མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥེ་ལེ་པིན་གྱིས་མོ་རོ་ཁ་ཆེ་གྲངས་ཉུང་མི་རིགས་ལ་རང་སྐྱོང་སྤྲད་འདུག

བོད་ཀྱི་དུས་བབ།
༢༠༡༢/༡༠/༡༨
Share on FacebookShare on TwitterShare on EmailShare on Whatsapp

གཟའ་ཟླ་བའི་ཉིན་ཧྥེ་ལེ་པིན་གཞུང་དང་ཁ་ཆེ་ཤོག་ཁག་པར་ཞི་འགྲིག་གྲོས་མཐུན་ཐོག་ཁ་ཆེ་གྲངས་ཉུང་མི་རིགས་ལ་རང་སྲིད་རང་སྐྱོང་གི་བདག་དབང་སྤྲད་དེ། འདས་པའི་ལོ་ ༤༠ ལྷག་རིང་གི་འཁྲུག་རྩོད་མཇུག་སྒྲིལ་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཧྥེ་ལེ་པིན་གྱི་རྒྱལ་ས་མཱ་ནེ་ལཱའི་མཱ་ལཱ་ཁཱ་ནིང་(Malacanang Presidential Palace)ཞེས་པའི་སྲིད་འཛིན་ཕོ་བྲང་ནང་། ཧྥེ་ལེ་པིན་གྱི་སྲིད་འཛིན་དང་མོ་རོ་ཁ་ཆེ་བཅིང་གྲོལ་གདོང་མཆོང་ཤོག་ཁག་(Moro Islamic Liberation Front) གི་ཚོགས་གཙོ་གཉིས་ཆེད་བཅར་ཐོག བར་འདུམ་གཟི་དཔང་པ་མཱ་ལཱ་ཤེ་ཡའི་སྲིད་བློན་རཱ་ཛཱ་ཀི་(Najib Razak) བྱས་ཏེ།  ཕྱོགས་གཉིས་ཀྱི་དཔོན་རིགས་དང་དྲག་ཆས་དམག་མི་ལྷན་འཛོམས་ཀྱི་མདུན་སར། ཧྥེ་ལེ་པིན་གཞུང་གི་གྲོས་མོལ་སྐུ་ཚབ་ལེའོ་ནེན་(Marvic Leonen) དང་ཁ་ཆེ་ཤོག་ཁག་གི་སྐུ་ཚབ་ཨེག་བྷལ་(Mohagher Iqbal) གཉིས་ཀྱིས། ཧྥེ་ལེ་པིན་གཞུང་དང་ཁ་ཆེ་ཤོག་ཁག་བར་གྱི་ཞི་འགྲིག་གྲོས་མཐུན་སྟེང་མཚན་རྟགས་བཀོད་ཡོད་འདུག

སྐུ་ཚབ་གཉིས་ཀྱིས་མཚན་རྟགས་བཀོད་པའི་གྲོས་མཐུན་ཆིངས་ཡིག་ཤོག་གྲངས་ ༡༣ ཅན་གྱི་ནང་། རང་སྐྱོང་ས་ཁུལ་དེར་བྷང་སཱ་མོ་རོ་(Bangsamoro) ཞེས་པའི་མིང་ཐོག་ནས་ནང་ཁུལ་གྱི་ཆབ་སྲིད་དང་དཔྱ་ཁྲལ། ས་ཁོངས་བདག་དབང་ཆ་ཚང་རང་སྐྱོང་ཁུལ་སྲིད་གཞུང་ལ་ཡོད་པ།རང་སྐྱོང་ས་ཁུལ་དེར་ཡོད་པའི་ཧྥེ་ལེ་པིན་གཞུང་གི་དམག་དཔུང་རིམ་བཞིན་ཕྱིར་འཐེན་ཐོག དེ་སྔའི་ཁ་ཆེ་ཤོག་ཁག་གི་འཇབ་དམག་རྣམས་ཀྱིས་རང་སྐྱོང་ས་ཁུལ་གྱི་བདེ་སྲུང་གི་འགན་འཁུར་རྒྱུ།  ཁ་ཆེ་ཤོག་ཁག་གི་འཇབ་དམག་ཁྲི་གཅིག་ལྷག་ཡོད་པ་རྣམས་ཕྱིར་བསྡུ་བྱ་རྒྱུ། འཐུས་མི་ ༡༥ ལས་གྲུབ་པའི་དམིགས་བསལ་ཚོགས་ཆུང་ཞིག་གསར་འཛུགས་ཀྱིས་ཁ་ཆེ་རང་སྐྱོང་སྲིད་གཞུང་གི་ཁྲིམས་སྒྲིག་ཟིན་བྲིས་གཏན་འབེབ་བྱ་རྒྱུ། ས་གནས་རང་སྐྱོང་སྲིད་གཞུང་བཙུགས་རྗེས་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་དགོས་མཁོ་དང་མངོན་འདོད་ལྟར་འཛིན་སྐྱོང་བྱ་རྒྱུ། ཕྱི་འབྲེལ་སྲིད་ཇུས་དང་དཔལ་འབྱོར་སྲིད་ཇུས།རྒྱལ་སྲུང་བདེ་འཇགས་བཅས་ཧྥེ་ལེ་པིན་གཞུང་གི་སྟངས་འཛིན་འོག་གནས་རྒྱུ་སོགས་གསལ་ཡོད་འདུག

གྲོས་མཐུན་ལ་མཚན་རྟགས་བཀོད་རྗེས་མཱ་ལཱ་ཤེ་ཡའི་སྲིད་བློན་རཱ་ཛཱ་ཀི་ཡིས་ཧྥེ་ལེ་པིན་གཞུང་དང་ཁ་ཆེ་ཤོག་ཁག་པར་ཞི་འགྲིག་གྲོས་མཐུན་བྱུང་ཐུབ་པ་དེས་ལོ་བཅུ་ཕྲག་འགའི་རིང་གི་དམར་གསོད་ཁྲག་སྦྱོར་གྱི་འཁྲུག་རྩོད་མཇུག་སྒྲིལ་ཡོད་པ་དང་། ཁ་ཆེ་གྲངས་ཉུང་མི་རིགས་ཚོར་སོ་སོའི་ཐོབ་ཐང་ལ་སྲུང་སྐྱོབ་ཀྱི་དབང་ཆ་རག་ཡོད་པ་མ་ཟད། ཧྥེ་ལེ་པིན་གཞུང་ལའང་སོ་སོའི་རྒྱལ་ཁོངས་ཁ་བྲལ་འགྲོ་མ་དགོས་པ་བཅས་ཀྱི་ཁེ་དབང་ཡོད་པ་བརྗོད་ཡོད་ལ།ཡང་ཁོང་གིས་གྲོས་མཐུན་ཆིངས་ཡིག་གིས་དཀའ་ངལ་ཚང་མ་སེལ་ཡོད་པ་ཞིག་མིན་པར། ཞི་བདེ་ལྷིང་འཇགས་ཡོང་རྒྱུར་རྨང་གཞི་འདིའི་སྟེང་ནས་ཕྱོགས་གཉིས་ཀྱིས་མུ་མཐུད་ཤུགས་གནོན་རྒྱག་དགོས་སྐོར་བརྗོད་འདུག

གཞན་ཧྥེ་ལེ་པིན་གྱི་སྲིད་འཛིན་ཨ་ཁུའེ་ནོ་(Benigno Aquino III) ཡིས་ད་དུང་བྱ་དགོས་པ་མང་པོ་ཞིག་ལྷག་ཡོད་པ་དང་། དཀའ་ངལ་དངོས་ནི་ལས་དོན་ལག་བསྟར་ཁྲོད་ཡོད་ཚུལ་དང་། ཁོང་གི་སྲིད་གཞུང་ལ་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་གནད་དོན་དེ་སེལ་རྒྱུའི་ལངས་ཕྱོགས་བརྟན་པོ་ཡོད་སྐོར་བརྗོད་འདུག་ལ། ཕྱི་ཚེས་ ༧ ཉིན་ཁོང་གིས་ཕྱོགས་གཉིས་བར་ཞི་འགྲིག་ཡོང་ཐུབ་ཡོད་པའི་གསལ་བསྒྲགས་ཀྱང་སྤེལ་ཡོད་པ་རེད། གཞན་སྐུ་ཚབ་ལེའོ་ནེན་གྱིས་ཀྱང་ཟླ་རྗེས་མ་ནས་ཞི་འགྲིག་ལས་དོན་མགོ་འཛུགས་བྱ་རྒྱུ་དང་། ཕྱོགས་གཉིས་ཀྱིས་ས་གནས་རང་སྐྱོང་བཅའ་ཁྲིམས་ཟིན་བྲིས་ལོ་འདིའི་ནང་ཚར་རྒྱུའི་དམིགས་ཡུལ་ཡོད་སྐོར་བརྗོད་འདུག

མོ་རོ་ཁ་ཆེ་བཅིང་གྲོལ་གདོང་མཆོང་ཤོག་ཁག་གི་ཚོགས་གཙོ་ཨེ་བྷི་རཱ་ཧེམ (Al Haj Murad Ebrahim) གྱིས། འདས་པའི་ལོ་ ༡༦ ཙམ་གྱི་རིང་གི་དཀའ་ཚགས་ཆེ་བའི་ཞི་འགྲིག་གྲོས་མོལ་བརྒྱུད་ནས།ད་གཟོད་ཁོ་ཚོའི་དྲག་ཆས་འཇབ་དམག་ལ་རང་དབང་དང་། ཁོ་ཚོ་ཁ་ཆེ་གྲངས་ཉུང་མི་རིགས་ལ་སོ་སོའི་མི་རིགས་དང་ས་ཁོངས་བདག་དབང་། སོ་སོའི་ངོ་བོ་སྲུང་སྐྱོབ་ཀྱི་དབང་ཚད་རག་ཡོད་པ་མ་ཟད། གྲངས་ཉུང་མི་རིགས་འདིའི་མ་འོངས་པ་སོ་སོ་རང་གི་ལག་ཏུ་ཡོད་སྐོར་བརྗོད་འདུག

དེ་བཞིན། ཁ་ཆེ་ཤོག་ཁག་གི་འཇབ་དམག་སྤྱི་ཁྱབ་དམག་དཔོན་གཞོན་པ་ཌ་ཝའོ་(Sonny Davao) ཡིས། ད་ཆར་འཇབ་དམག་གི་དམག་དཔོན་རྣམས་ཀྱིས་དྲག་མཚོན་བཞག་སྟེ་ས་གནས་རང་སྐྱོང་གཞུང་གསར་འཛུགས་བྱ་རྒྱུར་མཉམ་ཞུགས་ཀྱིས་ལས་དོན་བསྒྲུབ་རྒྱུར་གྲ་སྒྲིག་ཡོད་སྐོར་བརྗོད་འདུག

མོ་རོ་ཁ་ཆེ་བཅིང་གྲོལ་གདོང་མཆོང་ཤོག་ཁག་གམ་འཇབ་དམག་སྒྲིག་འཛུགས་ནི། ༡༩༦༠ ནང་ཧྥེ་ལེ་པིན་གྱི་ལྷོ་ཕྱོགས་མེན་ཌ་ནཱའོ་(Mindanao) ས་ཁུལ་གྱི་ཁ་ཆེ་བ་ཚོས་ས་གནས་རང་སྐྱོང་རྩོད་ལེན་བྱས་སྐབས། ཧྥེ་ལེ་པིན་གཞུང་གིས་དྲག་གནོན་གྱིས་ཇ་བྷེ་ཌ་དམར་གསོད་ཆེན་མོ་(Jabdah massacre) བྱུང་རྗེས་གསར་འཛུགས་བྱས་པ་ཞིག་ཡིན་ལ།  ས་གནས་དེའི་ཁ་ཆེ་བ་ཚོས་ཁོང་ཚོའི་རིག་གཞུང་དང་ངོ་བོ་སོགས་ཧྥེ་ལེ་པིན་དང་ཐ་དད་ཡིན་པ་མ་ཟད། ལོ་རྒྱུས་ཐོག་ཁོ་ཚོ་རང་དབང་གི་རྒྱལ་ཁབ་ཅིག་ཡིན་པ་རྩོད་ཀྱིན་ཡོད་པ་དང་། འདས་པའི་འཐབ་རྩོད་ཁྲོད་ཁོ་ཚོས་ཁ་ཆེ་དྲག་སྤྱོད་ཤོག་ཁག་གཞན་དག་དང་མཉམ་འབྲེལ་ཀྱང་བྱས་ཡོད་འདུག འདས་པའི་ལོ་ ༤༠ ལྷག་གི་འཁྲུག་རྩོད་ཁྲོད་མི་ ༡༥༠༠༠༠ ཙམ་རྐྱེན་ལམ་དུ་ཤོར་ཡོད་འདུག

གསར་འགོད་པ། བནྡེ་སྐྱབས།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

ཁྱེད་བཞུད་ཤུལ་ན།

ཆུ་ཚོད་ ༨ སྔོན་ལ།
དྷ་ས་འཛིན་སྐྱོང་སྦྱོང་བརྡར་ཁང་དུ་རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་བཞིན་པ། ༢༠༢༦།༧།༣ དུས་བབ་གསར་ཁང་གི་པར།
Mobile App

རྒྱལ་སྤྱིའི་བོད་ཀྱི་གཞོན་སྐྱེས་ཚོགས་ཆེན་ཐེངས་བཞི་པ་དབུ་འཛུགས་གནང་།

༢༠༢༦/༠༧/༠༣
བློ་བཟང་དཔལ་ལྡན་གྱིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་།  པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས། ༢༠༢༦།༧།༣
Mobile App

རང་བཙན་བློ་དགའ་ཡིས་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་ལུས་མེ་བསྲེགས་གནང་། 

༢༠༢༦/༠༧/༠༣
(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

༢༠༢༦/༠༧/༠༢
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

༢༠༢༦/༠༧/༠༢
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡

མཆན། 3

  1. Ngawang Norbu says:
    ལོ་ 14 སྔོན།

    ༄༅། །རྒྱ་དམར་གུང་བྲན་ཏང་གི་མགོ་འཕྲིད་ཚོས་ཕི་ལི་པིན་དཔོན་རིགས་རྣམས་ནས་སློབ་སྦྱོང་ལེན་དགོས་པ་དང་མིག་དཔེ་ལེན་ཏེ་རྒྱ་བོད་གཉིས་ཀྱི་དཀའ་རྙོག་ཀྱང་དེ་བཞིན་སེལ་ན་ཅི་མི་དྲག །

    Reply
  2. རས་པ། says:
    ལོ་ 14 སྔོན།

    ས་གནས་རང་སྐྱོང་སྲིད་གཞུང་བཙུགས་རྗེས་ཁ་ཆེ་གྲངས་ཉུང་མི་རིགས་ཀྱི་དགོས་མཁོ་དང་མངོན་འདོད་ལྟར་འཛིན་སྐྱོང་བྱ་རྒྱུ། ཕྱི་འབྲེལ་སྲིད་ཇུས་དང་དཔལ་འབྱོར་སྲིད་ཇུས།རྒྱལ་སྲུང་བདེ་འཇགས་བཅས་ཧྥེ་ལེ་པིན་གཞུང་གི་སྟངས་འཛིན་འོག་གནས་རྒྱུ་སོགས་གསལ་ཡོད་འདུག འདི་དག་དེ་སྔའི་དབུ་མའི་ལམ་གྱི་རྒྱ་བོད་དབར་གྱི་དབུ་མའི་སྐད་ཆ་དང་འདྲ་བོ་མི་འདུག་གམ

    Reply
  3. རོ་ལངས། says:
    ལོ་ 14 སྔོན།

    གངས་ཅན་པའི་ལས་དབང་ཡང་འདི་ལྟར་རང་ལག་ཏུ་ཡོང་བར་སྨོན།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese