འབྲུག་འོས་བསྡུ་ལྷན་ཁང་གིས་བསླེབ་ལ་ཉེ་བའི་རྒྱལ་ཡོངས་འོས་བསྡུ་མ་ཚར་བར། ཆོས་ཕྱོགས་ཀྱི་ལས་འགུལ་རིགས་སྤེལ་མི་ཆོག་པའི་ཁྱབ་བསྒྲགས་བྱས་འདུག
ཁ་སང་ཕྱི་ཚེས་ ༡༥ ཉིན་འབྲུག་རྒྱལ་ཁབ་ཀྱི་རྒྱལ་ཡོངས་འོས་བསྡུ་ལྷན་ཁང་གིས་གསར་བསྒྲགས་ཤིག་སྤེལ་ཏེ། འབྱུང་འགྱུར་ཕྱི་ཟླ་ ༡ ཚེས་ ༡ ནས་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་འོས་བསྡུ་མཇུག་མ་སྒྲིལ་བར་དུ་ཆོས་ཕྱོགས་ཀྱི་ལས་འགུལ་རིགས་སྤེལ་མི་ཆོག་པ་དང་། དེ་ནི་འབྲུག་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་ཆབ་སྲིད་དང་ཆོས་ལུགས་གཉིས་ཐ་དད་ཡིན་པར་གསལ་ཡོད་པ་ལྟར། ཆོས་ལུགས་དང་འབྲེལ་པའི་ལས་འགུལ་རིགས་སྤེལ་ཏེ་ཆབ་སྲིད་ཀྱི་ལས་དོན་ཐད་ཤུགས་རྐྱེན་མི་ཡོང་ཆེད་ཡིན་པར་བསྒྲགས་འདུག
འབྲུག་རྒྱལ་ཁབ་ཀྱི་འོས་བསྡུ་ལྷན་ཁང་གི་ཚོགས་གཙོ་ཆོས་རྒྱལ་ཌ་གྷོ་རིག་འཛིན་(Chogyel Dago Rigdzin) གྱིས་ཆོས་ཕྱོགས་ཀྱི་ལས་འགུལ་རིགས་བཀག་འགོག་བྱས་དོན་ནི། ཆབ་སྲིད་དང་ཆོས་ལུགས་མཉམ་བསྲེས་མི་ཡོང་བའི་སྔོན་འགོག་ཅིག་ཡིན་པ་དང་། རྩ་དོན་དེར་ཚང་མས་རྒྱབ་སྐྱོར་དང་མཉམ་སྒྲིལ་བྱ་དགོས་པའི་འབོད་སྐུལ་ཞུས་འདུག
འབྲུག་རྒྱལ་པོས་དབང་ཆ་བཟུང་སྟེ་དུས་རབས་གཅིག་ལྷག་ཕྱིན་རྗེས། ༢༠༠༨ ལོར་དམངས་གཙོའི་འོས་བསྡུ་ཐོག་མ་དེ་བྱས་ཡོད་ཅིང་། ༢༠༡༣ ལོའི་ཕྱི་ཟླ་ ༦ ནང་རྒྱལ་ཡོངས་གྲོས་ཚོགས་འོས་བསྡུ་ཐེངས་གཉིས་པ་བྱ་རྒྱུ་ཡིན་འདུག མི་འབོར་ ༧༠༠,༠༠༠ ཡོད་པའི་འབྲུག་མི་མང་གི་བརྒྱ་ཆ་ ༧༥ ནང་པ་དང་། བརྒྱ་ཆ་ ༢༢ ཧིན་རྡུ། ཡི་ཤུ་བརྒྱ་ཆ་ ༢ མ་ཟིན་ཙམ་ཞིག་ཡོད་འདུག
གསར་འགོད་པ། བནྡེ་སྐྱབས།
འོས་ཤོགས་འེམས་སྒྲུག་ཡག་པོ་ཡོང་བའི་སྨོན་ལམ་ཡོད། བཀེ་ཤིས་བདེ་ལེགས།
འདི་ནི་ནང་པའི་རྒྱལ་ཁབ་གཞན་དག་གིས་ཀྱང་མིག་དཔེར་འོས་པའི་གསར་གཏོད་བཟང་པོ་ཞིག་རེད།
ཡིན་ནའང་རྨོངས་དད་ཀྱི་འདམ་རྫབ་ཁྲོད་འགྲེ་ལྡོག་རྒྱག་བཞིན་པ་དག་གིས་འདིའི་རིན་ཐང་རྟོགས་ཐབས་མེད་པ་རེད།།
འབྲུག་དང་བལ་ཡུལ་གཉིས་རྒྱལ་ཁབ་རང་བཙན་ཡིན་དུས་ས། དུས་ནམ་ཡང་ཡར་རྒྱས་འགྲོ་མི་སྲིད་པ་དེ། ངས་བརྒྱ་ཆ་བརྒྱ་ཐམ་པ་ཚིག་ཐག་བཅད་ནས་བཤད་ཐུབ་པ་འདུག་པས། བོད་པས་ཀྱང་མ་འོངས་ཕུག་རྒྱང་རིང་པོར་དཔལ་འབྱོར་ཡར་གཏོང་སྟངས་ལ་བསམ་གཞིག་ཚད་མཐོ་ཤོས་དེ། དསུ་ད་ལྟ་ནས་བོད་མི་རང་རང་གི་བློ་ངོར་ཆུད་ཐུབ་གལ་མི་ཆེའམ། སོམས་ཤིག་ཀྱེེ། །
འདི་ནི་རྒྱལ་ཁབ་སྐྱོང་སྟངས་ཤིག་ལོས་ཡིན་བསམ་བསམ་ཞིག་འདུག ཡར་རྒྱས་ཀྱི་གོམ་ཁ་མྱུར་དུ་ཡོད་ཀྱི་རེད