མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སུད་སི་དང་ཁེ་ཎ་ཌར་བོད་པ་ཞབས་འདྲེན་ཞུ་མཁན་མང་དུ་འགྲོ་གི་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་༸གོང་ས་མཆོག་གིས་ཝིར་ཇི་ནི་ཡའི་སློབ་ཕྲུག་དང་མང་ཚོཊ་ལ་བཀའ་སློབ་དང་། བོད་མི་ཚོར་ལུང་པ་གང་དུ་བསྡད་ཀྱང་བོད་པའི་མཚན་ཤས་དང་ཞབས་འདྲེན་མི་ཞུས་པའི་ཐོག་བཀའ་སློབ་བསྩལ་ཡོད་འདུག

ཉིན་འདིར་འགར་༸གོང་ས་མཆོག་གིས་མུ་མཐུད་ཨ་རིའི་ས་གནས་ཁག་ཅིག་ཏུ་མཛད་འཕྲིན་སྐྱོང་བཞིན་པ་ལྟར། ཕྱི་ཚེས་ ༡༢ ཉིན་༸གོང་ས་མཆོག་གིས་མཱེ་ཌེལ་བྷུ་རེའི་གཙུག་ལག་སློབ་གྲྭར་ (Middlebury) དགེ་ལས་སློབ་ཕྲུག་དང་ས་གནས་མང་ཚོཊ་སྟོང་ཕྲག་བརྒལ་བར། ༼སེམས་ཁམས་དང་ཤེས་ཡོན༽ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཏེ། དུས་རབས་ཉེར་གཅིག་པའིོ་ནང་དམིཊ་བསལ་གཞོན་སྐྱེས་ཚོས་ཤེས་ཡོན་སློབ་སྦྱོང་ཐོག་དོ་སྣང་སྤྲོད་དགོས་པ་མ་ཟད། གཞོན་སྐྱེས་ཚོས་མཐོ་སློབ་ཐོན་པ་ཙམ་མིན་པར་རིཊ་གཅིག་རྐང་འཛིན་གྱི་སློབ་སྦྱོང་གནང་རྒྱུ་ཧ་ཅང་གལ་ཆེན་ཡིན་ཚུལ་དང་། ཤེས་ཡོན་སློབ་སྦྱོང་གི་དམིགས་ཡུལ་སོ་སོའི་དཔལ་འབྱོར་འཚོལ་སྒྲུབ་ཁོ་ནའི་ཆེད་མིན་པར། རང་གཞན་གཉིས་དང་སྤྱི་ཚོཊ་ཀྱི་ཁེ་ཕན་བསྒྲུབ་པའི་དོན་དུ་ཡིན་པའི་བསམ་པའི་འདུ་ཤེས་འཛིན་དགོས་སྐོར། ན་གཞོན་སློབ་མ་ཚོའི་ངོས་ནས་དགེ་རྒན་གྱིས་གང་བསླབ་པ་རྣམས་མྱོང་གོམས་དཔྱད་གསུམ་ཐོག་སྤྱི་ཚོཊ་ལ་ཕན་པའི་མི་སྣ་ཞིག་ཆཊ་རྒྱུར་འབད་བརྩོན་བྱ་དགོས་སྐོར་ནན་བརྗོད་གནང་ཡོད་འདུག

ཕྱི་ཚེས་ ༡༡ ཉིན་༸གོང་ས་མཆོག་ཨ་རིའི་ཝིར་ཇི་ནི་ཡའི་གཙུག་ལག་སློབ་གྲྭ་ (University of Virginia) ནང་ཚོཊ་པའི་༼དུས་རབས་ཉེར་གཅིག་པའི་སྨན་བཅོས་བལྟ་སྐྱོང་ལམ་ལུཊ་ནང་བྱམས་བརྩེའི་གལ་གནད༽ཅེས་པའི་བགློ་གླེང་ཚོཊ་འདུར་ལྷན་ཞུཊ་གནང་ཡོད་ཅིང་། བགློ་གླེང་དེར་ཝིར་ཇི་ནི་ཡའི་གཙུག་ལག་སློབ་གྲྭའི་སྨན་གཅོས་བལྟ་སྐྱོང་ཤེས་ཡོན་ཚན་པའི་འགན་འཛིན་ལེ་སི་ལི་བྷི་ལེཀ་ཧལ་ (Leslie Blackhall) ལཊ་དང་། སློབ་གྲྭ་དེའི་གོ་ལའི་འཕྲོད་བསྟེན་བལྟ་སྐྱོང་ཚན་པའི་འགན་འཛིན་རི་ཆ་ཌི་གུ་རེན་ཌི་(Richard Guerrant)ལཊ། མཁས་དབང་ཇོར་ཇི་བྷེ་ལར་ (George Beller) ལཊ། མཁས་དབང་ཌོ་རི་ཀེ་ཕོན་ཊེན་ ( Dorrie K. Fontaine) ལཊ་བཅས་མཉམ་ཞུཊ་གནང་འདུག

བགློ་གླེང་ཐོག་༸གོང་ས་མཆོག་གིས་ཁོང་ནི་སྨན་ཟ་མྱོང་མཁན་ཞིག་ཡིན་པ་ལས་སྨན་བཅོས་བྱ་རྒྱུའི་ཉམས་མྱོང་གང་ཡང་མེད་སྐོར་ངོ་སྤྲོད་དང་འབྲེལ། སྨན་པས་ནད་པར་བྱམས་བརྩེའི་རྣམ་འགྱུར་བསྟན་ཚེ། ནད་པའི་སེམས་ཁམས་ལྷོད་ལ་བབ་སྟེ་སེམས་ནང་རང་བཞིན་གྱིས་གདེང་ཚོད་སླེབས་ཀྱི་ཡོད་པ་དང་། ལུས་པོའི་འཕྲོད་བསྟེན་ནི་སེམས་ཁམས་དང་འབྲེལ་བ་ཡོད་ཅིང་། སེམས་ཞི་བདེ་བག་ཕེབས་ངང་གནས་ཡོད་ན། ལུས་པོར་ནད་ཀྱིས་ཅི་ཙམ་མནར་ཡང་གང་མགྱོཊ་དྲག་སྐྱེད་ཐུབ་པ། སེམས་ཆཊ་སྡང་དྲག་པོས་གཞན་དབང་དུ་སོང་སྟེ་སེམས་མ་སྐྱིད་པའི་གནས་སྐབས་སུ་བསམ་བློ་བཟང་ཕྱོཊ་སུ་འགྲོ་རྒྱུར་ཧ་ཅང་ཁག་པོ་ཡིན་པ་དང་། སྐབས་དེར་ནང་ཆོས་ལས་གསུངས་བའི་དབུཊ་འབྱིན་རྔུབ་དང་འབྲེལ་བའི་སེམས་གནས་ཐབས་ཀྱི་ཏིང་ངེ་འཛིན་དགུ་ཉམས་ལེན་བྱ་ཐུབ་ཚེ་ཕན་ཐོཊ་ཡོད་ཚུལ་སོཊ་གསུངས་ཏེ། “ ད་ཆར་འཛམ་གླིང་ཐོག་བྱམས་བརྩེའི་ཐོག་ནད་པར་སྨན་བཅོས་བྱ་རྒྱུར་ཕན་ཐོཊ་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་ཀྱང་། ཐབས་ལམ་དེ་གོང་འཕེལ་ཇི་ལྟར་གཏོང་ཐུབ་མིན་ཐོག་ཚང་མས་ཉམས་ཞིབ་བྱས་ཏེ། ད་ལྟའི་སྨན་བཅོས་བལྟ་སྐྱོང་ནང་མ་འདང་པའི་ཆ་གང་ཡོད་པ་རྣམས་ཁ་སྐོང་རྒྱུར་བསམ་བློ་གཏོང་དགོས་ཀྱི་འདུག འཛམ་གླིང་ནང་མང་གཙོའི་ལམ་ལུཊ་ཚད་མཐོ་ཤོས་སུ་བསླེབས་པའི་ཨ་རིའི་རྒྱལ་ཁབ་ནང་། སྨན་བཅོས་བལྟ་སྐྱོང་ལས་གཞི་ཐབས་ལམ་རྣམ་པ་འདྲ་མིན་ཐོག་འཚོལ་ཞིབ་ཀྱིས་ཡར་རྒྱས་གཏོང་རྒྱུ་གལ་ཆེན་ཆཊ་ཡོད། མི་ཚེའི་ནང་བདེ་སྐྱིད་ཡོང་བའི་རྒྱུ་གཙོ་བོ་སྙིང་ཐག་པ་ནས་གཞན་དོན་ཁོ་ནའི་ཆེད་བསམ་བློ་གཏོང་རྒྱུ་དེ་རེད། རང་ལ་བྱམས་བརྩེའི་བསམ་པ་ཡོད་ཚེ་སེམས་ནང་ཁོང་ཁྲོ་དང་ཕྲག་དོག ཆཊ་སྡང་སོཊ་ཡོང་གི་མེད་ལ། ཁྱིམ་ཚང་དང་རྒྱལ་ཁབ་ཞི་བདེ་ཡོང་མིན་གཙོ་བོ་བྱམས་བརྩེའི་བསམ་པར་རག་ལས་ཡོད། ”ཅེས་གསུངས་འདུག

ཕྱི་ཚེས་ ༡༡ ཉིན་༸གོང་ས་མཆོག་གིས་ཝིར་ཇི་ནི་ཡ་མངའ་སྡེའི་གྲོང་ཁྱེར་ཆར་ལོ་སི་ཝི་ལིའི་གྲོང་ཁྱེར་ཚོམས་ཆེན་དུ། ས་གནས་མི་མང་ ༣༥༠༠ བརྒལ་བར་༼འཛམ་གླིང་ཧྲིལ་པོའི་ཀུན་སྤྱོད༽ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་ཡོད་འདུག་ལ། གསུང་བཤད་མགོ་མ་བཙུཊ་གོང་གྲོང་ཁྱེར་སྤྱི་ཁྱབ་པ་ཨིན་ཌ་ར་ཧུ་ཇ་ (Satyendra Huja) མཆོག་གིས། ཕྱི་ཚེས་ ༡༡ ཉིན་མོ་ནི་བོད་ཀྱི་༸ཏཱ་ལའི་བླ་མ་མཆོག་ལ་གུས་བརྩིའི་མཚོན་ཆེད་ཞི་བདེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གསལ་བསྒྲཊ་དང་། དེའི་རྗེས་ཝར་ཇི་ནི་ཡའི་གཙུག་ལག་སློབ་གྲྭའི་མཁས་དབང་ཇེབ་རི་ཧོབ་ཀིན་ (Jeffrey Hopkins) ལཊ་ཀྱིས། ༸གོང་ས་མཆོག་ལ་ཕེབས་བསུའི་འཚམས་འདྲི་གནང་སྟེ། དེང་སྐབས་བོད་ཀྱི་༸ཏཱ་ལའི་བླ་མ་ཞེས་བརྗོད་སྐབས། བྱམས་བརྩེ་དང་འབྲེལ་བ་ཟབ་མོ་ཡོད་པར་ངོས་འཛིན་བྱེད་བཞིན་ཡོད་པ་དང་། ༢༠༠༩ ལོ་ནས་ད་བར་བོད་ནང་བོད་མི་ ༥༤ ཡིས་རང་བསྲེཊ་བཏང་བ་ནི། བོད་མི་ཚོས་གཞན་ལ་གནོད་འཚེའི་བསམ་པ་སྤངས་ཏེ། ཨུ་ཐུག་ཐབས་ཟད་ཀྱི་གནས་སྟངས་གསལ་སྟོན་ཆེད་བྱམས་བརྩེའི་བསམ་པས་རང་བསྲེཊ་བཏང་བ་ཞིག་ཡིན་སྐོར་དང་། ཝེ་ཐི་ནམ་དུ་རང་བསྲེཊ་སྐབས་རྒྱལ་སྤྱིའི་སྟེང་ཁོང་ཚོའི་དཀའ་ངལ་ལ་བདག་པོ་བརྒྱབ་ཡོད་ཀྱང་། བོད་མི་ ༥༤རང་བསྲེཊ་བཏང་ཟིན་ཡང་བོད་མིའི་དངོས་ཡོད་དཀའ་ངལ་ལ་རྒྱལ་སྤྱིས་བདག་པོ་མ་བརྒྱབ་པ་དེ་ཧ་ཅང་བློ་ཕམ་སྐྱེ་གཞི་ཞིག་ཡིན་སྐོར་ནན་བརྗོད་གནང་འདུག

ཕྱི་ཚེས་ ༡༢ ཉིན་༸གོང་ས་མཆོག་གིས་ཨ་རིའི་ཝིར་ཇི་ན་ཡར་གནས་སྡོད་བོད་མི་དང་དང་བོད་མིའི་རླུང་འཕྲིན་གསར་འགོད་པ་ཁག་ཅིག་ལ་བཀའ་སློབ་བསྩལ་ཏེ། བོད་མི་གསར་འགོད་པ་དག་གིས་གསར་འགྱུར་ཁུངས་བཙན་པོ་དང་ཁ་གསལ་པོ། ལྷག་བསམ་རྣམ་དག་དང་འགན་གཙོ་བོ་འཁུར་བའི་ཐོག་རྒྱང་སྲིང་དགོས་པ་ལས། གནས་སྐབས་ཀྱི་སོ་སོའི་ཁེ་ཕན་དང་ཕོཊ་ཐོབ་ཙམ་ལ་བསམ་བློ་བཏང་སྟེ་ལས་ཀ་འཐུས་ཤོར་བཏང་ན་ཡག་པོ་མེད་ཚུལ་དང་། ཕྱི་རྒྱལ་དུ་སྡོད་མཁན་བོད་པ་ཚོའི་ཀུན་སྤྱོད་ཐོག་དམིཊ་བསལ་བཀའ་སློབ་བསྩལ་ཏེ། “ ཁྱེད་ཚོ་ལུང་པ་གང་དུ་བསྡད་ཡོད་ཀྱང་བོད་པའི་མཚན་ཤས་མ་ཡོང་བ་དང་ཞབས་འདྲེན་མ་ཞུས་པ་ཞིག་བྱ་དགོས། བར་སྐབས་སུད་སི་ནང་བོད་པ་ཞབས་འདྲེན་ཞུ་མཁན་ཁ་ཤས་ཡོང་གི་འདུག་ལ། ཉེ་ཆར་ཁེ་ན་ཌར་ཡང་ཞབས་འདྲེན་ཞུ་མཁན་ཁ་ཤས་ཤིག་བྱུང་འདུག དེ་ཚོའི་གྲས་ཕྲན་བུ་མང་དུ་འགྲོ་གི་འདུག སྔ་མོའི་བོད་མི་ཚོར་དེང་དུས་ཤེས་ཡོན་མེད་ཀྱང་ཡ་རབས་དང་དྲང་པོ། བློས་ཐུབ་བྱ་རྒྱུའི་གོམས་གཤིས་ཤིག་ཡོད་སྟབས། མི་རབས་གོང་མ་ཚོས་ཕལ་ཆེར་ཞབས་འདྲེན་ཞུས་མེད། དེང་སྐབས་བོད་པ་ཞབས་འདྲེན་ཞུ་མཁན་ཕྲན་བུ་ཡོང་བཞིན་འདུག དེ་ཚོའི་གྲས་ལ་ཁྱེད་ཚོ་ཁྱིམ་ཚང་མི་རེ་ངོ་རེས་གཟབ་གཟབ་བྱས་ཏེ། སོ་སོའི་ཁྱིམ་ཚང་ནང་གི་ཕྲུ་གུ་ཚོར་སློབ་གསོ་རྒྱག་དགོས། ”ཅེས་གསུངས་འདུག དེ་བཞིན། ཉིན་དེའི་ཕྱི་དྲོར་༸གོང་ས་མཆོག་གིས་ས་གནས་བོད་རིཊ་ ༤༠༠ ཙམ་ལ་འདས་པའི་དུས་རབས་ཕྱེད་ཀ་ལྷག་གི་རིང་རྒྱ་གཞུང་གིས་དབང་བསྒྱུར་དྲག་གནོན་བྱས་ཀྱང་བོིད་ནང་གི་བོད་མིའི་སྙིང་སྟོབས་ལ་ཉམས་པ་མེད་ཚུལ་དང་། བོད་མི་ན་གཞོན་ཚོས་རིག་གཅིག་རྐང་འཛིན་ཐོག་ཤུཊ་རྒྱག་དགོས་སྐོར། བོད་མིའི་ཆབ་སྲིད་འགན་དབང་མང་ཚོཊ་ཀྱིས་བདམས་པའི་མགོ་ཁྲིད་ལ་རྩིས་སྤྲོད་གནང་ཕྱོཊ་ཐོག་བཀའ་སློབ་བསྩལ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་རྒྱ་གར་རང་བཙན་ཉིན་མོ་ཐེངས་ ༨༠ པ་སྲུང་གཙི་གནང་སོང་། 

ཆུ་ཚོད་ ༡༦ སྔོན་ལ།
མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

༢༠༢༦/༠༨/༡༤
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

༢༠༢༦/༠༨/༡༤
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣

མཆན། 3

  1. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    སུད་སི་དང་ཁེ་ཎ་ཌར་བོད་པ་ཚོས་ཞབས་འདྲེན་མ་ཞུ་རོགས། ཐུགས་རྗེས་གཟིགས།

    Reply
  2. སྐར་མདའ། says:
    ལོ་ 14 སྔོན།

    གོང་དུ་༼་་ཕྱི་ཚེས་ ༡༡ ཉིན་༸གོང་ས་མཆོག་གིས་ཝིར་ཇི་ནི་ཡ་མངའ་སྡེའི་གྲོང་ཁྱེར་ཆར་ལོ་སི་ཝི་ལིའི་གྲོང་ཁྱེར་ཚོམས་ཆེན་དུ། ས་གནས་མི་མང་ ༣༥༠༠ བརྒལ་བར་༼འཛམ་གླིང་ཧྲིལ་པོའི་ཀུན་སྤྱོད༽ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་བསྩལ་་་༽ཞེས་བཀོད་འདུག་པ་དེར་ང་ཡང་བཅར་བ་ཡིན།
    ཡིན་ནའང་། ངས་ཤེས་གསལ་ལྟར་ན། ཚོགས་ཁང་དེའི་ནང་རྐུབ་སྟེགས་གཅིག་པོ་༤༥༠༠ གོ་སྒྲིག་བྱས་འདུག་པ་རྣམས་ཁེངས་ཚར་འདུག་པས་མ་ཚད། དེའི་རྒྱབ་ལོགས་ཀྱི་སྤང་ཀའི་ཐོག་ན་ཡང་མི་ཚོགས་མང་པོ་འཚང་ཁ་ཤིག་ཤིག་གིས་བཅར་འདུག་པས། དེར་ས་གནས་མི་མང་༥༠༠༠ བརྒལ་ཡོད་པ་ནི་ཧ་ཅང་དྲང་བདེན་གྱི་གནས་ཚུལ་ཞིག་ཡིན། ཕྱི་ཚེས་ ༡༢ ཉིན་ཟེར་བ་དེ་ཚེས་ ༡༡ ལ་བཟོ་བཅོས་རྒྱག་དགོས། ཚེས་ ༡༡ ཉིན་རང་གི་ཆུ་ཚོད་ ༡༢ ཡོལ་ཙམ་རྗེས་ནས་༧གོང་ས་མཆོག་གིས་ས་གནས་བོད་རིགས་དང་། ས་གཞན་ནས་བཅར་བའི་བོད་རིགས་བཅས་ ༡༥༠ ལྷག་ལ་དམིགས་བསལ་བཀའ་སློབ་བསྩལ་སོང་བས། གོང་དུ་༼ཉིན་དེའི་ཕྱི་དྲོར་༸གོང་ས་མཆོག་གིས་ས་གནས་བོད་རིཊ་ ༤༠༠ ཙམ་ལ་༽ཞེས་བཀོད་འདུག་པ་དེ་ཡང་འགོད་ནོར་ཐེབས་འདུག ཆུ་ཚོད་ ༢ མ་ཟིན་ཙམ་ནས་༧གོང་ས་མཆོག་གིས་མི་མང་བཀའ་སློབ་བསྩལ་ཞིང་དེ་གྲུབ་མཚམས་མཇུག་བསྡུས་པ་རེད།

    Reply
  3. ཤག་སྒང་པ། says:
    ལོ་ 14 སྔོན།

    སྐུ་མཁྱེན། སྐུ་མཁྱེན།

    གསར་འགོད་པ་དང་བོད་རིགས་ན་གཞོན་ཚང་མས་གཟོབ་ཅིག

    འཛམ་གླིང་མི་མང་གི་མདུན་དུ་ངོམ་རིན་ཆོག་པའི་རྩ་ཆེན་གྱི་གཤིས་སྤྱོད་འདི་ནས་ང་ཚོ་འགྱེལ་ན་འགྱེལ་གཅིག་ཡིན་པས་ང་ཚོ་ཡི་ད་གཟབ་བྱོས་ཤིག

    གནས་ཚུལ་གོང་ནས་བཀའ་བསྩལ་ཡོང་དུས་ཛ་དྲག་རེད་དཱ།

    བོད་པ་གཟོབ་ཅིག བཟང་པོའི་གོམས་གཤིས་དང་། བྱམས་སྙིང་རྗེ་གཞན་ཕན་དག་ནི་ང་ཚོའི་ནོར་རྙིང་ངོ་།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese