མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དང་རྒྱ་གར་ས་མཚམས་ནས་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས།

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་བ་མི་ ༤༧ དང་བོད་མི་ ༣༦ བཅས་བོད་དང་རྒྱ་གར་གྱི་ས་མཚམས་སུ་བསྐྱོད་དེ། བོད་ཀྱི་རྒྱལ་དར་འཕྱར་བ་དང་རླུང་དར་བསྒྲེངས་འཛུགས་ཀྱི་ལས་འགུལ་སོགས་སྤེལ་འདུག

ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༡༤ བར་ཉིན་ ༥ རིང་། རྒྱ་གར་བོད་དོན་རྒྱབ་བསྐྱོར་ཚོགས་པ་(Bharat Tibet Sayong Munch) གོ་སྒྲིག་འོག  “རྟ་དབང་དུ་བསྐྱོད་པ་(Tawang Yatra)” ཞེས་པའི་ལས་འགུལ་ཞིག་སྤེལ་ཏེ། རླངས་འཁོར་ ༡༡ སྟེང་བོད་དང་རྒྱ་གར་གྱི་རྒྱལ་དར་བསྒྲེངས་འཛུགས་ཐོག   རྒྱ་གར་བོད་དོན་རྒྱབ་སྐྱོར་བ་མི་ ༤༧ དང་བོད་མི་ ༣༦ བཅས་མོན་རྟ་དབང་ཁུལ་གྱི་བོད་དང་རྒྱ་གར་གཉིས་ཀྱི་ས་མཚམས་སུ་བསྐྱོད་དེ། བོད་ཀྱི་རྒྱལ་དར་འཕྱར་བ་དང་། བོད་ནས་བཞུར་འོང་བའི་ཆུ་བོ་གྷ་གར་ལ་མཆོད་ཁ་འཐེན་པ། རླུང་དར་བསྒྲེངས་འཛུགས་བྱེད་པ། ཕྱག་གནས་གཏོར་བ། རང་ཡུལ་བོད་ཀྱི་ཕྱོགས་སུ་ཕྱག་འཚལ་བ་དང་སྨོན་ལམ་རྒྱག་སོགས་བྱས་ཡོད་ལ། དེ་ནི་འདས་པའི་མི་ལོ་ ༥༠ ནང་བོད་དང་རྒྱ་གར་ས་མཚམས་སུ་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་པ་ཐོག་མ་དེ་ཆགས་ཡོད་འདུག 

“རྟ་དབང་དུ་བསྐྱོད་པ” ཞེས་པའི་ཐེངས་འདིའི་ལས་འགུལ་གྱི་དམིགས་གཙོ་བོ་ནི། གཅིག མོན་རྟ་དབང་དེ་བཞིན་རྒྱལ་གར་ས་ཁོངས་ཡིན་པ་དང་། རྒྱ་ནག་གི་ཡིན་ཁོངས་བརྗོད་པའི་གནས་ཚུལ་དེ་དག་བདེན་པ་མིན་པ།  གཉིས། ཕྱི་ལོ་ ༡༩༦༢ ཟླ་ ༡༠ ནང་རྒྱ་དཀར་ནག་གཉིས་བར་དམག་འཁྲུག་བྱུང་སྐབས། རྒྱ་གར་གྱི་དམག་མི་འདས་གྲོངས་སུ་འགྱུར་ཏེ་དྲན་རྟེན་བཞེངས་ཡོད་པ་རྣམས་ལ་གུས་འདུད་ཞུ་རྒྱུ། གསུམ། ས་མཚམས་དེ་བཞིན་བོད་དང་རྒྱ་གར་ས་མཚམས་ཡིན་པ་ལས། རྒྱ་གར་དང་རྒྱ་ནག་གི་ས་མཚམས་མིན་པས་འགྲེལ་བརྗོད་གོ་རྟོགས་སྤེལ་རྒྱུ། བཞི། བོད་ནང་སྐུ་ལུས་མེ་བསྲེགས་མུ་མཐུད་བྱེད་བཞིན་པ་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། དངོས་ཡོད་གནས་སྟངས་ཅི་ཡིན་ཞིབ་འཇུག་དགོས་པའི་འབོད་སྐུལ་བཅས་ཡིན་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་རྟ་དབང་དུ་བསྐྱོད་པའི་ལས་འགུལ་དེ་ནི། ཨ་སམ་མངའ་སྡེའི་རྒྱལ་ས་གོ་ཧ་ཀི་ནས་མགོ་འཛུགས་ཀྱིས། བོད་མིའི་གཞིས་ཆགས་ས་གནས་ཤི་ལོང་དང་བསྟན་འཛིན་སྒང་བརྒྱུད། ཕྱི་ཚེས་ ༡༡ ཉིན་འབུམ་སྡེ་ལར་འབྱོར་འཕྲལ། ས་གནས་བོད་མིའི་འབྲེལ་ཡོད་མགོ་འཛིན་ཁག་གཙོས་མི་མང་རྣམས་ཀྱིས་ཕེབས་བསུ་དང་མཉམ་ཞུགས་གནང་ཡོད་ལ། ཕྱི་ཚེས་ ༡༢ ཉིན་འབུམ་སྡེ་ལ་ནས་རྒྱ་གར་མངའ་སྡེ་ཁག་ ༨ ནས་ཕེབས་པའི་བོད་དོན་རྒྱབ་སྐྱོར་བ་ ༤༧ དང་། ས་གནས་གཞིས་གྲོང་བོད་མི་ ༣༦ གིས་རླངས་འཁོར་ ༡༡ སྟེང་བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཐོག་མོན་རྟ་དབང་དུ་བསྐྱོད་ཡོད་ལ། སྐབས་དེར་ས་གནས་རྟ་དབང་ཡུལ་མི་རྣམས་ཀྱིས་བོད་ཀྱི་རྒྱལ་དར་ལ་དོ་སྣང་ཤུགས་ཆེན་པོ་བསླེབས་ཡོད་འདུག 

ཕྱི་ཚེས་ ༡༣ ཉིན་གྱི་ཞོགས་པ་ཆུ་ཚོད་ ༧ སྟེང་། བོད་ཀྱི་རྒྱལ་དར་བསྒྲེངས་འཛུགས་བྱས་ཡོད་པའི་ལས་འགུལ་བའི་རླངས་འཁོར་རྣམས་མོན་རྟ་དབང་ནས་ཐོན་ཏེ།  ཉིན་གུང་ཆུ་ཚོད་ ༡༡ ཙམ་ལ་བོད་དང་རྒྱ་གར་གྱི་ས་མཚམས་སུ་བསླེབས་ཡོད་པ་དང་། ས་མཚམས་ནས་དུས་ཡུན་ཆུ་ཚོད་ ༡ རིང་བོད་ཀྱི་རྒྱལ་དར་འཕྱར་ཏེ་བོད་ཡུལ་དུ་ཁ་ཕྱོགས་ནས་གསོལ་བ་སྨོན་ལམ་རྒྱག་པ་དང་། རླུང་དར་བསྒྲེངས་འཛུགས་སོགས་ཀྱི་ལས་འགུལ་སྤེལ་གྲུབ་རྗེས་ཕྱིར་ལོག་ཡོད་པ་དང་། ཕྱི་དྲོ་ཆུ་ཚོད་ ༣ ཙམ་ལ་རྟ་དབང་དགའ་ལྡན་ལྷ་རྩེ་རྣམ་རྒྱལ་མཁན་རིན་པོ་ཆེ་མཆོག་གིས་བོད་དོན་ལས་འགུལ་ལ་རྒྱབ་སྐྱོར་གྱི་གསུང་བཤད་གནང་ཡོད་ལ། དགོང་མོ་དམག་སྒར་ནང་༸གོང་ས་མཆོག་བོད་ནས་ཆིབས་བསྒྱུར་བསྐྱངས་པའི་སྐོར་དང་། གཞན་ཡུལ་ལྗོངས་སྐོར་གྱི་གློག་བརྙན་གཟིགས་འབུལ་ཞུས་ཡོད་འདུག 

ཕྱི་ཚེས་ ༡༤ ཉིན་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་རྟ་དབང་བོད་མི་ནས་མཇལ་དར་དང་གསོལ་ཇ་འདེགས་འབུལ་ཞུས་ཤིང་། མ་འོངས་པར་ལས་འགུལ་སྤེལ་སྐབས་རྒྱབ་སྐྱོར་མུ་མཐུད་གནང་རྒྱུ་དང་། རྒྱ་དཀར་ནག་གི་ས་མཚམས་སུ་མི་འབོད་པར་བོད་དང་རྒྱ་གར་གྱི་ས་མཚམས་ཞེས་འབོད་རྒྱུའི་རེ་སྐུལ་ཞུས་ཡོད་ལ། ལས་འགུལ་མི་སྣ་གཙོ་བོ་ཨེན་ཌིར་ཤི་ཀཱ་མར་ (Indresh Kumar) ལགས་ཀྱིས། ཐེངས་འདིའི་ལས་འགུལ་ལེགས་འགྲུབ་བྱུང་པའི་གསུང་བཤད་གནང་ཡོད་པ་མ་ཟད།   རྟ་དབང་ཁྲོམ་གཞུང་དུ་བོད་ཀྱི་རྒྱལ་དར་འཕྱར་ཏེ་སྐད་གསང་མཐོན་པོས་བོད་དང་རྒྱ་གར་གཉིས་ཀྱི་རྒྱལ་གླུ་བཏང་སྟེ་ལས་འགུལ་མཇུག་སྒྲིལ་ཡོད་འདུག 

ལས་འགུལ་ཁྲོད་མཉམ་ཞུགས་གནང་མཁན་འབུམ་སྡེ་ལ་བོད་མིའི་གཞིས་དྲུང་བཀྲ་ཤིས་ནོར་བུ་ལགས་སུ། བོད་དང་རྒྱ་གར་གྱི་ས་མཚམས་ནས་ཕ་ཡུལ་བོད་ལ་ལྟ་དུས་སེམས་ཚོར་ག་རེ་བྱུང་ཡོད་མེད་དྲིས་པར། ཁོང་གིས་ “བོད་དང་རྒྱ་གར་གྱི་ས་མཚམས་ནས་རང་ཡུལ་བོད་ཀྱི་ཡུལ་ལྗོངས་མཐོང་ཡོང་དུས། ཐོག་མར་སྨྲ་མི་ཤེས་པའི་དགའ་ཚོར་ཆེན་པོ་ཞིག་སྐྱེས་སོང་ལ། རྗེས་སུ་རང་ཡུལ་རང་ལ་མི་དབང་བར་རྒྱ་གཞུང་གི་བཙན་འཛུལ་འོག་ཡོད་པ་དེར་བསམ་བློ་གཏོང་དུས་སེམས་པ་སྐྱོ་ལྷིང་ངེ་ཆགས་སོང་། དེ་བཞིན། མ་འོངས་པར་བོད་ལ་རང་དབང་ཐོབ་རྗེས། ས་ཆ་འདི་བརྒྱུད་དེ་ཕྱིར་རང་ཡུལ་བོད་དུ་ལོག་དགོས་པ་རེད་བསམ་པ་ཞིག་ཡིད་ལ་འཁོར་བྱུང་། ” ཞེས་བརྗོད་སོང་།

ཐེངས་འདིར་ “རྟ་དབང་དུ་བསྐྱོད་པ” ཞེས་པའི་ལས་འགུལ་བརྒྱུད་ནས་བོད་ཀྱི་རྒྱལ་དར་འཕྱར་བ་དེ་ནི། འདས་པའི་ལོ་ ༥༠ ནང་བོད་དང་རྒྱ་གར་ས་མཚམས་སུ་བོད་ཀྱི་རྒྱལ་དར་འཕྱར་བ་ཐོག་མ་དེ་ཆགས་ཡོད་འདུག 
གསར་འགོད་པ། ཚེ་རིང་རྒྱལ།

འབྲེལ་ཡོད་གསར་འགྱུར།

Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

ཆུ་ཚོད་ ༩ སྔོན་ལ།
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

ཆུ་ཚོད་ ༡༠ སྔོན་ལ།
Because of high altitudes in the Himalayas, difficult terrain and often poor weather, the Kailash Manasarovar pilgrimage if one of the most challenging in the world [File: Purnima Shrestha/Reuters]
Mobile App

བལ་ཡུལ་གྱིས་ས་མཚམས་རྩོད་རྙོག་དང་འབྲེལ་ནས་རྒྱ་གར་གཞུང་ལ་ངོ་རྒོལ་བྱས།

ཆུ་ཚོད་ ༡༠ སྔོན་ལ།
རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་མཇལ་བཅར་ཞུས་པ། རིན་པོ་ཆེའི་ངོ་དེབ་ཀྱི་སྐུ་པར། ལོ་དུས་མི་གསལ།
Mobile App

རུ་སོག་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་ནས་ལས་འཁྱུར་གནང་། 

ཆུ་ཚོད་ ༡༡ སྔོན་ལ།
Election Commission announced the final results of the 2026 Tibetan Parliamentarians. Photo: tibettimes 2026/5/13
Mobile App

བཙན་བྱོལ་བོད་མིའི་སྐབས་བཅོ་བརྒྱད་པའི་འདེམས་ཐོན་སྤྱི་འཐུས་ ༤༥ གསལ་བསྒྲགས་གནང་སོང་།

༢༠༢༦/༠༥/༡༣
ཁ་ལི་ཧྥོར་ནི་ཡ་མངའ་སྡེའི་ཨར་ཁ་དྷི་ཡའི་གྲོང་ཁྱེར་སྤྱི་ཁྱབ་ཨི་ལེན་ཝང་ཞེས་པའི་གསང་ཉུལ་བ་དེ་འཛིན་བཟུང་བྱས། དྲ་ལམ་གྱི་པར།
Mobile App

ཁ་ལི་ཧྥོར་ནི་ཡའི་གྲོང་ཁྱེར་གྱི་སྤྱི་ཁྱབ་རྒྱ་མོ་ཞིག་གིས་གསང་མྱུལ་བའི་ལས་ཀ་བྱས་ཏེ་འཛིན་བཟུང་བྱས།

༢༠༢༦/༠༥/༡༢

མཆན། 6

  1. འབྲོང་སར་ཚེ་ཉི། says:
    ལོ་ 14 སྔོན།

    མོན་རྟ་དབང་ནི་སྔོན་གྱི་ལོ་རྒྱུས་དང་དེང་ངས་གི་འཚོ་བ་དང་གཤིས་ཀ་རིགས་གནང་ཆོས་ལུགས་བཅས་ཀྱི་ཐོག་ནས་བཤད་ན་ནམ་ཡང་བོད་ཀྱི་ས་ཆ་ཞིག་རེད། དེ་ཡིན་པ་རང་རོགས་ཚང་མས་སེམས་ནང་ནས་ངེས་ངེས་ཁ་རེད། ད་རེས་ལས་འགུལ་འདིའི་དགོས་པ་གཅིག་ནི་ལྷོ་མོན་རྟ་དབང་རྒྱ་གར་གྱི་ས་ཆ་ཡིན་པ་ར་སྤྲོད་བྱས་ཞེས་པ་དེས་ཚད་མར་འོས་པའི་ལོ་རྒྱུས་རིང་མོ་དེ་ནག་བསུབ་བཏང་བ་མ་རེད་དམ། གནའ་མེས་གཏམ་དཔེར། ངར་ཤ་གཏུབ་ནས་ཁྱི་ཡི་སྔུན་དུ་གཡུག་ཞེས་པའི་དཔེ་ལས་མ་འདས་སོ།

    Reply
  2. གངས་ཆབ། says:
    ལོ་ 14 སྔོན།

    ཡང་བོད་མི་ཆབ་སྲིད་པ་ཁ་ཤས་ཤིག་གི་རང་ཉིད་ཀྱི་ཁེ་ཕན་དང་མཚན་སྙན་གྱི་ཆེད་དུ་བོད་དོན་ཁ་ལ་འཁྱེར་ནས་རྒྱལ་ཚོང་པའི་ལས་ཀ་བྱེད་འདུག་པ་ལགས་ན་ངོ་རྒོལ་བྱ་རྒྱུ་ཡིན་པ་ལས་རྒྱབ་སྐྱོར་གཏན་ནས་མེ་ད། རྒྱུ་མཚན་ནི། མོན་ཡུལ་གྱི་བདག་དབང་བོད་པ་ལས་གཞན་སུ། རྒྱ་དཀར་པོའི་ས་ཁོངས་ཡིན་པའི་ལོ་རྒྱུས་དང་སྒྲུབ་བྱེད་ཡང་དག་ཞིག་སུ་གང་ལ་ཡང་བརྗོད་རྒྱུ་མེད་པ་མ་ཚད། རྒྱ་དཀར་པོའི་ས་ཁོངས་རེད་ཞེས་བརྗོད་དབང་འང་སུ་གང་ལ་ཡང་ཐོབ་ཐང་ཡོད་པ་མ་རེད། ལོ་རྒྱུས་ནི་ལོང་རྒྱུས་དངོས་རང་ལས་དེར་འགྱུར་བ་གང་ཡང་མེད་པ་དེའང་ཚང་མས་མཁྱེན་པར་མཛོད།

    Reply
  3. ཀརྨ་རྡོ་རྗེ། says:
    ལོ་ 14 སྔོན།

    ་་་་་་ཐེངས་འདིར་ “རྟ་དབང་དུ་བསྐྱོད་པ” ཞེས་པའི་ལས་འགུལ་བརྒྱུད་ནས་བོད་ཀྱི་རྒྱལ་དར་འཕྱར་བ་དེ་ནི། འདས་པའི་ལོ་ ༥༠ ནང་བོད་དང་རྒྱ་གར་ས་མཚམས་སུ་བོད་ཀྱི་རྒྱལ་དར་འཕྱར་བ་ཐོག་མ་དེ་ཆགས་ཡོད་འདུག ་་་་ཟེར།

    Reply
  4. གྲ་ཕྱི་བུ། says:
    ལོ་ 14 སྔོན།

    འདི་ནི་རྒྱ་གར་སྣ་རིང་བ་ཚོའི་ཆབ་སྲིད་ཀྱི་གཡོ་སྒྱུ་ཞིག་དང་། བོད་ཀླད་མེད་ཚོའི་རང་མགོ་རང་གིས་བརྡུངས་པའི་ལས་འགུལ་ཞིག་ཏུ་གྱུར་ཡོད་སྲིད་ཨང་་་་་་་རྟ་དབང་ནི་ལོ་རྒྱུས་ཀྱི་ཐོག་ནས་་་་་་་་

    Reply
  5. ཕུར་བ་སྐྱབས། says:
    ལོ་ 14 སྔོན།

    གསར་འགོད་པ་ཚེ་རིང་རྒྱལ་ལགས། ཉི་མ་རེ་རེ་དང་དུས་ཚོད་རེ་རེ་བྱས་ཏེ་གསར་འགྱུར་ཞིབ་ཚོགས་པོས་དཀའ་ལས་བརྒྱབ་ནས་བྲིས་འདུག་མོད། དངོས་གནས་བྱས་ན་འདི་ལ་ཞིབ་ཚགས་པོའི་འབྲི་རིན་ཡོད་པ་ཞིག་མ་རེད་ལ། གལ་སྲིད་ཞིབ་ཚགས་ཀྱིས་འབྲི་རྒྱུ་ཡིན་ན་འབྲི་སྟངས་ཀྱི་ཆ་ནས་ཀྱང་འགྲིག་མི་འདུག་ཞུ་རྒྱུ་ཡིན། ད་རེས་ལས་འགུལ་སྤེལ་མཁན་དེ་དག་སུ་རད། རྒྱ་གར་ནང་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁ་ཤས་ཡོད་པ་རེད།

    Reply
  6. ཆུ་ཐིགས་སྔོན་མོ། says:
    ལོ་ 14 སྔོན།

    སྤྱིར་བཏང་ལས་འགུལ་ཆེ་ཆུང་ལ་མ་ལྟོས་པར་འདི་ལྟར་སྤེལ་བར་རྗེས་སུ་ཡི་རང་ཡོད།
    འོན་ཀྱང་འུ་ཚང་ལ་ཐོག་མར་ཆགས་པ་མང་པོ་འདུག་་་ཡིན་ནའང་ལག་ལེན་དུ་མེད་པས་ཕན་ཐོགས་ཤིག་ཡོང་གི་མི་འདུག་་་་་གང་ལྟར་ས་མཚམས་ནས་ཕར་མིག་གིས་བལྟ་ཐུབ་པ་ཙམ་བྱུང་བར་དགའ་བསུ་ཞུས་པ་ཡིན།
    བོད་ཀྱི་རྒྱལ་དར་ས་མཚམས་ཙམ་མིན་པར་བོད་ནང་ནས་ཀྱང་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོས་གྲངས་མེད་ཅིག་འཕྱར་བ་རེད་་་་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese