མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མིང་གི་ཆག་སྒོ།

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༥
Share on FacebookShare on TwitterShare on EmailShare on Whatsapp

ཚེར་ནགས་རྡོ་རྗེ་རིན་ཆེན།

 དུས་རབས་ཉེར་གཅིག་པ་ནི་གློག་རྡུལ་བརྡ་འཕྲིན་གྱི་དུས་རབས་སུ་འབོད་པ་དང་། བྱ་བ་ཕལ་མོ་ཆེ་བརྡ་འཕྲིན་བརྒྱུད་ལམ་ནས་ཧ་ཅང་སྟབས་བདེ་ཅན་དུ་གྱུར་པ་ནི་ཅི་འདྲའི་དགའ་འོས་པ་ཞིག་རེད། ཡིན་ནའང་བཀྲ་ཤིས་སྣ་ནག་མ་དང་ལྷན་ཅིག་གི་དཔེ་ལྟར། ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་རེ་ཡང་མེད་པ་ག་ལ་སྲིད། དཔེར་ན། དྲ་རྒྱའི་བརྒྱུད་ལམ་ཡར་རྒྱས་སུ་ཕྱིན་པ་དང་སྟབས་བསྟུན་མིང་གི་ཆག་སྒོ་ཡང་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་ཡོད། དྲ་རྒྱའི་དུས་རབས་ལ་བརྟེན་ནས་བྱུང་བའི་མིང་གི་ཆག་སྒོ་དེ་དག་སྡེ་ཚན་ནམ་རིགས་བགར་ན། དངོས་མིང་འདྲ་བོ་ཡིན་པའི་འཁྲུལ་གཞི་དང་། སྙུག་མིང་འདྲ་བོ་ཡིན་པའི་ནོར་འཛོལ། གཞན་གྱི་དངོས་མིང་དང་སྙུག་མིང་ལ་ཆེད་དམིགས་བཙན་འཛུལ་བྱེད་པ། གང་ཟག་གཅིག་གིས་མིང་རྫུན་དང་སྙུག་མིང་ཅི་རིགས་སྤྱོད་པའི་མགོ་རྙོག་སོགས་རེད། དེ་དག་ལས་དང་བོ་སྟེ་དངོས་མིང་འདྲ་བོ་ཡིན་པའི་དཀའ་ངལ་སྐོར་ཅུང་ཞིག་གླེང་བར་བྱ།

ཨ་རིའི་མའེ་ནེ་སོ་ཌ་ (Minnesota) མངའ་སྡེ་ནང་གནས་སྡོད་ཊ་རཱ་མཱ་ཧྥེ་ (Tara Murphy) ཞེས་པའི་བུད་མེད་ཅིག་གིས་ཁྲིམས་ལུགས་སློབ་སྦྱོང་བྱེད་བཞིན་པ་དང་། སློབ་སྦྱོང་གི་དུས་རིམ་ནང་ཁོ་མོ་དང་སྐྱེས་མིང་གཅིག་པ་ཅན་བཞི་ཙམ་བྱུང་། དེ་དག་ལས་གཅིག་ནི་བཙོན་པ་ཡིན་ཞིང་། གཅིག་ཆགས་སློང་ལྟད་མོ་འགྲེམས་སྟོན་བྱེད་མཁན་དང་། གཅིག་དཔེ་མཛོད་ཀྱི་དཔེ་དེབ་གཡར་ནས་ཕྱིར་ལོག་མ་བྱས་པའི་ཁྲིམས་འགལ་ཅན། གཅིག་ང་ཚོ་དཀའ་ངལ་འཕྲད་དེ་ཁྲིམས་འགལ་བྱེད་པའི་བུད་མེད་ཆགས་ཅན་ཡིན་ཞེས་གནས་ཚུལ་སྤེལ་མཁན་རེད། དེ་དག་གི་མཚན་ཤས་རེ་རེས་ཁོ་མོའི་ཆེ་མཐོང་ལ་གནོད་གཞི་བྱུང་བ་མ་ཟད། མཐའ་ན་ཁོ་མོའི་ཁྲིམས་ལུགས་བསླབ་པ་མཐར་སོན་གྱི་མཐའ་མའི་ཡིག་རྒྱུགས་སྐབས་ཀྱང་། རང་ཉིད་བདེན་དཔང་ཆེད་མཛུབ་ཐེལ་རྒྱག་དགོས་པའི་གནས་སྟངས་སུ་གྱུར།

 དེ་བཞིན་ཨ་རིའི་གློག་ཀླད་ཀྱི་སྒྲ་སྐྱེད་མཉེན་ཆས་བཟོ་མཁན་ཞིག་གི་མིང་ལ་མཱ་ཧྥེ་ (Michael McAfee) ཞེས་འབོད་ཅིང་། སྐུ་ཞབས་ཁོང་ཨ་རིའི་ལྷོ་ནུབ་ཁུལ་གྱི་མངའ་སྡེ་ཁ་ལི་ཧྥོ་ནིའི་ས་གནས་སཱན་སྒྲེ་གྷོ་རྫོང་ (San Diego County) ནང་སྡོད་བཞིན་ཡོད། ཡང་གཅིག་གི་མིང་ལའང་མཱ་ཧྥེ (Michael McAfee) ཟེར་ཞིང་། ཁོང་ཨ་རིའི་བཙོན་ཁང་ནང་བྲོས་བྱོལ་ཕྱིན་པའི་ནག་ཅན་གཏེ་བོ་ཞིག་ཡིན། དྲ་ལམ་ནས་མཱ་ཧྥེ་ (Michael McAfee) ཞེས་པའི་གང་ཟག་འདི་ཨ་རིའི་བཙོན་ཁང་ནས་བྲོས་བྱོལ་ཕྱིན་པའི་ནག་ཅན་གཏེ་བོ་ཞིག་དང་། ཨ་རིའི་གཞུང་གིས་འཚོལ་ཞིབ་བྱེད་བཞིན་པའི་གནས་ཚུལ་གསལ་སྟབས། མཉེན་ཆས་བཟོ་མཁན་སྐུ་ཞབས་མཱ་ཧྥེ་ (Michael McAfee) ཁོང་གི་བདེ་འཇགས་ལའང་དོན་མེད་དོ་ཕོག་རིམ་པར་བྱུང་། དེར་བརྟེན་ཁོང་གིས་ནུས་ཤུགས་གང་ཡོད་བསྐྱེད་ནས་རང་ཉིད་དཀར་འདོན་གྱི་བྱ་འགུལ་མང་དག་ཅིག་རྩོམ་བཞིན་པའི་མུར། སྟབས་ཡག་པ་ཞིག་ལ་ནག་ཅན་གཏེ་བོ་མཱ་ཧྥེ་ (Michael McAfee) ཨ་རི་གཞུང་གིས་བསྐྱར་དུ་འཛིན་བཟུང་ཐུབ་པའི་གནས་ཚུལ་ཐོན་ཞིང་། དེ་ནས་བཟུང་མཉེན་ཆས་བཟོ་སྐྲུན་པ་མཱ་ཧྥེ་(Michael McAfee) ལགས་གཞི་ནས་བག་ལྷོད་ངང་གནས་ཐུབ་པ་རེད།

 དེ་ལྟར་དྲ་རྒྱའི་དུས་རབས་ནང་མིང་གི་ཆག་སྒོ་སྣ་ཚོགས་ཤིག་བྱུང་དང་འབྱུང་བཞིན་པར་བརྟེན། ནུབ་ཕྱོགས་སྤྱི་ཚོགས་སུ་དེ་དག་ལ་གདོང་ལེན་བྱེད་ཕྱོགས་སློབ་སྟོན་བྱེད་མི་དང་། སྒྲིག་འཛུགས། ཐབས་ལམ་སོགས་ཀྱང་རིམ་པར་ཐོན་དང་ཐོན་བཞིན་པ་ལས། ཆེ་མཐོང་སྲུང་སྐྱོབ་ཚོགས་པའི་སྐུ་ཞབས་ཕའོ་ལའེ་ཝོ་ཌི་ (Polly Wood) མཆོག་གིས། དྲ་རྒྱའི་ཁོར་ཡུག་ནང་ཚུད་པའི་མིང་གཅིག་པ་ཅན་ཚོར་ཐུན་མོང་གི་དཀའ་ངལ་དེ། གཅིག་གི་མཚན་ཤས་ཀྱིས་གཅིག་གི་ཆེ་མཐོང་ལ་གནོད་སྐྱེད་པ་དང་། ཡང་ན་དོགས་གཞི་ཡོང་བ། དེར་བརྟེན་ཕྱི་ལོག་གི་དྲི་བ་མང་པོ་ཞིག་ལ་ལན་འདེབས་དགོས་པ། གཅིག་གི་ཁ་རྡུང་གཅིག་གིས་བཟེད་དགོས་པ། མིང་གཅིག་པ་ཅན་ཚོ་དང་རང་བཞིན་གྱིས་མ་མཐུན་པ་ཆགས་པ། དྲ་ལམ་བརྒྱུད་ནས་ལས་ཀ་འཚོལ་དུས་མགོ་རྙོག་པ་སོགས་རྣམ་པ་ཅི་རིགས་ཡོད་ཚུལ་དང་། དེ་དག་ལ་གདོང་ལེན་བྱེད་ཕྱོགས་སོགས་ཀྱང་སློབ་སྟོན་བྱས་ཡོད།

 གཞན་ཡང་ཁོང་གིས་ཊ་རཱ་མཱ་ཧྥེ་ (Tara Murphy) ཡིས་ ‘‘ངེད་ནས་རང་མིང་གཅིག་པ་ཅན་མང་པོ་ཞིག་གི་མཚན་ཤས་ཀྱིས་དཀའ་སྡུག་མྱོང་བཞིན་ཡོད་ན། ངེད་ཀྱི་ལེགས་རྗེས་རིགས་ཀྱང་ཁོང་ཚོའི་ལོངས་སྤྱོད་ཐུབ་པ་ཞིག་མ་རེད་དམ། ང་ཞེད་སྣང་ཡོང་གཞི་གཙོ་བོ་ཞིག་དེ་ཡིན།’’ཞེས་གསུངས་ཚུལ་ལུང་འདྲེན་དང་འབྲེལ་ཁྲིམས་ལུགས་ཆེད་མཁས་པ་ཞིག་གི་ངོས་ནས། རང་ཉིད་ཀྱི་ཆེ་མཐོང་གཙུག་འཛིན་དགོས་པ་དེ་ཧ་ཅང་གལ་ཆེན་ཡིན་སྐོར་ཡང་ནན་བརྗོད་བྱས་ཡོད།   ཊ་རཱ་མཱ་ཧྥེ་ (Tara Murphy) ལགས་ནི་ད་ལྟ་ཁྲིམས་ལུགས་སློབ་སྦྱོང་མཐར་ཕྱིན་མ་ཐག་ཡིན་པ་དང་། ཁོ་མོས་དཔེ་གསར་གྱོན་ཆས་དང་མིའི་མཛེས་སྡུག་སྐོར་ལ་དྲ་ཚིགས་གཉིས་ཕྱེས་ཡོད།

དཀའ་ངལ་ཇི་ལྟར་སེལ་ཐུབ་བམ།

 དཀའ་ངལ་འདིའི་རིགས་ནུབ་ཕྱོགས་སྤྱི་ཚོགས་སུ་སྒེར་ངོས་དང་། ཡང་ན་ཁྲིམས་ཐོག་ནས་སེལ་ཐབས་བྱེད་བཞིན་པ་ནི། དཔེར་ན། ཨ་རིའི་རྟོག་སྒྲུང་རྩོམ་པ་པོ་ཝོ་ནའེ་གྷ་སི (Norb Vonnegut) མཆོག་ཨ་རིའི་ཤར་ཕྱོགས་རྒྱ་མཚོའི་ཉེ་འགྲམ་ནེའུ་དབྱིན་ལན་ (New England) ས་གནས་ཨེ་སི་ལན་ཌི་ (RhodeIsland) ནང་གཏན་སྡོད་བྱེད་ཅིང་། ཁོང་གིས་དཔེ་དེབ་ཀྱང་འགའ་ཤས་བརྩམས་མྱོང་ཡོད། འོན་ཀྱང་རྒྱ་ཆེའི་ཀློག་མཁན་མང་པོ་ཞིག་གིས་རྩོམ་པ་པོ་ཁོང་། ཁོ་བའི་གཉེན་ཉེ་འདས་གྲོངས་སུ་ཕྱིན་པའི་རྩོམ་པ་པོ་ཝོ་ནའེ་གྷ་སི (LateKurt Vonnegut (Greatnovelist) ) མཆོག་དང་གོ་ནོར་ཐེབས་མཁན་ཇི་སྙེད་བྱུང་། དེར་བརྟེན་ཁོ་བས་འཁྲུལ་གཞི་དེ་སེལ་སླད། རང་ཉིད་མི་སྒེར་གྱི་ཟིན་བྲིས་དང་། ངོ་དེབ་སོགས་བཟོས་ཏེ་རང་ཉིད་སྐོར་ཁྱབ་བསྒྲགས་ཀྱི་ཐབས་ལམ་བརྒྱུད་དཀའ་ངལ་དེ་ལས་གྲོལ་བའི་ལོ་རྒྱུས་ཡོད།

 དེ་བཞིན་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ནང་རྟེན་གཞི་བྱས་པའི་སྒྲ་འཇུག་ཁང་ཞིག་གི་མིང་བྱང་ལ་ཌེ་ཨེ་ཧྥུ་ཨེ (DFA Records) ཞེས་འབོད་པ་དང་། རྗེས་སོར་ཁེ་ན་ཌའི་ཌོ་རན་ཌོར་གླུ་གར་ཚོགས་པ་ཞིག་གི་མིང་ལའང་ཌེ་ཨེ་ཧྥུ་ཨེ (‘DeathFromAbove’) ཞེས་བཏགས་སྟབས། ཁྲིམས་ཐོག་ནས་ཁེ་ན་ཌའི་གླུ་གར་ཚོགས་པའི་མིང་གི་མཇུག་ཏུ་ཁྱད་ཚིག་ཅིག་སྦྱོར་རྒྱུ་ཐག་བཅད། ཁྱད་ཚིག་དེ་ ༡༩༧༩  ཞེས་པའི་ལོ་ཚིགས་ཤིག་ཡིན་ཞིང་། དེ་ནི་གླུ་གར་ཚོགས་པ་དེའི་ནང་གི་མི་ཞིག་གིས་ལག་པར་བྲིས་ཡོད་པས་ཡིན། རྗེས་སོར་ཁེ་ན་ཌའི་གླུ་གར་ཚོགས་པ་དེའི་མིང་ཌེ་ཨེ་ཧྥུ་ཨེ་ ༡༩༧༩ (‘DeathFromAbove’1979) འདི་ལྟར་གྱུར་པ་རེད།  ཕྱོགས་མཚུངས་ཨ་རིའི་གཞས་ཚོགས་ཤིག་གི་མིང་ལ་ལའེ་བྷིར་ཁྲའེ་ (Liberty) ཞེས་འབོད་པ་དང་། མིང་དེ་ནི་ཨ་རིའི་ The R&B འོག་གི་ལོ་རབས་དགུ་བཅུའི་ནང་སྙན་གྲགས་ཡོད་པའི་གཞས་ཚོགས་ལའེ་བྷིར་ཁྲའེ་ (Liberty) ཞེས་པའི་མིང་དང་གཅིག་མཚུངས་ཡིན་སྟབས། ཁྲིམས་ཐོག་ནས་ The R&B འོག་ཏུ་མེད་པའི་གཞས་ཚོགས་ལའེ་བྷིར་ཁྲའེ་ (Liberty) ནས། མིང་གི་མཇུག་ཏུ་ཁྱད་ཚིག་ལའེ་བྷིར་ཁྲའེ་ཨེ་ཁི་སི (LibertyX) ཞེས་ “X” ཡིག་ཆེན་འདི་འདྲ་ཞིག་འབྲི་དགོས་གྱུར་ཡོད། དེ་ལྟར་དབྱིན་ལེན་ཌིའི་གཞས་ཚོགས་ཤིག་གི་མིང་ལ་སའོ་ཌེ (Suede) ཞེས་ཟེར་གྱི་ཡོད་ཀྱང་། ཨ་རི་ནས་དེ་ལྟར་མི་ཟེར་བར་ཚོགས་པ་འདིའི་མིང་ལ་གྷི་ལོན་ཊོན་སའོ་ཌེ (The London Suede) ཞེས་ཁྱད་ཚིག་ཅིག་སྦྱར་ནས་འབོད་ཀྱི་ཡོད། དེ་ལྟར་འབོད་དགོས་དོན་ནི་ཨ་རིའི་གཞས་པ་སའོ་ཌེ་ (Suede) ཞེས་པ་དང་གོ་ནོར་མི་ཡོང་ཁྱད་ཡིན། འདི་ནས་ང་ཚོས་ལེགས་ཆ་ལེན་རྒྱུ་ཞིག་ལ། གོང་གསལ་ཐག་གཅོད་འདི་དག་གི་ཐུན་མོང་བདེན་ལུགས་ཀྱི་གཞི་འཛིན་ས་གཅིག་ནི། མིང་འདོགས་ལུགས་ཀྱི་གོ་རིམ་སྟེང་ནས་བྱ་བའི་ལས་སུ་ཞུགས་སྔ་ཤོས་ལ་ཚད་བཟུང་བྱས་ཡོད་པ་དེ་རེད།

རང་རེའི་སྤྱི་ཚོགས་ཁོར་ཡུག་ཆུང་ཆུང་འདིར་མཚོན་ནའང་། དྲ་རྒྱའི་བརྒྱུད་ལམ་ཡར་རྒྱས་སུ་ཕྱིན་པ་དང་བསྡོངས་ནས་མངོན་པ་མི་གསལ་བའི་དཀའ་ངལ་གཞན་ཞིག་ཡོད་པ་ནི། སྐྱེས་མིང་འདྲ་བོ་ཡིན་པའི་རྩོམ་འབྲི་བའི་དངོས་མིང་འཁྲུལ་གཞི་ཅན་དག་རེད། དཔེར་ན། སྔོན་ཆད་ལོ་རབས་དགུ་བཅུའི་ནང་བཙན་བྱོལ་རྒྱ་གར་དུ་རྩོམ་འབྲི་བ་འཇིགས་མེད་བློ་གྲོས་ཞེས་པ་ཞིག་བྱུང་ཞིང་། སྐུ་ཞབས་ཁོང་ད་ལྟ་ཨ་རིར་བཞུགས་ཡོད་ནའང་། ད་དུང་རྩོམ་འབྲིའི་ལས་ལ་འཇུག་བཞིན་པ་དང་། རྩོམ་རིག་གི་བྱ་དགའ་ཡང་ཐོབ་མྱོང་མཁན་ཞིག་ཡིན། ལོ་ཤས་གོང་ནས་བཙན་བྱོལ་རྒྱ་གར་དུ་བསྐྱར་དུ་འཇིགས་མེད་བློ་གྲོས་ཞེས་པའི་མིང་གཅིག་མཚུངས་ཅན་ཞིག་གིས་རྩོམ་ཡིག་རེ་གཉིས་བྱུང་སྟབས། ཁོ་གཉིས་བར་འཁྲུལ་གཞིར་གྱུར་ཅིང་འཁྲུལ་བ་དེ་སེལ་སླད། ཕན་ཚུན་བར་གསལ་བཤད་ཀྱིས་མཐའ་དོན་འཇིགས་མེད་བློ་གྲོས་ཕྱི་མས་རིག་སློབ་འཇིགས་མེད་བློ་གྲོས་ཞེས་ཁྱད་མིང་ཞིག་སྦྱོར་རྒྱུའི་ཁས་ལེན་ཞུས་པ་ལྟ་བུ་རེད།

གཞན་དཔེ་རྗེས་འགེབས།

མ་གཞི་སྐྱེ་བོ་གང་ཞིག་ཨ་མའི་མངའ་ཁ་ནས་འཇིག་རྟེན་དུ་ཐོག་མར་སྦྲུམ་དུས་སོ་སོར་སྐྱེས་མིང་རེ་བཏགས་ཡོད་པ་ཤོད་ཅི་ལ་དགོས། དེ་ནི་རང་ཉིད་ལ་བདག་ཅིང་རང་ཉིད་ངོས་འཛིན་བྱེད་གཅིག་པུ་དེའང་རེད། འོན་ཀྱང་། མི་རིགས་གང་ཞིག་གི་སྤྱི་ཚོགས་ནང་སྙུག་འཛིན་པའི་སྡེ་ནི། སྤྱི་ཚོགས་དེ་ལས་བསམ་བློ་གྲལ་རིམ་ཅུང་མཐོན་པོའི་གྲས་ཡིན་ཞིང་། རང་གི་ཁོར་ཡུག་ན་རང་ཉིད་ཀྱི་སྔོན་དུ་རང་ཉིད་དང་སྐྱེས་མིང་འདྲ་བའི་རྩོམ་འབྲི་བ་རེ་བྱུང་ཡོད་ཚེ། ཀློག་པ་པོ་རྣམས་གང་ཟག་གཅིག་ཤོས་གཅིག་ལ་གོ་ནོར་མི་ཐེབས་ཆེད། རྩོམ་འབྲི་བ་ཕྱི་མས་རང་གི་དངོས་མིང་ཐོག་ཁྱད་འབྱེད་ཀྱི་ཚིག་ཅིག་སྦྱོར་དགོས་པ་དེ་ཡང་། ང་ཚོར་ཁྲིམས་ལུགས་ཀྱི་གཞི་འཛིན་ས་མེད་ཀྱང་ཀུན་སྤྱོད་ཀྱིས་བསླབས་པའི་འགན་འཁྲི་ཞིག་ཅི་ལ་མིན།

 ལར་ནས་དེང་གི་ན་གཞོན་ཤེས་ཡོན་པ་ཕལ་ཆེ་བས་རྩོམ་ཡིག་འབྲི་བ་ནི། མི་རིགས་ཀྱི་འགན་འཁྲི་གླེང་བར་ཁེ་འཆེས། དེ་ནི་ཤིན་ཏུ་ནས་དགའ་འོས་པའི་གནད་དོན་ཞིག་ལགས་ནའང་། ང་ཚོས་དེ་སྔོན་དུ་རང་ཉིད་ཀྱི་རྩོམ་བྱང་དང་། སྙུག་མིང་། དངོས་མིང་སོགས་ཀྱིས་རང་སྡེ་གཅིག་པ་དག་ལ་བརྡབ་གསིག་མི་འགྲོ་བར་ཅིས་ཀྱང་འགན་ཐེག་དགོས། དེ་ལྟར་མི་ཐུབ་པའི་སྙུག་ཐོགས་པ་ཞིག་ཡིན་ཚེ་དེའི་རྩོམ་ཡིག་གི་འགན་འཁྲིའི་རང་བཞིན་ཡང་དུ་བའི་རྟགས་ཀྱིས་མེ་བཞིན་མ་གྱུར་གྲང་། དེས་ན་རང་རེའི་སྤྱི་ཚོགས་འདིའི་རྩོམ་པ་པོའི་སྡེ་རུ་ཡང་མིང་གཅིག་པའི་འཁྲུལ་གཞི་དེ་སྔ་སོར་བྱུང་བ་དང་ཕྱིས་འབྱུང་མི་སྲིད་པ་ཞིག་མིན་སྟབས། ཆུ་མ་འོང་གོང་གི་རགས་དང་། དགྲ་མ་འོང་གོང་གི་དོགས་ཀྱི་དཔེ་ལྟར། དཀའ་རྙོག་དེ་རིགས་ཇི་ལྟར་སེལ་བའི་ཐབས་ལམ་བཟང་ཤོས་ནི།   གཞན་དཔེ་རྗེས་འགེབས་ཏེ་ནུབ་ཕྱོགས་སྤྱི་ཚོགས་ལྟར་ཁྱད་ཚིག་ཅིག་སྦྱོར་བ་དེ་འོས་འཚམས་སུ་མངོན་ནའང་། ཁྱད་ཚིག་སུས་སྦྱོར་ཐད་གོང་གསལ་བཞིན་རང་མིང་སྟེང་རྩོམ་འབྲིའི་ལས་ལ་འཇུག་རིམ་གྱི་དབང་དུ་བྱས་ན་ལེགས། འོན་ཀྱང་དགོས་དབང་གིས་དེ་གོ་ལྡོག་བྱེད་མི་ཆོག་པ་ཡང་མེད་པར་འདོད།

 

འབྲེལ་ཡོད་གསར་འགྱུར།

Editorials

ཤོད་མཁན་ཇེ་མང་། ཉན་མཁན་ཇེ་ཉུང་།

ཆུ་ཚོད་ ༡༨ སྔོན་ལ།
Taiwan's President Lai Ching-te (2nd-L) and Defence Minister Wellington Koo (3rd-L) (Photo by I-Hwa Cheng / AFP via Getty Images)
Mobile App

ཐའེ་ཝན་གྱིས་དམག་ཤུགས་བསྐྱེད་ནས་རྒྱ་ནག་གི་བཙན་འཛུལ་ལ་འགོག་རྒོལ་བྱ་རྒྱུ་ཡིན་འདུག 

ཆུ་ཚོད་ ༡༨ སྔོན་ལ།
TTT
Mobile App

འབྲས་སྤུངས་ཁྲི་ཟུར་རྗེ་བཙུན་དཀོན་མཆོག་དཔག་བསམ་དཔལ་བཟང་པོ་མཆོག་དགོངས་པ་རྫོགས།

ཆུ་ཚོད་ ༢༢ སྔོན་ལ།
State Map of Arunachal Pradesh | Source: Survey of India
གསར་འགྱུར།

རྒྱ་གར་གྱིས་ཨ་རུ་ན་ཅལ་མངའ་སྡེའི་ས་མིང་ ༢༧ གཏན་འབེབས་བྱས། 

༢༠༢༦/༠༨/༡༠
China is using AI to identify and track fish populations travelling through a fishway at Zangmu Hydropower Station on the Yarlung Tsangpo River in Tibet. Photo: China Out/AFP
Mobile App

རྒྱ་ནག་གཞུང་གིས་རིག་ནུས་ལ་བརྟེན་ནས་བོད་ཀྱི་ཉའི་རིགས་སྲུང་སྐྱོང་ཐུབ་ཀྱི་ཡོད་ཟེར།

༢༠༢༦/༠༨/༡༠
IPS ཡི་པར།
Mobile App

མི་རིགས་མཐུན་སྒྲིལ་གྱི་བཅའ་ཁྲིམས་ཀྱིས་དམར་ཤོག་ཚོགས་པའི་དབང་ཆ་སྲ་བརྟན་ལས་གྲངས་ཉུང་མི་རིགས་ཀྱི་ཐོབ་ཐང་ཆེ་རུ་གཏོང་གི་མེད།

༢༠༢༦/༠༨/༠༩

མཆན། 1

  1. སྐྲན། says:
    ལོ་ 14 སྔོན།

    ཤིན་ཏུ་ལེགས་སོ། བཀའ་དྲིན་ཆེ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese