆགས་ཡོད།

དེར་བརྟེན་ང་ཚོ་བཙན་བྱོལ་བའི་ཁོར་ཡུག་དེ་ལྟ་བུའི་ནང་ཕན་ཚུན་གུ་ཡངས་དང་།བློ་རྒྱ་ཆེན་པོ་བྱེད་རྒྱུ་ནི་གལ་ཆེན་པོ་ཡིན།གལ་སྲིད་རྙོག་གྲ་ཆུང་ཆུང་ཞིག་ལ་ཤི་འཐམ་རོ་འཐམ་བྱེད་བཞིན་འབྱུང་འགྱུར་མདུན་སྐྱོད་ཀྱི་བསམ་བློའི་འཁོར་རྒྱ་ཞིག་མེད་ན།ད་ལྟའི་གཉན་འཕྲང་ཅན་གྱི་ལམ་འཕྲང་འདི་ནས་མཐར་དཀའ་བ་ཡིན།

སྤུན་ཟླ་ཚོ་གཅིག་སྒྲིལ་གྱིས།  བོད་སྟོད་སྨད་བར་གསུམ་ཆིག་སྒྲིལ་གྱིས། རང་ཕུ་ནུའི་འདུ་ཤེས་ཡལ་འགྱུར་ན།། ༸གོང་རྒྱལ་དབང་ཐུགས་ཀློང་མགྱེས་ཐབས་མེད།། མ་གཅིག་གིས་བསྐྱངས་པའི་བུ་ཕྲུག་རྣམས།། ཡིད་འཆམ་མཐུན་བརྩེ་ཞེན་ལྡན་འགྱུར་ན།། དགྲ་ཡ་མེད་སླེབས་ཀྱང་སྐྲག་མི་དགོས།། ཁོང་རྒྱལ་བའི་བཀའ་དྲིན་གསོལ་བའང་ཡིན།། མཐུན་ལམ་གྱིས་དང་། མཐུན་ལམ་གྱིས། མཐུན་སྒྲིལ་ནི་ང་ཚོའི་རྒྱལ་ཁ་ཡིན། མཐུན་ལམ་ནི་ང་ཚོའི་སྟོབས་ཤུགས་ཡིན།
བོད་རྒྱལ་ལོ།

འབྲེལ་ཡོད་གསར་འགྱུར།

ཧྭང་ཆི་ཧྥན།(གཡོན།) ལི་ཀྲན་ཧྲའོ།(དཀྱིལ།) ལི་ཀྲན་ཧྲའོ་ཡི་བུ་མོ་ལི་ཆིན་ཤེན།(གཡས།)
Mobile App

རྒྱ་ནག་ཁྲུང་ཆིན་གྲོང་ཁྱེར་གྱི་སྤྱི་ཁྱབ་ཟུར་བ་ཧྭང་ཆི་ཧྥན་ལ་ཞིབ་བཤེར་བྱེད་ཀྱི་འདུག

སྐར་མ ༥༩ སྔོན་ལ།
Mobile App

ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་བཀའ་དྲུང་གི་ལས་ཁུར་དབུ་འཛུགས་ཞུས།

ཆུ་ཚོད་ ༢ སྔོན་ལ།
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་དཔལ་འབྱོར་རིག་པའི་གཟེངས་རྟགས་ཐོབ་མཁན་གཉིས།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཀྲང་ཡེ་ཡི་ནང་མིར་འཇིགས་སྐུལ་བྱས།

༢༠༢༦/༡༠/༡༣
བལ་ཡོད་ས་མཚམས་ཙུམ་ནུབ་རི་སྒའུ་པ་ལི་རུ་ཆུ་ལོག་བྱུང་བ།
Mobile App

བལ་བོད་མཐའ་མཚམས་བཙུམ་ནུབ་རི་སྒའུ་པཱ་ལི་རུ་ཆུ་ལོག་བྱུང་བ།

༢༠༢༦/༡༠/༡༣
Mobile App

རྒྱ་ནག་རྒྱལ་ཡོངས་སུ་གློ་བུར་དུ་དབྱིན་ཡིག་ཡིག་རྒྱུགས་གཏོང་མཚམས་བཞག

༢༠༢༦/༡༠/༡༢

མཆན། 2

  1. ཨ says:
    ལོ་ 14 སྔོན།

    ཉིད་ཀྱིས་ཉིད་ཀྱི་མིག་དང་སེམས་ནང་ལ་དཔའ་བོ་གླིང་ཚ་བདག་བྱེད་སྟངས་དེར་བདག་གིས་ཡི་རང་ཞུ། དཔའ་བོ་གླིང་ཚས་ཞི་བའི་གོམ་བགྲོད་སྐབས་རྒྱ་མིའི་རྒྱལ་དར་འཁྱེར་དོན་ཐད་ངེད་གཉིས་ཀྱི་བསམ་ཚུལ་འདྲ་རྒྱུ་མི་འདུག བདག་གིས་དེར་གནད་དོན་ཆེན་པོ་ཞིག་ཡོད་པར་འདོད་ཀྱི་ཡོད། ཞིབ་ཕྲ་སྐབས་གཞན་ཞིག་ནས་བཤད་ཆོག དེ་མིན་ཆབ་སྲིད་ལྟ་གྲུབ་ངེས་ཅན་ཞིག་གི་ཐོག་ནས་ཚོགས་སྡེ་དང་མི་སྒེར་སུ་ཞིག་གིས་དོན་དག་ཅིག་ལ་ཅི་བཤད་རུང་དེ་ལམ་ཞིག་གི་ཆེད་ཡིན་པས་སྐྱོན་མེད་ནའང་། ཅི་ཟེར་འདི་ཟེར་མེད་པར་རང་འགར་རང་གཏམ་གློད་ནས་སྙད་འདོགས་མཁན་ཚོ་ནི། མི་རིགས་རྩ་དོན་གྱི་བར་ཆད་ཅིག་ཏུ་ངོས་འཛིན་ཆོག་ཆོག་རེད

    Reply
  2. ཡར་ཀླུང་ལྷ་རྗེ། says:
    ལོ་ 14 སྔོན།

    ད་ལྟའི་བཙན་བྱོལ་ནང་རང་བཙན་ཐོག་ལས་འགུལ་དང་། དཔྱད་རྩོམ་བྲིས་མཁན་དེ་དག་ནི་སེམས་ཤུགས་དང་མི་རིགས་ལ་ཞེན་པ་དཀར་བ་ནི་རྗེས་སུ་ཡིད་རངས་ཞུ་དགོས་རུང་དེ་ཚོས་དངོས་ཡོད་གནས་སྟངས་ལ་བསམ་ཞིབ་མེད་པ་དང་གཅིག བོད་པའི་ཆོས་རིགས་གོམས་གཞིས་ལ་རྒྱུས་མངའ་མེད་པ་དང་གཉིས། རང་ཉིད་གང་དུ་བསྡད་ནས་སེམས་ཀྱིས་ཚོར་བ་བརྗོད་པ་གསུམ། དམིགས་ཡུལ་སྒྲུབ་རྒྱུར་གོ་རིམས་ལྡན་པའི་འཆར་གཞི་མེད་དང་བཞི། རྒྱལ་སྤྱིའི་ནང་མི་རིགས་འཆམ་མཐུན་དང་། ས་མཚམས་དབྱེ་བ་མེད་པའི་ལས་འགུལ་དར་ཁྱབ་འགྲོ་བ་ལྔ་ཡི་གནས་ཚུལ་མི་ཤེས་པའི་ལན་འདུག

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese